མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གྲུབ་གླིང་རུ་ཁག་ལ་འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་ཉིན་གྲངས་གསུམ་རིང་ཚོགས་འདུ་བསྡུས་ཏེ་དོན་གྲུབ་གླིང་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་སིམ་ལ་རུ་ཁག་གིས་དགོངས་སེལ་མ་ཞུས་བར་དུ་ལོ་ལྔ་རིང་རྩེད་འགྲན་ནང་ཞུགས་མི་ཆོག་པའི་ཐག་གཅོད་བྱས་འདུག

དོན་གྲུབ་གླིང་རུ་ཁག་ལ་གསེར་གྱི་གཟེངས་རྟགས་ཐོབ། ༢༠༢༢།༦།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ཕྱི་ཚེས ༢༤ བར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག རྒྱ་གར་བྱང་ཕྱོཊ་ལྡེ་ར་རྡུན་སྤོན་ཊ་བོད་མིའི་གཞིས་ཆགས་སུ་ ༢༠༢༢ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་སྡུར་འཚོགས་ཡོད་པ་དང་། ཉིན་མཐའ་རྟིང་རྩོད་འགྲན་སྡུར་ཁྲོད་དོན་གྲུབ་གླིང་རུ་ཁག་དང་སིམ་ལ་རུ་ཁག་བར་རྩོད་རྙོག་བྱུང་བར་བརྟེན། ཉིན་ཤས་རིང་མཇུག་སྡོམ་མཛད་སྒོ་བསྡུས་མེད་ཀྱང་། དེ་རིང་ཕྱི་ཚེས་  ༣༠  ཉིན་གྱི་ཕྱི་དྲོར་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་མཇུག་སྡོམ་མཛད་སྒོ་འཚོགས་ཏེ། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་དང་ཧིན་སྒོར་འབུམ་ ༢ ཀྱི་བྱ་དགའ་དེ་དོན་གྲུབ་གླིང་རུ་ཁག་ལ་ཐོབ་པ་གསལ་བསྒྲགས་བྱས་སོང་།

དེ་འབྲེལ་གསར་འགོད་གསལ་བསྒྲགས་སྐབས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རིན་ཆེན་ལགས་ཀྱིས། ད་ལོ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་ཐེངས ༢༧ དེ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་གོ་སྒྲིག་བྱས་པ་རེད།  Final ( རྟིང་རྩོད)ཉིན་མོ་དེ་ལ་སྟབས་མི་ལེགས་པ་ཞིག་ལ་སྐར་མ་ ༡༧ མ་གཏོགས་རྩེ་རྒྱུ་རག་མེད་པ་རེད། བྱས་ཙང་། རྗེས་སུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་ཕྱི་ཚེས ༢༦ དང་ ༢༧ ། ༢༨ བཅས་ལ་དྷ་རམ་ས་ལར་ཚོགས་འདུ་རབ་དང་རིམ་པ་མང་པོ་ཞིག་འཚོགས་སྟེ། ང་ཚོས་མཐའ་མའི་ཐག་གཅོད་བྱས་པ་ཡིན། ཐག་གཅོད་དེར་དམིགས་བསལ་དོན་ཚན་བརྒྱད་ཡོད། དེ་དམིགས་བསལ Tibet TV(བོད་ཀྱི་དྲ་བརྙན) བརྒྱུད་ནས་གཏང་རྒྱུ་ཡིན། དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ལ། ཨང་དང་པོའི་བྱ་དགའ་དེ་དོན་གྲུབ་གླིང་རུ་ཁག་ལ་སྤྲད་རྒྱུ་ཐག་བཅད་པ་དང་། ཨང་གཉིས་པའི་བྱ་དགའ་དེ་མེད་པ་བཟོས་པ་ཡིན། ང་ཚོས་ཉིན་གསུམ་གྱི་རིང་ལ་བློ་ཕམ་གྱི་ཐོག་ནས་ཐག་གཅོད་ག་རེ་བླང་དགོས་ཁེལ་སོང་ལབ་ན། སིམ་ལ་རུ་ཁག་གི་རྩེད་མོ་རྩེ་མཁན་དང་། འགན་འཁྱེར་མཁན་ཚང་མར་ང་ཚོས་ལོ ༥ ཡི་རིང་ལ་Ban(འཛུལ་ཞུགས་བཀག་སྡོམ)བྱ་དགོས་ཁེལ་སོང་།  གལ་སྲིད་ང་ཚོས་ཐག་གཅོད་ཤོག་བུ་དེ་བཀྲམ་པའི་དུས་ཚོད་ནས་ཟླ་བ་ ༡ ནང་ཚུད་ནོར་འཁྲུལ་ངོས་ལེན་བྱས་པ་ཡིན་ན། ང་ཚོས་ཡང་བསྐྱར་ཚོགས་འདུ་འཚོགས་ནས་ཐག་གཅོད་ལ་འགྱུར་བ་གཏོང་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རིན་ཆེན། ༢༠༢༢།༦།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཐག་གཅོད་དེ་འདྲ་བྱེད་དགོས་དོན་སྐོར་ལ་ཁོང་གིས།  ད་ལོ་ང་ཚོས་བློ་ཕམ་གྱི་ཐོག་ནས་ཐོག་གཅོད་འདི་བྱ་དགོས་པའི་རྒྱུ་མཚན་ག་རེ་ཡིན་ལབ་པ་ཡིན་ན། ༡) ཁོང་ཚོས་དམིགས་དཔེ་སྡུག་ཅག་ཞེ་དྲགས་ཤིག་བསྟན་པ་རེད། གཞོན་སྐྱེས་ཚོ་ལ་དམིགས་དཔེ་དེ་འདྲ་བསྟན་ན་ཏག་ཏག་བསྡད་ཀྱི་ཡོད་མ་རེད།  ༢) Final ( རྟིང་རྩོད) དེ་ཚགས་ཚུད་པོ་ཡོང་ཡོད་མ་རེད། མི་མང་མང་པོ་ཞིག་གིས་དཀའ་ལས་མང་པོ་ཞིག་བརྒྱབ་ཡོད་པ་དེ་འཕྲོ་བརླག་ཏུ་བཏང་ཡོད་པ་རེད། བོད་ནང་ལ་ཡིན་ན་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྩེད་འགྲན་དེར་ལྟ་མཁན་མང་པོ་ཞིག་གིས་མཁྱེན་རྟོགས་ཡོད་རེད། དེའི་ནང་ལོག་ལ་བློ་འཚབ་བྱས་ཏེ་ང་ཚོས་ཐག་གཅོད་མ་བྱས་ན་ཏག་ཏག་བསྡད་ཀྱི་མེད་ཙང་། ཐག་གཅོད་འདི་ང་ཚོས་བློ་ཕམ་གྱི་ཐོག་ནས་ཐག་གཅོད་བྱ་དགོས་ཁེལ་སོང་། ཞེས་བརྗོད་སོང་།

འདི་ལོར་དོན་གྲུབ་གླིང་རུ་ཁག་གི་རྩེད་འགྲན་པ་པདྨ་ལྷུན་གྲུབ་ལགས་སུ་སྤོ་ལོ་མང་ཤོས་ལྡུག་མཁན་བྱ་དགའ་ཐོབ་ཡོད་པ་དང་། བདེ་སྐྱིད་གླིང་རུ་ཁག་གི་སྒོ་ར་བ་བསྟན་འཛིན་བསམ་སྒྲུབ་ལགས་སུ་སྒོ་ར་བ་ཡག་ཤོས་དང་། དོན་གྲུབ་གླིང་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཆོས་བཟང་ལགས་སུ་རྩེད་འགྲན་པ་ཡག་ཤོས།  བདེ་སྐྱིད་གླིང་དང་མེའོ་ཆོས་འཕེལ་གླིང་རུ་ཁག་གཉིས་སུ་ (Fair team )བདེན་སྐྱོང་རུ་ཁག་གི་བྱ་དགའ་ཐོབ་སོང་།

གཞན་ཡང་། ༧རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ། ཕྱི་ལོ  ༢༠༠༨ ལོར་མོན་གྷོ་འདོད་རྒུ་གླིང་དང་། ༢༠༠༩ ལོར་དྷ་རམ་ས་ལར་ཚོགས་འདུག  ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་དང་ ༢༠༡༡ ལོར་མོན་གྷོ་འདོད་རྒུ་གླིང་དུ་འཚོགས་ཡོད་འདུག ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་ ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་ དོན་གྲུབ་གླིང་། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་། ཕྱི་ལོ ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་འཚོགས་ཡོད་པ་རེད་འདུག

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་དེ་ཕྱི་ལོ་ ༡༩༨༡ ལོར་ཐོག་མར་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག ལོ་ལྟར་བཙན་བྱོལ་བོད་མིའི་ས་གནས་ཁག་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། རྐང་སྤོལ་རྩེད་འགྲན་འདི་བཙན་བྱོལ་བོད་མིའི་རྐང་སྤོལ་རྩེད་འགྲན་གཞི་རྒྱ་ཆེ་ཤོས་སུ་གྱུར་ཏེ་ལོ་ལྟར་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཁག་ནས་བོད་མིའི་རྐང་སྤོལ་རུ་ཁག་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

ཆུ་ཚོད་ ༧ སྔོན་ལ།
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

ཆུ་ཚོད་ ༡༠ སྔོན་ལ།
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese