མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ལ་ཐུགས་གསོའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱང་ཨེ་རི་ལན་ཌིའི་སྲིད་བློན་དང་པོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཁྲེམ་སྦེལ་མཆོག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

His Holiness the Dalai Lama greets then Northern Ireland First Minister David Trimble and Deputy First Minister Seamus Mallon at Belfast in 2000.

ཁ་སང་ཕྱི་ཚེས་ ༢༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཁྲེམ་སྦེལ་ (lord David Trimble )ལགས་སྙུང་གཞིའི་རྐྱེན་པས་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སྐུ་གྲོངས་ཡོད་སྟབས། དམ་པ་ཁོང་གི་སྐུ་ཟླ་ལྕམ་ཁྲེམ་སྦེལ་(lady Trimble) གྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ། ང་ཚོས་ཕན་ཚུན་བསམ་ཤེས་དང་གུ་ཡངས་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་པ་ནི་དམ་པ་ཁོང་ལ་འོས་ཤིང་འཚམ་པའི་རྗེས་དྲན་ཞུ་ཕྱོགས་ཤིག་ཡིན་སྐོར་གསུངས་འདུག

དེ་ཡང་མགོན་པོ་མཆོག་ནས་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ཁྱེད་ཀྱི་སྐུ་ཟླ་ཁྲེམ་སྦེལ་ལགས་ནི་མངོན་གསལ་དོད་པོ་དང་དོན་དངོས་ཀྱི་ཐོག་ནས་བརྩོན་པ་ཆེར་བསྐྱེད་ཀྱིས་ཕན་ཚུན་གཉིས་ཕན་གྱི་གྲོས་ཆོད་བརྒྱུད་བྱང་ཨེ་རི་ལན་ཌི(Northern Ireland) ནང་དུ་ཞི་བདེ་སྐྲུན་མཁན་ཞིག་ཡིན། ཕྱོགས་འགལ་ཚོགས་པ་ཁག་ལ་ཡིད་ཆེས་བརྟན་པོས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་མཐའ་སྐྱེལ་བྱེད་ཐུབ་མཁན་ཞིག་ཀྱང་ཡིན། ཁོང་གི་རེས་གཟའ་པ་སངས་ཀྱི་གྲོས་ཆོད་(Good friday Agreement) ནི་དེང་གི་དུས་འདིར་ང་ཚོས་ཞི་བདེ་བསྐྲུན་པར་མིག་དཔེར་ལྟ་ས་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག་གི་ཡོད་པ་རེད། ངོས་རང་ལའང་བྱང་ཨེ་རི་ལན་ཌིའི་ནང་ཐེངས་ཁ་ཤས་ལ་ཁྱེད་ཀྱི་སྐུ་ཟླ་དང་མཇལ་བའི་གོ་སྐབས་བཟང་པོ་བྱུང་སོང་ལ། སྐབས་དེར་ཁོང་ལ་ཨེ་རི་ལན་ཌིའི་ནང་དུ་ཞི་བདེ་བསྐྲུན་པར་བསྟོད་བསྔགས་ཞུས་པ་ཡིན། ཞེས་གསུངས་འདུག

གསུང་འཕྲིན་གྱི་མཇུག་ཏུ། གལ་སྲིད་ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བསམ་ཤེས་དང་གུ་ཡངས། བརྩི་བཀུར་གྱིས་ལས་དོན་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དཀའ་ངལ་གསེད་དཀྲོལ་བྱེད་ཐུབ་པ་ཡིན་ན། དེ་ནི་སྐུ་ཞབས་ཁྲེམ་སྦེལ་མཆོག་ལ་འོས་ཞིང་འཚམ་པའི་རྗེས་དྲན་ཞིག་རེད། ཅེས་གསུངས་འདུག

སྐུ་ཞབས་ཁྲེམ་སྦེལ་མཆོག་ནི་ཕྱི་ལོ་ ༡༩༤༤ ཟླ་ ༡༠ ཚེས་ ༡༥ ཉིན་བྱང་ཨེ་རི་ལན་ཌིའི་སྦན་གོར་(Bangor)ས་ཆ་ནས་སྐྱེས་ཞིང་། ཁུན་སི་གཙུག་ལག་སློབ་གླིང་ནས་བསླབ་པ་མཐན་ཕྱིན། ཕྱི་ལོ་ ༡༩༦༨ ལོར་སྦེལ་ཧྥ་སི་ཊི་(belfast)ནས་ཁྲིམས་ལུགས་རིག་པའི་བསླབ་གནས་དང་པོ་ཐོབ། ཕྱི་ལོ་༡༩༧༥ ནས་ ༡༩༧༦ བར་མདུན་སྐྱོད་མཐུན་གྲོགས་སྲིད་དོན་ཚོགས་པ(Vanguard Unionist Party)་ཡི་ཚོགས་ཁོངས་སུ་ཞུགས་ཏེ་ཚོགས་པའི་སྐུ་ཚབ་ཀྱི་ལས་འགན་འཁུར། ཕྱི་ལོ་ ༡༩༩༧ ནས་ ༢༠༠༢ བར་བྱང་ཨེ་རི་ལན་ཌིའི་སྲིད་བློན་དང་པོ་རུ་བདམས་ཐོན་བྱུང་།

དམ་པ་ཁོང་གིས་རེས་གཟའ་པ་སངས་ཀྱི་གྲོས་ཆོད་(Good Friday Agreament) ཀྱིས་དབྱིན་ཡུལ་དང་འབྲེལ་བའི་དམག་འཁྲུག་དེ་ཞི་བའི་ལམ་ནས་གྲོས་མོལ་གནང་ཡོད་པ་མ་ཟད། དེ་འབྲེལ་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པ་བྱུང་ཡོད་པར་བརྟེན། ཁོང་གི་སྲིད་ཇུས་དེ་ནི་ཞི་བདེ་བསྐྲུན་པའི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ། ཕྱི་ལོ་ ༡༩༩༨ ལོར་སྐུ་ཞབས་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese