མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཉིན་གྲངས་གསུམ་རིང་གི་ལ་དྭགས་ཀྱི་བཀའ་ཆོས་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་གིས། ངས་བོད་རྒྱ་ཆེ་མི་མང་ལ་དྲག་པོའི་ཐོག་ནས་འཛིང་དགོས་རེད་ནམ་ཡང་ཟེར་གྱི་མ་རེད། སེམས་པ་བཟང་པོ་བྱ་རྒྱུ་དང་དེའི་མདུན་དུ་སྙིང་སྟོབས་ཡོད་པས། ང་ཚོར་དཀའ་ངལ་ག་ཚོད་ཡོད་ཀྱང་སེམས་པ་བཟང་པོ་དང་འབྲེལ་བའི་སྙིང་སྟོབས་དེ་སྡོད་ཐུབ་པ་ཡིན་ན་འགྱུར་བ་གཏན་གཏན་འགྲོ་ཡི་རེད་ཅེས་གསུངས། དེ་རིང་སྔ་དྲོ་ཆུ་ཚོད་ ༨ སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་གསུང་ཆོས་རྭ་བའི་ནང། ཉིན་གྲངས་གཉིས་རིང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བཀའ་ཆོས་འཕྲོ་སྐྱོང་དང་ཉིན་གསུམ་པར་ཐུགས་རྗེ་ཆེན་པོའི་དབང་བཅས་ཀྱི་བཀའ་ཆོས་དབུ་འཛུགས་མཛད་སོང་བ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། དེ་རིང་འདིར་ཆོས་གྲོགས་ཚོར་ཆོས་འབྲེལ་བྱ་རྒྱུ་དང་། ད་གིན་བུ་གུ་ཚོས་རྩོད་པ་བརྩད་པར་ངོས་རང་དགའ་པོ་ཞེ་དྲགས་བྱུང་། དེ་སྔ་ནས་རིག་ལམ་སྦྱང་རྒྱུ་ནི་བློ་གྲོས་ཀྱི་མིག་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པས། དེ་དཔེ་གལ་ཆེན་པོ་རེད་ད། ཁྱེད་རང་ཚོ་ཕྲུ་གུ་ཚོས་རྟགས་གསལ་གཏོང་བའི་རྨང་གཞི་བཙུགས། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་རིག་པའི་ལམ་ནས་དཔྱད་པ་བྱས་ཏེ་གཏན་ལ་ཕབ་པ་ཞིག་རེད་མ་གཏོགས། དཀོན་མཆོག་དང་སངས་རྒྱས་ཀྱིས་གསུངས་པ་རེད་ཟེར་ནས་ཡིད་ཆེས་བྱས་ནས་འགྲོ་བསྡད་པ་ཞིག་མ་རེད། ང་ཚོ་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་དཔལ་ན་ལཎ་ཌའི་ཆོས་བརྒྱུད་ཀྱི་སངས་རྒྱས་པའི་ཆོས་དེ་དཔྱད་པ་བྱས་ཏེ་འགྲོ་བསྡད་པ་ཞིག་ཡིན་དུས། ཁྱེད་ཚོ་ཕྲུ་གུ་ཚོས་རྟགས་གསལ་གཏོང་བ་ནི་ཐོག་མར་རིག་པའི་སྒོ་འབྱེད་བྱེད་ཀྱི་ཡོད། ཞེ་དྲགས་ཡག་པོ་རེད། དེར་བརྟེན། རྟགས་གསལ་གཏོང་མཁན་གྱི་ཕྲུ་གུ་རྣམས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་རྗེས་ཤེས་རབ་སྙིང་བོ་གསུང་འདོན་གྲུབ་མཚམས་༧སྐུ་ཉིད་མཆོག་གིས། མི་ཚེ་དོན་དང་ལྡན་པ་དང་སེམས་བག་འཕེལ་པོ་ཡོང་བར་སེམས་པ་བཟང་པོ་བྱ་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་རེད། ཆོས་ལུགས་མི་འདྲ་བར་རང་རང་གི་ལྟ་གྲུབ་མི་འདྲ་བར་ཡོད་ཀྱང་། ཚང་མས་སྙིང་རྗེ་གསུང་གི་ཡོད། དེར་བརྟེན། ང་རང་ཚོར་སྙིང་རྗེའི་ཉམས་ལེན་དེ་གལ་ཆེ་ཤོས་ཆགས་བསྡད་ཡོད་པ་རེད། ང་ཚོའི་མི་ཚེ་འདི་མ་ཡི་བརྩེ་བའི་འོག་ནས་མགོ་བརྩམས་ཡོད་པ་དང་འཆི་བའི་ཁ་ཐུག་ལ་རང་གི་མཐའ་སྐོར་ལ་བརྩེ་སེམས་ཡོད་པའི་གྲོགས་པོ་ཚོས་བསྐོར་བསྡད་པ་ཡིན་ན། ཤི་བའི་ཁ་ཐུག་ལ་སེམས་སྐྱིད་པ་ཡོང་གི་རེད། དེར་བརྟེན། སེམས་པ་བཟང་པོ་དང་བརྩེ་བ་བྱ་རྒྱུ་ནི་མི་ཚེའི་ཐོག་མཐའ་བར་གསུམ་དུ་ཞེ་པོ་གལ་ཆེན་པོ་རེད་འདུག
གཉིས་ནས་མིའི་སྤྱི་ཚོགས་ཟེར་བ་སྤྱི་ཚོགས་ལ་བརྟེན་བསྡད་པ་ཞིག་ཡིན་སྟབས། མི་ཟེར་བ་དེ་ཁེར་རྐྱང་བྱས་ནས་སྡོད་ཐུབ་ཀྱི་མ་རེད། དེར་བརྟེན། སྤྱི་ཚོགས་དེ་ལ་སེམས་བཟང་དང་ཚང་མར་འཆམ་མཐུན་བྱས་ནས་བསྡད་པ་ཡིན་ན་མི་ཚེ་སྐྱིད་པོ་ཡོང་གི་རེད། མིའི་རང་བཞིན་ལྷན་སྐྱེས་དེ་སྤྱི་ཚོགས་ལ་བརྟེན་བསྡད་པ་ཞིག་རེད་དེ། སྤྱི་ཚོགས་ལ་དོ་སྣང་མེད་པར་སོ་སོ་གཅིག་པོར་བསམ་བློ་བཏང་བསྡད་ཚེ། དངོས་ཡོད་གནས་ཚུལ་ལ་རན་གྱི་མེད་པ་རེད། ཚང་མར་འཆམ་པོ་བྱ་རྒྱུ་ཞེ་པོ་གལ་ཆེན་པོ་རེད། ལུང་དེ་འདྲའི་ནང་དུ། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། སེམས་པ་ངན་ན་ས་དང་ལམ་ཡང་ངན། ཐམས་ཅད་སེམས་པ་དག་ལ་རག་ལས་པས། ཞེས་གསུངས་དུས། ང་ཚོའི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཞེ་པོ་གལ་ཆེན་པོ་རེད། ཞེས་གསུངས།

ངོས་རང་ལ་ཆ་མཚོན་ན་བྱང་ཆུབ་ཀྱི་སེམས་ཉམས་ལེན་གལ་ཆེན་པོ་ཞེ་པོར་བརྩི་ཡི་ཡོད། དེས་སེམས་ལྷོད་ལྷོད་ཆགས་ཀྱི་འདུག སོ་སོར་གནོད་པ་སྐྱེལ་མཁན་གྱི་དགྲ་བོ་དེ་དག་བཤེས་གཉེན་ལ་བསྟེན་པ་དང་ལྷག་པར་དུ་དེ་དག་ལ་བརྩེ་སེམས་སྒོམ། ངོས་ལ་ཆ་བཞག་ན་བོད་ནང་ལ་དཀའ་ངལ་ཞེ་དྲགས་ཡོད་པ་རེད། རྒྱ་མི་གུང་ཁྲན་གྱིས་དཀའ་ངལ་ཞེ་དྲགས་སྤྲོད་ཀྱི་ཡོད། ཐོག་མ་ནས་སེམས་ལ་གཙོ་བོ་དེར་ཕན་ཞིག་ཐོགས་ན་བསམས་པ་མ་གཏོགས། དེར་ཁོ་ཁྲོང་དང་ང་རྒྱལ། ཕྲག་དོག་སོགས་ཡོང་གི་མི་འདུག དེའི་འབྲས་བུར་ང་རང་སེམས་པ་བཟང་བ་དང་སྐྱིད་པ། སོ་སོ་སེམས་པ་རྣམ་དག་བྱས་ནས་བསྡད་ཡོད་དུས་ག་ལེར་རྒྱ་རིགས་ནང་ལའང་མང་པོ་ཞིག་གིས་དགའ་པོ་བྱས་ཡོང་གི་འདུག མིས་ཚུར་གནོད་པ་བྱས་པ་དང་གཅིག་གིས་གཅིག་ལ་གནོད་པར་གནོད་ལན་མཇལ་ནས་ཕྱིན་པ་ཡིན་ན། དཀའ་ངལ་རྫོགས་རྒྱུ་ཡོད་པ་མ་རེད། དེར་བརྟེན་སེམས་པ་བཟང་པོ་བྱ་རྒྱུ་ཞེ་པོ་གལ་ཆེན་པོ་རེད་འདུག

ང་རང་ཆུང་དུས་ནོར་བུ་གླིང་ཁའི་ནང་མངའ་རིའི་ཁམ་སྡོང་གང་འཚམ་ཡོད་པ་རེད། དབྱར་ཁ་ཁམ་བུ་སྨིན་ཡོང་དུས། ཁམ་སྡོང་འཁྲིས་ནས་ཆུང་དུས་ནས་ཁམ་བུ་ཟ་ཡི་ཡོད། ད་ལྟ་ལོ་རྒན་ ༨༧ ལ་བསླེབས་བསྡད་ཡོད། སོ་ཡག་པོ་ཞེ་དྲགས་ཡོད། བོད་དུ་བུ་གུ་ཆུང་ཆུང་གི་སོ་དང་པོ་བརྗེ་བའི་ཁ་ཐུག་ལ། རྟ་སོ་མ་སྐྱེས། བོང་སོ་མ་སྐྱེས། གཡང་དཀར་ལུག་གུའི་སོ་ཡོང་བར་ཤོག་ཅེས་ལབ་སྲོལ་ཡོད་པ་རེད། དེར་བརྟེན། ང་ལ་ཡང་རྟ་སོ་དང་བོང་སོ་མེད། གཡང་དཀར་ལུག་གུའི་སོ་ཡོད་ཅེས་བཞད་མོ་བཞད་སོང་།

དེ་ནས་ལ་དྭགས་ཀྱི་ས་ཁུལ་འདི་བོད་དང་ས་འབྲེལ་ཆགས་ཀྱི་ཡོད། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཆོས་གྲོགས་ཚོ་སེམས་པ་བཟང་པོ་བྱ་རྒྱུ་བྱུང་ན། བོད་ཀྱི་བསྟན་སྲིད་དོན་དག་ལ་ཕན་གྱི་རེད། ང་ལ་བོད་རྒྱ་ཆེ་མི་མང་གིས་རེ་བ་དང་བློ་སྐྱེད་ཀྱི་ཡོད་པ་རེད། ངས་བོད་རྒྱ་ཆེ་མི་མང་ལ་དྲག་པོའི་ཐོག་ནས་འཛིང་དགོས་རེད་ནམ་ཡང་ཟེར་གྱི་མ་རེད། སེམས་པ་བཟང་པོ་བྱ་རྒྱུ་དང་དེའི་མདུན་དུ་སྙིང་སྟོབས་ཡོད་པས། ང་ཚོར་དཀའ་ངལ་ག་ཚོད་ཡོད་ཀྱང་སེམས་པ་བཟང་པོ་དང་འབྲེལ་བའི་སྙིང་སྟོབས་དེ་སྡོད་ཐུབ་པ་ཡིན་ན་འགྱུར་བ་ཏན་ཏན་འགྲོ་ཡི་རེད། དཔེར་ན། འདས་པའི་ལོ་ཁ་ཤས་ནང་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བསྡད་འདུག དངོས་ཡོད་གནས་ཚུལ་ལ་གུང་ཁྲན་རིང་ལུགས་ཀྱི་གཅིག་སྡུད་ཟེར་བའི་དུས་ཚོད་ཡོལ་ཚར་བ་རེད། སི་ཏ་ལིའི་སྐབས་ནས་བཟུང་བའི་དེ་ཚོ་འགྱུར་བ་ཕྱིན་ཟིན་པ་རེད། དེང་སང་འཛམ་གླིང་གི་ཤར་ནུབ་གང་སར་རིམ་པས་མང་གཙོ་ཡོང་བསྡད་ཡོད་པ་རེད། དོན་དམ་གྱི་མང་གཙོ་ཡག་པོ་ཞིག་ཡོང་བར་སེམས་པ་བཟང་པོ་དང་མི་ཀུན་ལ་ཕན་སེམས་བྱས། གནག་སེམས་གནོད་སེམས་དང་རེ་དོགས་བྱས་ནས་མ་བསྡད་པར་ཀུན་ལ་བརྩེ་སེམས་བྱས་ནས་བསྡད་པ་ཡིན་ན། དངོས་གནས་འཛམ་གླིང་ཞི་བདེ་ཟེར་བ་ཡོང་གི་རེད། འཛམ་བུ་གླིང་ལ་མི་དུང་ཕྱུར་བདུན་ཅུ་ཡོད་པ་དང་དུང་ཕྱུར་བདུན་ཅུ་དེ་དག་གཅིག་གིས་གཅིག་ལ་བརྩེ་སེམས་བྱས་ནས་ཡོད་པ་ཡིན་ན། དངོས་གནས་དྲང་གནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བཟོ་ཐུབ་ཀྱི་རེད། གཅིག་གིས་གཅིག་ལ་དོགས་པ་དང་ཕྲག་དོགས། སྒོ་གསུམ་ལ་དམ་དོ་བྱས་ནས་བསྡད་པ་ཡིན་ན། འཛམ་གླིང་ཞི་བདེ་ཟེར་བ་ནི་ཁ་དང་ཚིག་ཙམ་ལས་ཡོང་གི་མ་རེད། ཅེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༢༤ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese