མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨབ་གྷན་ནང་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༩༠༠ ལྷག་རྐྱེན་འདས་ཕྱིན།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་མཚན་གུང་ཙམ་ལ་ཨབ་གྷ་ནི་སི་ཐན་གྱི་ལྷོ་ཤར་ཁུལ་དུ་ས་ཡོམ་ཤུགས་ཆེན་བརྒྱབ་སྟེ་ཉུང་མཐར་མི་གྲངས་  ༩༢༠ ལྷག་རྐྱེན་འདས་དང་མི་ ༦༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

Afghans look at destruction caused by an earthquake in the province of Paktika, eastern Afghanistan [Bakhtar News Agency via AP]

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། མདང་དགོང་ཨབ་གྷ་ནི་སི་ཐན་གྱི་གྲོང་ཁྱེར་ (Khost) ཡི་ལྷོ་ཤར་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༡ བརྒྱབ་སྟེ། གྲོང་ཁྱེར་དེའི་རྫོང་ཁག་ (Barmala) དང་ (Ziruk)། (Naka)། (Gayan) བཅས་ཀྱི་ནང་གནོད་འཚེ་ཚབས་ཆེ་ཤོས་ཐེབས་ཡོད་པ་མ་ཟད། ད་ལྟའི་བར་དུ་ཉུང་མཐར་མི་གྲངས་ ༩༢༠ ལྷག་རྐྱེན་འདས་དང་། མི་གྲངས་ ༦༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཨབ་གྷ་ནི་སི་ཐན་གཞུང་གི་མགྲིན་ཚབ་པ་ (Bilal Karimi) ཡི་སྒེར་གྱི་ཊུ་ཝི་ཊར་སྟེང་། ཁ་སང་ཨབ་གྷན་གྱི་མངའ་སྡེ་ (Paktika) ཡི་རྫོང་བཞིའི་ནང་ས་ཡོམ་ཚབས་ཆེན་བརྒྱབ་སྟེ་ཡུལ་མི་མང་པོ་རྐྱེན་འདས་དང་། རྨས་སྐྱོན་ཕོག་ཡོད་ཅིང་། ཁང་པ་མང་པོ་གཏོར་བཤིག་བཏང་ཡོད་འདུག དེར་བརྟེན་རྐྱེན་ངན་བྱུང་བའི་ཁུལ་དུ་མྱུར་སྐྱོབ་ཚན་པ་རྣམས་གང་མགྱོགས་བསླེབས་ནས་མཐུན་འགྱུར་རོགས་རམ་གནང་དགོས་སྐོར་བརྗོད་ཡོད་འདུག

ད་དུང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་བསྒྲགས་གཏམ་སྤེལ་བའི་ནང་། པ་ཀི་སི་ཐན་གཞུང་གིས་ཨབ་གྷན་གྱི་མི་མང་ལ་རོགས་སྐྱོར་བྱེད་ཀྱི་ཡོད་ལ། དུས་ནམ་ཡང་ཨབ་གྷན་མི་རིགས་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། གཞུང་གི་མགྲིན་ཚབ་པས་གནོད་སྐྱོན་ཕོག་ཡུལ་དུ་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

ཨབ་གྷན་གཞུང་གིས་མྱུར་སྐྱོབ་ཚན་པ་མངག་གཏོང་བྱས་ཏེ། རྨས་སྐྱོན་ཕོག་པའི་ཡུལ་མི་དེ་དག་ཐད་འཕུར་གནམ་གྲུ་ནས་སྨན་ཁང་དུ་སྐྱེལ་བཞིན་ཡོད་པ་དང་། བོར་བརླག་ཏུ་ཕྱིན་པའི་མི་རྣམས་འཚོལ་བཞིན་ཡོད་འདུག ད་ལན་གྱི་ས་ཡོམ་དེའི་ཤུགས་རྐྱེན་ཡུལ་དེའི་རྒྱལ་ས་ཁཱ་བྷོལ་(Kabul) དང་པ་ཀི་སི་ཐན། རྒྱ་གར་གྱི་མཐའ་མཚམས་སོགས་སུའང་བསླེབས་ཡོད་ཀྱང་སྐྱོན་ཆག་ཆེན་པོ་བྱུང་མེད་འདུག

ཨབ་གྷ་ནི་སི་ཐན་ནི་ས་ཡོམ་འབྱུང་སླ་བའི་ས་ཁུལ་ཞིག་ཡིན་ཞིང་།  འདས་པའི་ལོ་ངོ་བཅུའི་ནང་ཨབ་གྷན་དུ་ས་ཡོམ་བརྒྱབ་སྟེ་ཡུལ་མི་ ༧༠༠༠ ལྷག་རྐྱེན་འདས་ཕྱིན་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ལོར་ཨབ་གྷན་སོགས་སུ་ཚད་རིམ་ ༧.༥ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས་ ༧༤ ལྷག་འདས་གྲོངས་སུ་ཕྱིན་པ་དང་། མི་གྲངས་ཁྲི་ ༧ ལྷག་ལ་རྨས་སྐྱོན་བཟོས་ཡོད་ཅིང་། དེ་ནི་ཉེ་བའི་དུས་སུ་བྱུང་བའི་ས་ཡོམ་གོད་ཆག་ཚབས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese