མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བར་ངོ་སྤྲོད་ལག་འཁྱེར་སྤྲོད་འཆར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱིའི་རྒྱལ་ཁབ་ཁག་ནས་ཡང་ཡང་སྐུལ་འདེད་བཏང་བ་ལ་བརྟེན་ནས་བལ་གཞུང་གིས་ཡུལ་དེའི་ནང་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བ་གཞན་ལྟར་བོད་མི་རྣམས་ལའང་ངོ་སྤྲོད་ལག་འཁྱེར་སྤྲོད་འཆར་ཡོད་སྐོར་བརྗོད་འདུག

Nepal’s minister for home affairs Bal Krishna Khand (File photo)

འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་བལ་ཡུལ་གཞུང་གིས། ཡུལ་དེའི་ནང་དུ་གནས་སྡོད་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ལག་འཁྱེར་དང་ངོ་སྤྲོད་ལག་འཁྱེར་མ་སྤྲད་པའི་རྐྱེན་གྱིས། བོད་ཕྲུག་རྣམས་མཐོ་རིམ་སློབ་གྲྭར་འགྲོ་སྐྱོད་དང་། དངུལ་ཁང་ནང་དེབ་སྐྱེལ་གྱིས་མཚོན་པའི་སྤྱི་ཚོགས་ཀྱི་ལས་དོན་ཁག་ནང་ཁྲིམས་མཐུན་གྱིས་འཛུལ་ཞུགས་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་མུས་ཡིན་པའི་སྐབས་འདིར། བལ་ཡུལ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནས་སྐུལ་འདེད་བཏང་བ་བརྟེན་ནས་བོད་མིར་སྐྱབས་བཅོལ་བའི་ངོ་སྤྲོད་ལག་འཁྱེར་སྤྲོད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

དེ་ཡང་བལ་ཡུལ་གྱི་ནང་སྲིད་བློན་ཆེན་བྷལ་ཀི་རི་ཤི་ན་ཁན་ཌི་ (Bal Krishna Khand)ལགས་ཀྱིས། ཡུལ་དེའི་གྲོས་ཚོགས་ནང་བོད་མི་ཞེས་ཟུར་དུ་མིང་འདོན་བྱས་མི་འདུག་ཀྱང་། བལ་ཡུལ་ནང་གི་སྐྱབས་བཅོལ་བ་ཚང་མར་ངོ་སྤྲོད་ལག་འཁྱེར་སྤྲོད་རྒྱུ་འོས་འཚམ་ཡིན་སྐོར་བརྗོད་ཡོད་འདུག དེ་ཡང་ཁོང་གིས། ཡུལ་ལུང་དང་དུས་ཚོད་འདྲ་མིན་ནང་བལ་ཡུལ་དུ་བསླེབས་ཏེ་གཞིས་ཆགས་པའི་སྐྱབས་བཅོལ་བ་རྣམས་ཀྱང་མི་སེར་རེད། ཁོང་ཚོར་ཡང་འགྲོ་བ་མིའི་ཐོབ་ཐང་ལྡན་ཡོད། དེར་བརྟེན། ང་ཚོས་ཁོང་ཚོར་ངོ་སྤྲོད་ལག་འཁྱེར་སྤྲོད་རྒྱུའི་ལས་ཀ་འགོ་བརྩམས་ཟིན། ང་ཚོའི་ངོས་ནས་ཁོ་ཚོ་བལ་ཡུལ་དུ་བློ་བདེ་བག་ཕེབས་ངང་གནས་སྡོབ་བྱས་ན་འདོད་ཀྱི་ཡོད། ཅེས་བརྗོད་འདུག་ལ། བལ་གཞུང་ལ་སྐྱབས་བཅོལ་བའི་བུ་ཕྲུག་རྣམས་ཀྱི་འཚོ་བ་སྟབས་བདེ་དང་འགྲོ་བ་མིའི་ཐོབ་ཐང་ཡོད་པར་བྱ་རྒྱུའི་འོས་འགན་ཡོད་པ་བཞིན། བུ་ཕྲུག་དེ་ཚོས་ང་ཚོའི་སྤྱི་ཚོགས་དང་གཞུང་ལ་འགན་འཁུར་བླང་དགོས། ཞེས་བརྗོད་འདུག

Nepal government has not given Tibetan Refugees in Nepal identity card since 1995. Photo: Unknown Source

འདས་པའི་ལོ་གཉིས་དང་ཕྱེད་ཀའི་རིང་འཛམ་གླིང་སྤྱི་དང་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་པའི་སྐབས་དེར། བལ་གཞུང་གིས་རང་གི་མི་སེར་དང་སྐྱབས་བཅོལ་བའི་བར་ལ་དབྱེ་འབྱེད་ཀྱིས་མི་སེར་ཁོ་ནར་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་ཡོད་ནའང་། ད་ལན་ནང་སྲིད་བློན་ཆེན་ལགས་ཀྱིས་གཞུང་གི་སྲིད་ཇུས་དེ་རྩིས་མེད་བཏང་སྟེ། ད་ཕན་མི་སེར་ཙམ་དུ་མ་ཟད། ངོ་སྤྲོད་ལག་འཁྱེར་མེད་པའི་སྐྱབས་བཅོལ་བ་ཚུད་པའི་བལ་ཡུལ་ནང་གནས་སྡོད་མི་མང་ཚང་མར་འགོག་ཁབ་ཀྱི་མཐུན་རྐྱེན་སྦྱར་རྒྱུ་ཡིན་སྐོར་བརྗོད་འདུག

སྤྱིར་བལ་ཡུལ་རྒྱལ་ཁབ་དེ་ཕྱི་ལོ་ ༡༩༥༡ ལོར་གཏན་འབེབ་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་རྩ་འཛུགས་ (UN 1951 Fefugee Convention) ཀྱི་ཁོངས་སུ་མེད་ནའང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་བོད་མི་ཕོན་ཆེན་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་ཡོད་ཅིང་། སྐབས་དེའི་ཚེ་བལ་གཞུང་གིས་ཡུལ་དེའི་ནང་གཞིས་ཆགས་པའི་བོད་མི་རྣམས་ལ་སྐྱབས་བཅོལ་ལག་དེབ་སྤྲད་ཡོད་ནའང་། ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་བལ་གཞུག་གིས་བོད་མི་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་སྤྲོད་མཚམས་བཞག་ཡོད་པ་རེད། བལ་གཞུང་གི་ངོས་འཛིན་ལག་འཁྱེར་མ་ཐོབ་པའི་རྐྱེན་གྱིས། བལ་ཡུལ་ནང་དུ་གནས་སྡོད་བོད་མི་རྣམས་ལ་ལས་ཀར་འཛུལ་ཞུགས་དང་། ཐ་ན་ཁ་ལོ་བའི་ལག་འཁྱེར་ཞིག་ཀྱང་ཁྲིམས་མཐུན་ངང་རག་པའི་ལམ་ཀ་མེད་པ་རེད།

བལ་ཡུལ་གྱི་བརྒྱུད་ལམ་ཞིག་ནང་། ད་ལན་བལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ལག་འཁྱེར་སྤྲོད་རྒྱུའི་ཐག་གཅོད་དེ་ནི་ནུབ་གླིང་གི་སྐུལ་འདེད་བཏང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག་ལ། འདས་པའི་ལོ་ངོ་དུ་མའི་རིང་ཨ་རི་གཙོས་པའི་ནུབ་གླིང་གི་དམངས་གཙོའི་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་བལ་གཞུང་ལ་བོད་མིར་སྐྱབས་བཅོལ་བའི་ངོ་སྤྲོད་ལག་འཁྱེར་སྤྲོད་དགོས་པའི་སྐུལ་མ་ཐེངས་མང་གནང་ཡོད་ལ། ཉེ་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛེ་ར་ཛེ་ཡ་ (Uzra Zeya) ལགས་བཞུགས་སྒར་དྷ་སའི་གཞུང་འབྲེལ་འཚམས་གཟིགས་གྲུབ་རྗེས། ཐད་ཀར་བལ་ཡུལ་དུ་ཕེབས་ཏེ་བོད་མིའི་གཞིས་ཆགས་ཁག་ཅིག་ནང་གཟིགས་ཞིབ་གནང་ཡོད་པ་མ་ཟད། བལ་ཡུལ་གྱི་མགོ་འཁྲིད་རྣམས་དང་མཇལ་འཕྲད་ཀྱིས་བལ་གཞུང་ངོས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱ་དགོས་པའི་སྐུལ་མ་གནང་ཡོད་འདུག

US Special Coordinator for Tibetan Issues Uzra Zeya visits Tibetan refugee camp in Jawalakhel, Nepal on 21 Sept, 2022. Photo: Annapurna Express

འདས་ལོའི་ཕྱི་ཟླ་ ༡༢ ནང་དུ་བལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་སྐྱབས་བཅོལ་བར་ངོ་སྤྲོད་ལག་འཁྱེར་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲབས་བྱས་ཡོད་ནའང་། སྐབས་དེར་བལ་ཡུལ་གྱི་སྐྱབས་བཅོལ་བའི་ཁྲོད་མི་འབོར་མང་ཤོས་ཡིན་པའི་འབྲུག་གི་སྐྱབས་བཅོལ་བ་རྣམས་ལ་མ་གཏོགས། བོད་མིར་ལག་འཁྱེར་སྤྲོད་རྒྱུའི་འཆར་གཞི་མེད་པའི་གནས་ཚུལ་ཐོན་ཡོད་ཅིང་། སྐབས་དེར་བལ་ཡུལ་གྱི་མགོ་འཁྲིད་ཁྲོད་དུ། གལ་ཏེ་འབྲུག་པའི་སྐྱབས་བཅོལ་བ་རྣམས་ལ་ལག་འཁྱེར་སྤྲད་ཚེ། ཕྱིས་སུ་བོད་མི་སྐྱབས་བཅོལ་བ་རྣམས་ལའང་གཅིག་མཚུངས་སྤྲོད་དགོས་པའི་བསམ་ཚུལ་བྱུང་ཡོད་པ་རེད་འདུག

བལ་ཡུལ་གྱིས་ཕྱི་ལོ་ ༡༩༥༥ ལོར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་བཙུགས་ཤིང་། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་རྒྱ་ནག་གིས་རང་གི་ཤུགས་རྐྱེན་སྐྱེད་ཐབས་སུ་བལ་ཡུལ་ལ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༣ ལོར་སྤེལ་བའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དྭང་དུ་བླངས་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག བལ་གཞུང་གིས་བལ་ཡུལ་གྱི་ས་ཐོག་ལ་རྒྱ་ནག་ལ་རྒོལ་བའི་བྱ་འགུལ་སྤེལ་དུ་མི་འཇུག་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར། རྒྱ་རྒོལ་གྱི་སྐད་འབོད་ལས་འགུལ་དང་། ཐ་ན་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་ལའང་བཀག་སྡོམ་དང་ཚོད་འཛིན་བྱེད་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ལོའི་མི་འབོར་གྲངས་བཤེར་ལྟར་ན། སྐབས་དེར་བལ་ཡུལ་ནང་ཉུང་མཐར་བོད་མི་ ༡༣༥༡༤ ཡོད་ཅིང་། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གཉིས་ཀྱིས་བལ་ཡུལ་ནང་གི་བོད་མིའི་གྲངས་འབོར་དེ་ཁྲི་ ༢ མ་ཟིན་ཙམ་ཡོད་པའི་ཚོད་དཔག་བྱས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 2

  1. བསྟན་ལྷ། says:
    ལོ་ 4 སྔོན།

    ངའི་རྒྱལ་སྤྱིའི་གནས་ཚུལ་མང་དག་ཞིག་བཙལ་ཀྱང་གནས་ཚུལ་དེ་འདྲ་མིན་འདུག། གནས་ཚུལ་དེ་གང་ནས་སྒྱུར་མིན་གསལ་པོ་ཞིག་གསུང་རོགས།

    Reply
  2. Padma Wangyal says:
    ལོ་ 4 སྔོན།

    good development

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese