མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་དུ་གཟིགས་སྐོར་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་ཟླ་འདིའི་ཕྱི་ཚེས་ ༢༢ ནས་ཉིན་གྲངས་གཉིས་རིང་འཚོག་རྒྱུ་ཡིན་པ་ལྟར་སྲིད་སྐྱོང་མཆོག་ཨ་རིའི་ནང་ཕེབས་ཏེ་ཞོར་དུ་མི་ནི་སོ་ཌ་དང་ཝར་མོན་ཌི་སོགས་སུ་གཟིགས་སྐོར་གནང་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ཕྱི་ཟླ་ ༧ ཚེས་ ༣ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ནང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་མངའ་སྡེ་མི་ནི་སོ་ཌའི་གནམ་ཐང་དུ་ཕེབས་འབྱོར་གནང་སྟེ། མི་ནི་སོ་ཌའི་གྲོང་ཁྱེར་ (St. Paul) དུ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་རྙིང་པར་བོད་རིགས་གཞོན་སྐྱེས་ ༥༠ ཙམ་ལ་ཟུར་དུ་མཇལ་འཕྲད་ཀྱིས། ཨ་རིར་བོད་རིགས་ཐོག་མར་བསླེབས་སྟངས་སྐོར་དང་། ༧གོང་ས་མཆོག་བོད་དང་བོད་མི་རིགས་ཀྱི་ཆེད་དུ་བཀའ་དྲིན་ཆེན་པོ་ཡིན་པ། ད་ཆ་ང་ཚོ་མི་མང་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་དཀའ་ལས་བརྒྱག་དགོས་པ་དང་། ལྷག་པར་དུ་གཞོན་སྐྱེས་རྣམས་ནས་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་དགོས་གལ་དང་། ཕྱི་དྲིལ་ལས་ཁུངས་དང་སྐུ་ཚབ་དོན་ཁང་གི་ལས་དོན་སྐོར། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གསར་འཛུགས་གནང་བ་དང་ལས་དོན་འགྲོ་མུས་ཡིན་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་སྲིད་སྤྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་གྲོང་ཁྱེར་སན་ཧྥ་རན་སི་ཁོ་(San Francisco)རུ་ཕེབས་འབྱོར་གནང་སྟེ། གནམ་ཐང་དུ་བྱང་ཁ་ལེ་ཧྥོར་ནེ་ཡའི་ (California) བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་དང་། ཚེས་ ༡༨ ཉིན་ (JFK) ཚོགས་ཁང་ནང་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་༧གོང་ས་མཆོག་ནི་ང་ཚོ་དང་འཛམ་གླིང་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པས་ཚང་མས་ཡིད་འཇགས་དགོས་གལ་དང་། བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་སྐོར། དམངས་གཙོའི་ཀ་བ་གསུམ་གྱི་འགན་དབང་ཆ་བགོས་ཀྱིས་ལྗིད་སྙོམས་སྟངས་འཛིན་མིང་དོན་མཚུངས་པ་ཞིག་ཡོང་རྒྱུ་ནི་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་འདུག

ད་དུང་སྲིད་སྐྱོང་མཆོག་གིས། རང་རིགས་ཆོལ་གསུམ་མི་མང་ནང་ཁུལ་འཆམ་མཐུན་བྱ་རྒྱུ་ནི་གལ་ཆེན་ཡིན་སྐོར་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གསར་འཛུགས་གནང་བ་དང་ལས་དོན་འགྲོ་མུས་སྐོར། སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་གཞི་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དང་། རིང་མིན་མི་འབོར་གྲངས་བཤེར་བྱ་རྒྱུ། མང་ཚོགས་ནས་བོད་ཀྱི་ལོ་རྒྱུས་ཤེས་དགོས་རྒྱུ་གལ་ཆེན་ཡིན་ལུགས་སྐོར་སོགས་གསུངས་ཡོད་འདུག

ཡང་ཉིན་དེའི་ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་སན་ཧྥ་རན་སི་ཁོ་(San Francisco) ལ་རྟེན་གཞི་བྱས་ཡོད་པའི་ཨེ་ཝཾ་ཆོས་ལྡན་ཆོས་ཚོགས་དང་། སེར་བྱེས་དགེ་རྩ་ཚོགས་པ། རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་། བཀའ་བརྒྱུད་འགྲོ་དོན་ཀུན་ཁྱབ་ཆོས་ཚོགས། གནས་ཆུང་ཆོས་ཚོགས། རྒྱུད་སྟོད་དགེ་རྩ་ཚོགས་པ། རྙིང་མ་ཆོས་ཚོགས། ཇོ་ནང་བཅས་ཀྱི་མགོ་འཛིན་དང་སྐུ་ཚབ་ལྷན་དུ་ཚོགས་མོལ་གནང་ཞིང་། བཙན་བྱོལ་ནང་ཡོད་པའི་དགོན་སྡེ་ཁང་གི་གནས་སྟངས་སྐོར་སྙིང་བསྡུས་ཤིག་འགྲེལ་བརྗོད་གནང་བ་དང་། རང་རེའི་སྤྱི་ཚོགས་རང་ཁ་རང་གསོ་ཡོང་རྒྱུ་གལ་ཆེན་ཡིན་སྐོར། ཆོས་ཚོགས་ཁང་ནས་རྒྱ་གར་དུ་རྒས་གསོ་ཁང་ལྟ་བུར་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུའི་རེ་སྐུལ་གནང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་ཀྱང་མཐུན་འགྱུར་རམ་འདེགས་གང་ཐུབ་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་རྒྱུ་ཡིན་པ་ལྟར། སྲིད་སྐྱོང་མཆོག་ཚོགས་ཆེན་ཐོག་ཕེབས་རྒྱུ་ཡིན་ལ། ཞོར་དུ་གྲོང་ཁྱེར་སན་ཧྥ་རན་སི་ཁོ་དང་མི་ནི་སོ་ཊ། ཝར་མོན་ཌི་(Vermont)། བྷོ་སི་ཊོན་(Boston)བཅས་སུ་ཕེབས་ཀྱི་ཡོད་པ་དང་། ས་གནས་དེ་དག་གི་བོད་རིགས་རྣམས་ལ་ཐུག་འཕྲད་དང་ས་གནས་ཆོས་ཚོགས་ཁག་གི་སྐུ་ཚབ་རྣམ་པར་མཇལ་མོལ་སོགས་གནང་ཡོད་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese