མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གསུམ་རིང་གི་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གི་སྟ་གོན་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་རྒྱུད་སྨད་གྲྭ་ཚང་དང་སྟོད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གི་སྔོན་འགྲོའི་སྟ་གོན་ཆོས་འབྲེལ་དབུ་འཛུགས་གནང་སོང་།

His Holiness the Dalai Lama conferring the Preliminary Heruka Empowerment at the Main Tibetan Temple in Dharamsala, HP, India on July 8, 2022. Photo by Tenzin Choejor

ཐོག་མར་༧གོང་ས་མཆོག་གིས། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་བདེ་མཆོག་གི་དབང་གནང་རོགས་གསུངས་པ་ལྟར། དེ་རིང་བདེ་མཆོག་གི་བཀའ་དབང་འབུལ་གྱི་ཡོད་པ་རེད། དེ་རིང་སྟ་གོན་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པའི་ཁྱད་པར་གཟིགས་པའི་ཐོག་ནས། སྤྱི་ཡོངས་ལ་བདེན་བཞིའི་ཆོས་འཁོར་གསུངས་པ་རེད། དེ་ནས་དབང་པོ་རྣོན་པོ་རྣམས་ལ་ཤེར་ཕྱིན་གྱི་ཆོས་འཁོར་དང་རྡོ་རྗེ་ཐེག་པའི་གསང་སྔགས་ཀྱི་སྐོར་གསུངས་པ་རེད། སྤྱིར་བཏང་ང་རང་ཚོས་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ་ཟེར་ནས་རང་ལས་རྒྱུད་ཐ་དད་པ་ཞིག་གིས་དེ་ལ་གསོལ་བ་བཏབ་པ་ཞིག་རེད། གསང་སྔགས་བླ་མེད་ཀྱི་ཆོས་འཁོར་ཟེར་དུས་སངས་རྒྱས་གཞན་ནས་མི་འཚོལ་བར་སངས་རྒྱས་ནང་ནས་འཚོལ་བ་ཟེར་བ་དེ་ཆགས་ཀྱི་ཡོད་རེད། དེར་བརྟེན་སྐུ་གསུམ་གྱི་གོ་འཕང་ཟེར་བ་དེ་ང་རང་ཚོའི་སྐྱབས་སུ་མཆི་བའི་རྒྱུ་རྐྱེན་རྩི་ཡི་ཡོད་རེད་དེ། གཙོ་བོ་རང་གི་ཐོབ་བྱར་གྱུར་བའི་སྐུ་གསུམ་པོ་དེ་འབྲས་བུ་ཆགས་ནས་སྐྱབས་སུ་མཆི་ཡུལ་ངོ་མ་དེ་རེད། ང་རང་ཚོའི་སེམས་བསྐྱེད་ཀྱི་རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར་ཟེར་དུས་སངས་རྒྱས་ཕྱི་ནས་འཚོལ་ནས་ཡོང་རྒྱུ་ཡོད་མ་རེད། སངས་རྒྱས་ནང་ནས་འཚོལ་དགོས་རེད། གཙོ་བོ་ཡིད་ལུགས་རེད་འདུག ཡིད་ལུགས་ལའང་ཡིད་ལུགས་ཕྲ་རགས་མང་པོ་ཡོད་པའི་ནང་སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་རང་བཞིན་གྱི་རྟོག་པ་བདུན་ཟེར་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་འགག་ཚར་བའི་རྗེས་སུ་གཉུག་མའི་འོད་གསལ་ཡོང་གི་ཡོད་རེད། ཤེས་པ་རག་པ་དེ་དག་ལ་ཐོག་མ་དང་མཐའ་མ་ཡོད་རེད། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཟེར་བ་དེ་ལ་ཐོག་མ་དང་མཐའ་མ་ཡོད་མ་རེད། སངས་རྒྱས་པའི་ཕྱོགས་ལ་འགྲོ་མཁན་ངོ་མ་དེ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ཡིན་པ་རེད། ཅེས་གསུངས་སོང་།

A view of some the more than 9000 people gathered at the Main Tibetan Temple to attend the Preliminary Heruka Empowerment given by His Holiness the Dalai Lama in Dharamsala, HP, India on July 8, 2022. Photo by Tenzin Choejor

ཡང་༧གོང་ས་མཆོག་གིས།  ང་རང་ཚོ་ཐ་མལ་པ་ཞིག་ཡིན་རུང་ཤི་བའི་སྐབས་རང་བཞིན་གྱི་རྟོགས་པ་བརྒྱད་ཅུ་འགག་པའི་རྗེས་སུ་འོད་གསལ་གྱི་རླུང་སེམས་ཁོ་ན་ལྷག་གི་ཡོད་རེད། ཐ་མལ་པ་ཡིན་ན་འོད་གསལ་གྱི་རླུང་སེམས་ཀྱིས་བར་དོ་བསྒྲུབ་རྒྱུ་ཆགས་ཀྱི་ཡོད་པ་རེད། འདི་གཞི་ལ་ཡོད་པ་རེད་མ་གཏོགས་གོམས་ནས་བཟོས་པ་མ་རེད། དེར་བརྟེན་སྤྱིར་གསང་སྔགས་ཀྱི་ཆོས་འཁོར། དེའི་ནང་ནས་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་དེ་དག་ང་རང་ཚོའི་གཞི་ལ་རང་ཆས་སུ་ཡོད་པའི་ཆོས་དེ་ལག་ལེན་བསྟར་ནས་ལམ་གྱི་ངོ་བོ་ལ་སྐྱེས་ཀྱི་ཡོད་རེད། རགས་པ་གློ་བུར་བའི་་སེམས་སྐྱེ་བའི་རླུང་ཆ་ཚང་མེད་པར་ཆགས་ཏེ་ཕྲ་བ་གཉུག་མའི་བློ་ཆགས་དུས། རིམ་པས་སེམས་ཕྲ་རུ་ཕྱིན་ཏེ་གཞི་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་བློ་ཆགས་ཀྱི་ཡོད། དེ་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་ཉག་གཅིག་ལྷག་གི་ཡོད་པ་རེད། དེ་དུས་གོམས་པ་གང་འཚམ་ཡོད་ན་སྣང་མཆེད་ཐོབ་གསུམ་ཡོང་བའི་སྐབས་སུ་སྟོང་ཉིད་ཀྱི་ལྟ་བ་ཡག་པོ་དྲན་པར་བྱས་ཏེ། ཐམས་ཅད་སྟོང་བ་འོད་གསལ་ཞེས་པ་སྟོང་ཉིད་ཀྱི་ལྟ་བ་རྗེས་མཐུན་པ་ཞིག་ཡོང་གི་ཡོད་སྐོར་དང། སངས་རྒྱས་ཕྱི་ནས་མི་འཚོལ་བར་རང་ལ་རང་ཆས་སུ་ཡོད་པའི་སྐུ་གསུམ་རང་ཆས་སུ་ཡོད་བསྡད་པ་དེ་དག་ལམ་གྱི་ངོ་བོ་སྐྱེས་ཐབས་བྱ་རྒྱུའི་འགྲོ་སྟངས་དེ་འདྲ་ཞིག་རེད། འཇིགས་བྱེད་དེ་ཐུན་མོང་གི་ཤེས་རབ་སྒྲུབ་སྐབས་གཙོ་བོ་བྱས་ནས་འགྲོ་སྟངས་ཤིག་རེད་འདུག དེར་བརྟེན་འཇིགས་བྱེད་ལམ་གྱི་སྔོན་འགྲོ་ཡིན་པ་དང་ཤེས་རབ་སྒྲུབ་སྐབས་གཙོ་བོ་རེད། ངོས་རང་ལ་ཆ་བཞག་ནའང་། ཆུང་དུས་སྐབས་ནས་འཇིགས་བྱེད་ཀྱི་སྐོར་ལ་བསམ་བློ་གཏོང་གི་ཡོད། འདིས་ཤེས་རབ་གོང་ནས་གོང་དུ་འཕེལ་བར་ཕན་གྱི་ཡོད་པ་ལྟ་བུ་འདུག དེ་ནས་གསང་བ་འདོད་པ། བདེ་མཆོག བདེ་མཆོག་ལུས་བསྐྱེད་དེ་དག་འདོན་གྱི་ཡོད་རེད། བདེ་མཆོག་དྲིལ་བུ་པ་དང་བདེ་མཆོག་ལཱུ་ཨི་པ་དེ་དག་གི་ཐོག་ནས་བསམ་བློ་གཏོང་གི་ཡོད་སྐོར་སོགས་གསུངས་སོང་།

བདེ་མཆོག་ལཱུ་ཨི་པའི་བཀའ་དབང་དང་འབྲེལ་ཏེ་དགའ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་སྔོན་གསལ་བསྒྲགས་ཤིག་གནང་བའི་ནང་། ་༸དཔལ་འཁོར་ལོ་སྡོམ་པ་ལཱུ་ཨི་པའི་བཀའ་དབང་སྐབས་ཆོས་ཞུ་བ་ཡོངས་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོན་གཉེར་སྦྱངས་པ་ཡོད་པའི་ཐོག བྱུང་ན་ལཱུ་ཨི་པའི་བདག་བསྐྱེད་དང་། མ་མཐའ་ནའང་དག་པ་གསུམ་གྱི་རྣལ་འབྱོར་ཁ་འདོན་དུ་ཁས་ལེན་ངེས་པར་དགོས་པ་དེ་ལུགས་དབང་ཞུ་བ་ཡོངས་ཀྱིས་དགོངས་འཇགས་ཡོད་པ་ཞུ་ཞེས་བཀའ་ཡིག་སྩལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. Asanga says:
    ལོ་ 4 སྔོན།

    ཡིད་ལུགས་ལའང་ཡིད་ལུགས་ཕྲ་རགས་མང་པོ་ཡོད་པའི་ནང་སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་རང་བཞིན་གྱི་རྟོག་པ་བདུན་ཟེར་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་འགག་ཚར་བའི་རྗེས་སུ་གཉུག་མའི་འོད་གསལ་ཡོང་གི་ཡོད་རེད། ཤེས་པ་རག་པ་དེ་དག་ལ་ཐོག་མ་དང་མཐའ་མ་ཡོད་རེད། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཟེར་བ་དེ་ལ་ཐོག་མ་དང་མཐའ་མ་ཡོད་མ་རེད། སངས་རྒྱས་པའི་ཕྱོགས་ལ་འགྲོ་མཁན་ངོ་མ་དེ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ཡིན་པ་རེད། Thanks our great master!

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese