མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གྲོལ།

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་བོད་རྒྱ་འབྲེལ་མོལ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་མཇུག་སྒྲིལ་སོང་བ་དང་ད་ལན་གྱི་ཚོགས་འདུའི་ཐོག་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཀྱི་ཐད་ལ་གྲ་སྒྲིག་བྱེད་ཕྱོགས་དང་། ཡུ་རོབ་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་ཞིབ་ལྷུག་གནང་ཡོད་འདུག

བོད་རྒྱ་འབྲེལ་མོལ་གཏན་འཇགས་འཆར་འགོད་ཐབས་ཇུས་ཚོགས་ཆུང་གི་ཚོགས་མི་ཀརྨ་ཆོས་དབྱིངས་ལགས།

 དེའི་ཐད་ཚོགས་ཆུང་གི་ཚོགས་མི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསར་འགོད་པར། ད་ལན་གྱི་ཚོགས་འདུའི་ཐོག་རྐང་དེ་ང་ཚོས་བོད་རྒྱ་འབྲེལ་མོལ་ཡོངས་ཐབས་ལ་གྲ་སྒྲིག་ག་རེ་བྱ་དགོས་ཀྱི་འདུག བསམ་བློ་གཏོང་ཕྱོགས་དེ་གང་འདྲ་བྱ་དགོས་འདུག ཕྱིའི་རྒྱལ་ཁབ་ཁག་ལ་འདི་(བོད་རྒྱ་ཞི་མོལ། )དང་འབྲེལ་ཡོད་ལ་འབྲེལ་བ་ག་འདྲ་གནང་དགོས་པའི་སྐོར་ལ་གོ་བསྡུར་བྱུང་སོང་། དེ་བཞིན་དོན་ཚན་གཉིས་པ་དེ་རྒྱལ་སྤྱིའི་ནང་དང་ལྷག་པར་ཡུ་རོབ་ནང་དུ་བོད་དོན་ཐོག་ལ་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་བ་གང་འདྲ་སྤེལ་དགོས་ཀྱི་འདུག དེ་དག་གི་ཆབ་སྲིད་ཀྱི་གནས་སྟངས་གང་འདྲ་ཆགས་ཀྱི་འདུག བོད་དང་རྒྱ་ནག་ཐོག་ཏུ་འཛིན་པའི་སྲིད་ཇུས་ག་རེ་ཆགས་ཡོད་མེད་ཐོག་གོ་བསྡུར་ཞིབ་ཅིང་ཕྲ་བ་ཞིག་གནང་ཡོད་པ་རེད། ལྷག་པར་དུ་ཡུ་རོབ་ནང་དུ་རྒྱལ་ཁབ་མང་པོ་ཞིག་ཡོད་པ་རེད། ཨ་རི་དང་ཁེ་ན་ཌ་ལྟ་བུ་ཡིན་ན་བོད་དོན་ཐོག་གང་ལ་གང་འཚམ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་མཁན་ཞིག་རེད། སྤྱིར་བཏང་ཡུ་རོབ་མི་མང་དང་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་འཐུས་མི་སོགས་ནས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་སུ་ལས་འགུལ་ག་རེ་སྤེལ་དགོས་མིན་དང་། ཞུ་གཏུག་ག་རེ་བྱ་དགོས་མིན། དེ་བཞིན་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་སོ་སོའི་ནང་ལས་དོན་དམིགས་སུ་བཀར་ནས་དགོས་འདུན་ག་རེ་ཞུ་དགོས་མིན་གྱི་ཐད་ལ་གོ་བསྡུར་བྱུང་ཡོད་པ་དང་། ཕྱི་ཟླ་ ༡༡ ནང་གི་ཚོགས་ཐེངས་དང་པོའི་སྐབས་སུ་གོ་བསྡུར་བྱུང་བའི་ཚིག་ཐོ་དེ་དག་ལ་བསྐྱར་ཞིབ་གནང་ནས། མཇུག་སྐྱོང་བྱ་དགོས་པའི་རིགས་དེ་དག་བསྐྱར་ཞིབ་གནང་ཡོད་རེད། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་སྐོར་ལ་གྲོས་བསྡུར་གནང་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

འདི་གའི་གསར་འགོད་པས་འདས་ལོར་སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཡིག་ཆ་ཞིག་གནང་འཆར་ཡོད་སྐོར་གསུངས་ཡོད་པ་དེའི་ཐད་བཀའ་འདྲི་ཞུས་པར་ཁོང་གིས།  རྒྱ་ནག་གཞུང་ལ་བོད་རྒྱ་ཞི་མོལ་ཐད་ཀྱི་ཡིག་ཆ་ཞིག་སྤྲད་རྒྱུ་དེར་བསྐྱར་ཞིབ་བྱེད་མུས་ཡིན་པ་དང་། རྒྱལ་སྤྱིར་ཨུ་རུ་སུས་ཡུ་ཁེ་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་ཚ་གླེང་བྱེད་མུས་ཡིན་ཡང་། འདི་ལོའི་ཟླ ༡༠ པའི་ནང་རྒྱ་ནག་གཞུང་གི་ཚོགས་ཆེན་དང་བསྟུན། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་ཡོད་སྟབས། ད་ལྟ་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་ཡིག་ཆ་དེ་རྒྱ་ནག་གཞུང་ལ་སྤྲད་རྒྱུར་འོས་འཚམ་ཞིག་མིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

བོད་རྒྱ་འབྲེལ་མོལ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་དང་པོ།

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་སྐབས་བཅུ་དྲུག་པའི་བཀའ་ཤག་གིས་བོད་རྒྱ་འབྲེལ་མོལ་ཐབས་ཇུས་འཆར་འགོད་ཚོགས་ཆུང་གསར་འཛུགས་གནང་སྟེ། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་བཞུགས་སྒར་ཉེ་འདབས་ཀྱི་ནོར་གླིང་གི་རྒྱ་གར་གྱི་ (Imperial Heights) གསོལ་མགྲོན་ཁང་དུ་བོད་རྒྱ་འབྲེལ་མོལ་གྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་བཞུགས་སྒར་དྷ་སར་ཡོད་པའི་ཨེ་ཤ་ཡའི་གསོལ་མགྲོན་ཁང་ (Asia Health Resort) དུ་ཚོགས་འདུ་ཐེངས་གཉིས་ཚོགས་ཡོད་པ་རེད། ཚོགས་འདུ་གཉིས་ཀྱི་ཐོག་བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་སྐོར་ལ་བསྐྱར་ཞིབ་དང་། མ་འོངས་པའི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་གནང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༥ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese