མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐབས་ཆབ་སྲིད་ཙམ་མ་ཟད་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་ཐད་ཐུགས་འཁུར་བཞེས་རྒྱུ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དབུ་འབྱེད་ཐོག་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཨ་རིའི་གཞུང་མང་གཉིས་ཀྱིས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བཞིན་པར་རྒྱལ་ཁབ་གཞན་གྱིས་དཔེ་བལྟས་ཏེ་བོད་དོན་ཐོག་སྔར་བས་རྒྱབ་སྐྱོར་ཤུགས་ཆེར་གནང་རྒྱུའི་རེ་སྐུལ་ཞུས་སོང་།

group photo of 8th WCT

ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ཡི་གྲོས་ཚོགས་གོང་མའི་ཚོགས་ཁང་ཞིག་ཏུ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྙན་ལམ་བརྒྱུད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐབས་ཆབ་སྲིད་ཙམ་དུ་མ་ཟད། བོད་ཀྱི་འཚེ་མེད་ཞི་བ་དང་བྱམས་བརྩེའི་རིག་གཞུང་མི་ཉམས་གོང་འཕེལ་ཐད་ཐུགས་འཁུར་བླང་དགོས་པའི་གསུང་འཕྲིན་སྩལ་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚོགས་ཆེན་ལ་མཉམ་ཞུགས་བྱེད་མཁན་ཀུན་ལ་ཐུགས་རྗེ་ཆེ་གསུངས་པ་དང་འབྲེལ། དེ་རིང་རྒྱལ་སྤྱིའི་ཚོགས་འདུ་འཚོགས་པའི་སྐབས་གཙོ་བོ་བོད་ཀྱི་ཆབ་སྲིད་དཀའ་ངལ་རེད་ལ། གཙོ་བོ་བོད་ཀྱི་རིག་གཞུང་འདི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུར་ཐུགས་འཁུར་ཤུགས་ཆེ་བཞེས་ཐུབ་ན། འདི་ང་ཚོས་ཆབ་སྲིད་ཀྱི་ཐོག་ནས་རང་བཙན་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པ་མ་རེད། སྔོན་མ་ལོ་ཁ་ཤས་གོང་ནས་ངས་གསལ་པོ་ལབ་པ་ཡིན། ང་ཚོས་རང་བཙན་རྩོད་ཀྱི་མེད། བོད་ཀྱི་རིག་གཞུང་དང་སྐད་ཡིག་དེ་སྲུང་སྐྱོབ་བྱེད་རྒྱུ་འདི་ཞེ་པོ་ཞིག་གལ་ཆེན་པོ་འདུག་ཅེས་ངོས་ཀྱིས་བཤད་སྡོད་ཀྱི་ཡོད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་དང་འགལ་ཟླ་འགྲོ་རྒྱུ་མི་འདུག དངོས་ཡོད་གནས་ཚུལ་ལ་དེ་རིང་ཁ་སང་རྒྱ་ནག་ནང་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ག དེ་འདྲའི་གནས་སྟངས་འོག་ནས་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡག་པོ་ཞིག་བྱུང་ཐུབ་ན་བོད་མི་རིགས་ཙམ་མིན་པར་ཧོར་གྱི་སོག་རིགས་ཁག་དེ་དག་དང་། ཆེ་ས་ནས་རྒྱ་ནག་རང་ནང་ལ་ཆ་བཞག་ན་བོད་ཀྱི་རིག་གཞུང་སེམས་པ་བཟང་པོ་དང་ཡ་རབས་བྱེད་རྒྱུའི་རིག་གཞུང་འདི་རྒྱ་ནག་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ནང་དངོས་གནས་དྲང་གནས་ཀྱིས་ཕན་ཐོགས་ཡོང་ཐུབ་པ་ཞིག་ཆགས་འདུག འདི་ཆོས་དང་འབྲེལ་ནས་ཆོས་པ་དང་ནང་པ་བྱེད་དགོས་ཞེས་ཟེར་གྱི་ཡོད་པ་མ་རེད། སོ་སོར་ཆོས་དད་ཡོད་ན་རེད་མེད་ནའང་རེད། མི་བཟང་པོ་ཞིག་བྱེད་རྒྱུ་འདི་སྐྱེས་ཙམ་ཉིད་ནས་ཨ་མས་བྱམས་པོ་བྱེད་བསྡད་པའི་བྱམས་བརྩེའི་རྣམ་འགྱུར་ཞིག་ཡོད་པ་འདི་ཆོས་དང་འབྲེལ་མི་འདུག རང་བཞིན་ལྷན་སྐྱེས་ཀྱི་ཡོང་གི་ཡོད་པ་རེད། ཅེས་དང་། སེམས་པ་བཟང་པོ་བྱེད་རྒྱུའི་མིག་ལྟོས་དེ་བོད་པར་ཡག་པོ་ཞེ་དྲག་ཡོད་པ་འདི་རྒྱ་སྐྱེད་ཐུབ་ན། མི་མང་པོར་ཕན་ཐོགས་ཡོང་གི་རེད་དྲན་གྱི་ཡོད། ང་རང་ངོས་ནས་ཆ་བཞག་ནའང་ངོས་ཀྱིས་མཐའ་གཅིག་ཏུ་ཆོས་སྤེལ་རྒྱུ་དང་ནང་ཆོས་སྤེལ་རྒྱུ་ཟེར་གྱི་མེད། གང་ལྟར་སེམས་པ་བཟང་པོ་བྱེད་དགོས་པ་བཤད་ཀྱི་ཡོད། དེར་བརྟེན་དེ་རིང་གི་ཚོགས་འདུ་འདིའི་སྟེང་ལ་བོད་ཀྱི་རིག་གཞུང་གི་སྙིང་པོ་ནི་སེམས་པ་བཟང་པོ་བྱེད་རྒྱུའི་རིག་གཞུང་འདི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུའི་ཐོག་དགོངས་པ་བཞེས་ཏེ། དེང་དུས་ཀྱི་ཤེས་ཡོན་སྡེ་ཚན་ནང་ཆོས་དང་མ་འབྲེལ་བའི་ཡ་རབས་ཀྱི་སྤྱོད་པ་བསླབ་རྒྱུར་ཤུགས་རྒྱག་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམ་པ་དྲན་གྱི་འདུག ཅེས་བཀའ་སློབ་སྩལ་གནང་སོང་།

His Holiness the Dalai Lama video addressing the 8th WPCT. photo by TPiE

ཡང་༧གོང་ས་མཆོག་ནས། བོད་ཀྱི་དོན་དག་འདི་ཕྱོགས་གཅིག་ནས་བདེན་དོན་རེད། གཉིས་ནས་བོད་ཀྱི་དོན་དག་འདི་སེམས་ཁམས་རིག་པའི་སེམས་ཀྱི་ཞི་བདེ་དང་བྱམས་བརྩེའི་ཤེས་ཡོན་གཙོ་བོ་ཡིན་པ་ཆགས་ཡོད་དུས། འདི་ཆབ་སྲིད་གཅིག་པུའི་སྐད་ཆ་མ་རེད། གང་ལྟར་བོད་ཀྱི་རིག་གཞུང་། སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དང་ཡིད་ཆེས་གཅིག་པུ་མིན་པར་རྒྱུ་མཚན་ལ་བརྟེན་ནས་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་འདི་རྒྱ་གར་གྱི་མཁས་པའི་རིག་གཞུང་སྤུས་དག་ཤོས་ཤིག་དུས་རབས་བརྒྱད་པའི་ནང་། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་ཚུགས་ཡོད་རེད། དེ་རང་བཞིན་གྱིས་བོད་པ་ཆུང་ཆུང་ཞིག་ཡིན་ནའང་འབུ་མ་གསོད་ཟེར་རྒྱུ་ལྟ་བུ་སྙིང་རྗེའི་རྣམ་འགྱུར་ཆུང་ཆུང་སྒང་ནས་ཡོད་བསྡད་པའི་མི་རིགས་ཤིག་ཆགས་ཡོད། ཅེས་དང་། དེ་འདྲའི་མི་རིགས་ལ་བཟང་པོའི་གོམས་གཤིས་ཡོད་པ་འདི་བོད་མི་ཙམ་མ་ཡིན་པར། འཛམ་གླིང་སྟེང་རིམ་པས་བྱམས་བརྩེ་ཟེར་རྒྱུ་འདིར་དོ་སྣང་གསར་པ་བསླེབ་རྒྱུ་དང་། དེའི་ཐོག་བོད་མི་རིགས་ཀྱི་ཤེས་ཡོན་ཡོད་མཁན་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཞབས་འདེགས་སྒྲུབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་རེད་ལ། འབད་བརྩོན་བྱེད་ཀྱི་ཡིན་ན་ང་ཚོར་གོ་སྐབས་ཡག་པོ་ཡོད་པའི་བཟོ་འདྲ་བོ་འདུག འདི་ང་ཚོ་བོད་གཅིག་པུའི་དོན་དག་མ་རེད། འཛམ་གླིང་སྤྱི་ཡོངས་ཁོ་རང་ཞི་བདེ་ལ་དགའ་བ་བྱེད་མཁན་ཞིག་ནི་རེད། ཞི་བདེའི་རྩ་བ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཆགས་བསྡད་ཡོད་རེད། སེམས་པ་བཟང་པོ་བྱེད་རྒྱུ་ཞེས་པ་འདི་ང་རང་ཚོ་མངལ་སྐྱེས་ཀྱི་སེམས་ཅན་དུད་འགྲོ་ཚུན་ཆད་སྐྱེས་མ་ཐག་ལ་མའི་བྱམས་བརྩེས་འཚོ་བསྡད་པ་ཆགས་ཀྱི་ཡོད། དེར་བརྟེན་རང་བཞིན་ལྷན་སྐྱེས་ཀྱིས་སྲོག་ཆགས་དུད་འགྲོ་ཚུན་ཆད་བྱམས་བརྩེའི་མའི་ནུ་ཞོ་ཡིས་འཚོ་བསྡད་པ་ཞིག་ཆགས་ཡོད་ཅེས་གསུངས་སོང་།

Speaker Khenpo Sonam Tenphel. photo by TPiE

དེ་བཞིན་མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་རྣམ་གཉིས་ཀྱིས་ཚོགས་ཆེན་གོ་སྒྲིག་ཐད་རམ་འདེགས་ཤུགས་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ། རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་ལུགས་ཀྱི་ལྟེ་གནས་དང་ཁོར་ཡུག་རྣམས་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་སུ་བཀོལ་སྤྱོད་བྱེད་ཀྱི་ཡོད་ནའང་། ཕྱོགས་གཞན་ནས་བོད་མིའི་ཆོས་དད་ཉམས་ལེན་ལ་དོ་དམ་སྟངས་འཛིན་སྔར་ལྷག་བྱེད་མུས་ཡིན་པ་དང་། ལྷག་པར་དུ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་དམར་ཤོག་གི་མགོ་འཁྲིད་ཚོས་༧གོང་ས་མཆོག་གི་གཙོས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ལ་ཐེ་བྱུས་བྱེད་ཀྱི་ཡོད་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་དེ་དུས་རབས་མང་པོའི་རིང་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་ནའང་། བོད་རྒྱའི་དཀའ་རྙོག་སེལ་བའི་ཆེད་དུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་མགོ་འཁྲིད་ཚོས་ལོ་རྒྱུས་ཀྱི་འོས་འགན་དང་ཆབ་སྲིད་ཀྱི་གནད་འགག་ཤེས་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱ་དགོས་པའི་འབོད་སྐུལ་ཞུས་སོང་། ཡང་ཚོགས་གཙོ་མཆོག་ནས་ཨ་རིའི་གཞུང་མང་གཉིས་ཀྱིས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱལ་ཁབ་གཞན་གྱི་སྲིད་གཞུང་རྣམས་ཀྱིས་ཨ་རིར་དཔེ་བླངས་ཏེ་བོད་དོན་ཐོག་སྔར་བས་རྒྱབ་སྐྱོར་ཤུགས་ཆེར་གནང་རྒྱུའི་རེ་སྐུལ་ཞུས་སོང་།

Speaker Nancy pelosi photo by TPiE

ད་ཐེངས་ཀྱི་རྒྱལ་སྤྱིིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས། ལོ་ངོ་ ༣༥ གོང་ལ་ལྕམ་སྐུ་ཁོང་ཉིད་ཨ་རིའི་གྲོས་ཚོགས་འཐུས་མིར་ཐོག་མར་བདམས་ཐོན་བྱུང་བའི་སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་གོ་སྐབས་བྱུང་ཞིང་། མཇལ་འཕྲད་དེ་ནི་ཆེས་དགའ་སྤོབས་འོས་པ་ཞིག་ཡིན་པས་ཡིད་ཆེས་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་། སྐབས་དེར་༧གོང་ས་མཆོག་ནས་རང་སྐྱོང་སྐོར་དང་། རང་བྱུང་ཁོར་ཡུག་ལ་བརྩི་བཀུར་བྱེད་དགོས་ཚུལ་སོགས་གསུངས་ཡོད་པ་དང་། ལྕམ་སྐུ་རང་ཉིད་ནས་འདས་པའི་ལོ་ངོ་དེ་དག་གི་རིང་བོད་དོན་ཐོག་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ནི་དགའ་སྤོབས་ལྡན་པའི་གནད་དོན་ཞིག་ལ་རྩི་བཞིན་ཡོད་སྐོར་གསུངས་སོང་ལ། ཁོང་མོ་རང་ཉིད་ཐེངས་ཤིག་བོད་ཀྱི་རྒྱལ་ས་ལྷ་སར་འཚམས་གཟིགས་སུ་ཕེབས་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་བོད་ནང་གི་བོད་མིིིའི་གནས་སྟངས་ལ་འགྲེལ་བརྗོད་ལོག་པ་བརྒྱབ་པའི་སྐོར་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བཟང་སྤྱོད་ཀྱི་ཐད་ནས་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱིས་བོད་མིའི་རྒྱབ་ལ་ལངས་རྒྱུའི་འོས་འགན་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཚོགས་ཆེན་འདི་ལྟ་བུ་ནི། འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་བསྐོངས་ཏེ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་ཐད་ཤུགས་བརྒྱབ་རྒྱུར་གལ་འགངས་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

Richard Gere photo by TPiE

གཞན་ཡང་། མཛད་སྒོའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་འཛམ་གླིང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆར་ཌི་གྷེར་ (Richard Gere) ལགས་ཀྱིས་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་འདས་པའི་ལོ་ངོ་དུ་མའི་རིང་བོད་དོན་ཆེད་སྐུ་ལས་ཚད་མེད་བསྐྱོན་པར་བསྔགས་བརྗོད་གནང་བ་དང་འབྲེལ། ང་ཚོས་ཕན་ཚུན་ལ་སློབ་སྦྱོང་དང་མཉམ་ལས་བརྒྱུད་ནས་ལེགས་གྲུབ་བྱུང་ཐུབ་ཀྱི་ཡོད་སྐོར་དང་། གནས་སྐབས་འགར་གནད་དོན་གཞན་ལ་དོ་སྣང་ཆེ་བ་ཡོད་ནའང་། སྤྱིའི་ཆ་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་སྔར་བས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་ནང་གི་སྐྱབས་བཅོལ་བའི་གནད་དོན་ཕལ་མོ་ཆེ་ཐོག་མའི་དུས་སྐབས་སུ་ནུས་པ་ཆེན་པོ་ཡོད་ཀྱང་རིམ་པས་ཉམས་དམས་སུ་ཕྱིན་ཡོད་ནའང་། བོད་ཀྱི་གནད་དོན་དེ་མུ་མཐུད་ནས་གནས་ཐུབ་ཡོད་སྐོར། འཚེ་མེད་ཞི་བས་ནུས་པ་ཐོན་གྱི་ཡོད་པ་དང་། དེར་དུས་ཡུན་རིང་པོ་འགོར་གྱི་ཡོད་ནའང་། མཐའ་མཇུག་དེར་ལེགས་གྲུབ་བྱུང་ངེས་ཡིན་སྐོར་སོགས་གསུངས་སོང་།

Sikyong Penpa Tsering Photo:Tibet TV online Screenshot

ལས་ཉིན་དང་པོའི་ཉིན་རྒྱབ་ཚོགས་ཐུན་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཚོགས་ཆེན་གྱི་ལས་རིམ་ཆ་བགོས་སྐོར་ནས་ངོ་སྤྲོད་དང་སྦྲགས། ཚོགས་ཆེན་འདི་བརྒྱུད་ནས་འཛམ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་མཉམ་གཅིག་ཏུ་འཛོམས་ཏེ་བོད་རྒྱའི་དཀའ་རྙོག་ཐད་ཞབས་འདེགས་ཇི་ལྟར་ཞུ་མིན་གོ་བསྡུར་བྱེད་ཐུབ་པ་དང་། ཚོགས་ཆེན་གྱི་ཚོགས་ཐུན་སྔ་མའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རང་རང་གི་རྒྱལ་ཁབ་ནང་བོད་དོན་ཕྱག་ལས་གནང་ཕྱོགས་ཅི་ཡོད་ཐད་བསམ་ཚུལ་གསུངས་པ་དེར་ཐུགས་རྗེ་ཆེ་ཞུས་སོང་ལ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱ་དགོས་སྐོར་བཤད་སྐབས། ༧གོང་ས་མཆོག་ནས་གང་ཉིད་ལོ་རྒྱུས་སྨྲ་བ་ཞིག་མིན་པ་དང་། ལོ་རྒྱུས་ནི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ལག་ཏུ་འཇོག་དགོས་པ་ལས། ད་ལྟ་མ་འོངས་པའི་ཕྱོགས་ལ་དགོངས་པ་བཞེས་དགོས་སྐོར་གསུངས་པ་ལྟར། ད་ལྟའི་ཆར་འཛམ་གླིང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་སྒྲུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་། ཡང་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་སྐུལ་འདེད་བྱས་པ་ལྟར་འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཞེས་མ་ཎི་བགྲངས་བ་ལྟར་བཤད་ཀྱི་ཡོད་ཅིང་། དེ་ནི་དོན་དུ་རྒྱ་ནག་ལ་ཁྱེད་ཚོས་བོད་ནང་ག་རེ་བྱས་ཀྱང་ཆོག ང་ཚོར་དེའི་ཐོག་འབྲེལ་བ་གང་ཡང་མེད་ཅེས་བརྗོད་པ་དང་གཅིག་མཚུངས་ཡིན་པ་མ་ཟད། རྒྱ་ནག་གིས་ཀྱང་དུས་རྒྱུན་དུ་བོད་དོན་དེ་ནང་སྲིད་ཅིག་ཡིན་ཡང་༧གོང་ས་མཆོག་གིས་རྒྱལ་སྤྱིའི་གནད་དོན་ཞིག་ལ་སྒྱུར་བཞིན་ཡོད་སྐོར་རྗོད་ཀྱི་ཡོད་པ་རེད། ཡང་ཕྱོགས་གཞན་ནས་འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱིས་བོད་རྒྱ་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་སྐོར་བཤད་ཀྱི་ཡོད་ཀྱང་། དོན་དུ་དེ་གཉིས་ནི་འགལ་ཟླར་འགྲོ་ཡི་ཡོད་སྐོར་དང་། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་གླེང་སློང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ད་ལན་གྱི་ཉིན་གྲངས་གཉིས་རིང་གི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ངོ་བཅར་ཞུ་མཁན་གྲས་སུ་འཛམ་གླིང་གི་གྲོས་ཚོགས་ ༡༥ ཡི་འཐུས་མི་ཡོད་ཅིང་། ངོ་བཅར་དང་དྲ་ལམ་བརྒྱུད་ནས་ཁྱོན་བསྡོམས་རྒྱལ་ཁབ་ ༢༨ ཀྱི་གྲོས་ཚོགས་འཐུས་མི་དང་ཆེད་མཁས་པ་སོགས་ལྷན་འཛོམས་གནང་ཡོད་འདུག་ལ། ཉིན་གྲངས་གཉིས་རིང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་སྐུ་ཚབ་རྣམ་པས་བོད་དོན་དང་འབྲེལ་བའི་མ་འོངས་ལས་དོན་ཐོག་གཏམ་བཤད་གོ་བསྡུར་གནང་སྟེ་གྲོས་ཆོད་འཇོག་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡

མཆན། 2

  1. འདམ་སྐྱེས། says:
    ལོ་ 3 སྔོན།

    ད་ལམ་ཨ་རིའི་རྒྱལ་སར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འདི་ལྟབུ་ལྷན་ཚོགས་གནང་ཐུབ་པར་ཆེས་སྤྲོ་བ་འཕེལ་ཞིང་། ཨ་རིའི་གཙོས་ཚོགས་ཕེབས་པ་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཕེབས་པ་རྣམ་པ་དང་གོ་སྒྲིག་གནང་མཁན་ཡོངས་ལ་ལེགས་བརྗོད་དང་རྗེས་སུ་ཡི་རང་ཞུ།།

    Reply
  2. ཤར་མདའ། says:
    ལོ་ 3 སྔོན།

    ཧ་ཅིང་གི་ཡག་པོ་རེད། བོད་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་བོད་མི་ཚང་མིས་ནུས་པ་གཅིག་ཏུ་སྤོངས་ནས་འབད་བརྩོན་འདི་འདྲ་གནང་པ་ཡིན་ན་༧གོང་ས་མཆོག་ལྟ་བུའི་ཡང་དག་པའི་དབུ་ཁྲིད་ཤིག་ཡོད་ཙང་འུ་ཅག་ལ་རེ་བ་ཡོད་པ་རེད། གང་ལྟར་དགའ་བོ་བྱུང་། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese