མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་པ་ལ་དྭགས་ནས་འཚོགས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་པ་དེ་ལ་དྭགས་བསོད་ནམས་གླིང་བོད་མིའི་མཉམ་འབྲེལ་གྱི་ཚོགས་ཁང་དུ་ཉིན་གྲངས་ལྔའི་རིང་འཚོག་གི་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་ལ་དྭགས་བསོད་ནམས་གླིང་བོད་མིའི་མཉམ་འབྲེལ་གྱི་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཉིན་གྲངས་ལྔའི་རིང་ཚོགས་མགོ་བརྩམས་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་སྒྲོལ་མ་ལགས་ཀྱི་གཙོས་རྒྱ་བལ་གཉིས་དང་ཨ་རི། ཡུ་རོབ་སོགས་ཀྱི་ས་གནས་ ༢༨ ནས་བུད་མེད་ཚོགས་བཅར་བ་ཁྱོན་མི་གྲངས་ ༧༥ དང་། ལ་སྤྱི་དོན་འགྲུབ་བཀྲ་ཤིས་ལགས་ཀྱི་གཙོས་ལ་དྭགས་ཨ་མའི་ཚོགས་པ་དང་ལ་དྭགས་བོད་ཁྱིམ་གྱི་དགེ་རྒན་ཁག་ཅིག་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འཛོམས་འདུག

ཚོགས་ཐོག་ཏུ་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་ཞིང་མཛད་འཕྲིན་ལྷུན་གྱི་འགྲུབ་ཆེད་༸རྗེ་བཙུན་སྒྲོལ་མའི་སྐུ་རྟེན་ཞིག་འབུལ་ལམ་ཞུས་པ་དང་སྦྲགས། བོད་ཀྱི་བུད་མེད་ལྷན་ཚོགས་དེ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་དབུ་འཛུགས་གནང་ཞིང་། ཚོགས་གཙོ་ཐོག་མ་ཀུན་བདེ་གླིང་དཔལ་མོ་ཀུན་བཟང་ལགས་ཡིན་པ་སོགས་ཀྱི་ལོ་རྒྱུས་ལུང་འདྲེན་དང་། བཙན་བྱོལ་དུ་བུད་མེད་ལྷན་ཚོགས་སླར་གསོ་བྱས་ཏེ། ད་ལྟའི་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ལ་ས་གནས་ཡན་ལག་ཁྱོན་ ༥༨ དང་ཚོགས་མི་ཁྲི་གཉིས་ཡོད་སྟབས། གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་ཤིག་ཡིན་པའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་གྲུབ་མཚམས། བོད་ཀྱི་བུད་མེད་ལྷན་ཚོགས་དེ་༸གོང་ས་མཆོག་གི་ཞབས་འོག་དཔུང་འདེགས་དང་༸མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་དང་དབུ་མའི་ལམ་ལ་ཤར་བསྐྱོད་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔལ་མོ་དག་གི་སླད་དུ་སྔོན་སྨོན་གསོག་སྒྲུབ་དང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་བོད་པ་ཙམ་དུ་མ་ཟད་པའི་འཛམ་གླིང་སྤྱི་ལ་གལ་ཆེ་བའི་གནད་དོན་ཞིག་ཡིན་སྟབས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་གང་ཡོད་སྟེང་མཉམ་ཞུགས་དང་ཞུ་གཏུགས་སོགས་ཀྱི་ལས་འགུལ་མང་དག་ཅིག་སྤེལ་ཡོད་པ་མ་ཟད། ལས་བྱེད་ཅིག་ཆེད་དུ་བསྐོས་ཏེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་རྒྱ་ཆེར་སྤེལ་ཡོད་སྐོར་དང་། དྲ་རྒྱའི་དུས་རབས་ཡིན་དུས་གློག་ཀླད་སྦྱོང་བརྡར་དང་ཚེམ་བཟོ་འཛིན་གྲྭ ཕྱི་ལོ་ ༢༠༢༡ དང་ ༢༠༢༢ གཉིས་ཀྱི་རིང་བུ་ཕྲུག་ལྔ་ལས་མང་བའི་ཁྱིམ་ཚང་ ༡༡ ལ་མི་འབོར་འཕེལ་རྒྱས་གཏོང་ཐབས་ཀྱི་ལས་གཞིའི་ཁྲོད་ལེགས་སྐྱེས་ཕུལ་ཡོད་སྐོར། ཏོག་དབྱིབས་གཉན་རིམས་སྐབས་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་སོ་སོའི་གནས་བབ་ལ་གཞིགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གང་ཐུབ་ཞུས་པ་དང་བོད་ཀྱི་ཐེབས་རྩ་དང་མཉམ་འབྲེལ་གྱིས་ཕྲུ་གུ་མངལ་ལ་ཡོད་པའི་ཁེར་རྐྱང་གི་ཨ་མ་ ༡༦༠༠ ལྷག་ལ་འཚོ་བཅུད་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་རོགས་རམ་ཞུས་ཡོད་པ། ཕྱི་ལོ་ ༢༠༡༩ ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དང་མཉམ་འབྲེལ་གྱིས། བུད་མེད་ལ་བཙན་གཡེམ་དང་བརྙས་བཅོས་ཀྱི་ཁ་པར་གཏོང་མཁན་ ༥༠ ལྷག་ལ་ལམ་སྟོན་དང་སློབ་གསོ་རྒྱག་པ་སོགས་ཀྱི་ཐོག་ན་རོགས་སྐྱོར་བྱས་ཡོད་པ་དང་། ང་ཚོས་ལས་དོན་ག་འདྲ་ཞིག་སྤེལ་བ་ཡིན་ན། བོད་སྤྱིའི་དོན་དུ་ཕྱག་སྤྲེལ་མཉམ་འདེགས་ཀྱིས་སྤེལ་ཐུབ་ཚེ། གྲུབ་འབྲས་ཡག་པོ་ཞིག་སོན་ཐུབ་ཀྱི་འདུག་ཅེས་ཞུ་འདོད་བྱུང་སོང་། ཞེས་སོགས་བརྗོད་སོང་།

མཇུག་ཏུ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། འཛམ་གླིང་ཞི་བདེ་དེ་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། དེ་རིང་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་བའི་ཐོག་ཆིབས་སྒྱུར་བསྐྱངས་པའི་ས་གནས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཕྱག་ལས་གནང་མཁན་རྣམ་པ་དང་། ལྷག་པར་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དབུས་པའི་ས་གནས་ཁག་ ༢༨ ནས་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། དེ་རིང་འདིར་ང་ཚོ་བོད་དང་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པའི་ལ་དྭགས་སུ། དུས་ཀྱི་ཆ་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་ཀྱིས་བཅག་སྟེ་ཟབ་ཅིང་རྒྱ་ཆེ་བའི་བཀའ་ཆོས་སྩལ་ནས་བསྐལ་བཟང་གི་དུས་ཚོད་བྱུང་བ་རེད་ལ། དེ་རིང་ལྷག་པར་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཚོད་ཁྱད་པར་ཅན་ཞིག་ལ་རྣམ་པ་ཚོ་འཛོམས་ཐུབ་པ་དེ་རྟགས་དང་རྟེན་འབྲེལ་བཟང་པོ་ཞིག་རེད། བོད་ཀྱི་བུད་མེད་ལྷན་ཚོགས་དེ་བོད་ཀྱི་ཚོགས་པ་མང་པོའི་གྲས་ནས་གལ་འགངས་ཆེ་ཤོས་དང་རྙིང་ཤོས་ཤིག་ཡིན་པ་དངོས་ཡོད་གནས་ཚུལ་རེད། བུད་མེད་ལྷན་ཚོགས་དེ་བོད་མིའི་སྤྱི་ཚོགས་ནང་གི་གལ་འགངས་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་པ་དང་བྱུང་བསྡད་པ་ནི་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བཞག་པ་ཞིག་དང་། ལྷག་པར་དུ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་དབུ་ཚུགས་པ་ནས་ཕྱི་ལོ་ ༡༩༨༤ ལོར་བསྐྱར་གསོ་ཐུབ་པ་སོགས་ད་ལྟའི་བར་བུད་མེད་ལྷན་ཚོགས་དང་འབྲེལ་ཞིང་བོད་མིའི་དཔའ་མོ་སྟོང་ཕྲག་མང་པོས་ལུས་ལོངས་སྤྱོད་སྲོག་དང་བཅས་པ་བློས་གཏོང་དང་སྐུ་ལས་བསྐྱོན་ནས་བྱུང་བ་ཞིག་ཆགས་བསྡད་པ་ནི་གཟི་བརྗིད་ཅིག་རེད། དེར་བརྟེན། འདས་པའི་སྐབས་ལ་དེ་འདྲ་ཞིག་བྱུང་བ་ནི་ཁོང་རྣམ་པས་སྐུ་ལས་བསྐྱོན་པའི་འབྲས་བུ་རེད་ལ། ལྷག་པར་དུ་ད་ལྟ་དང་མ་འོངས་པ་དེ་དེ་ལས་གལ་ཆེ་བ་ཆགས་ཡོད་དུས། ད་ལྟ་དང་མ་འོངས་པའི་སྐབས་ཀྱི་བུད་མེད་ལྷན་ཚོགས་ཀྱི་མདུན་ལམ་དེ། ད་ལྟ་འདིར་ཆིབས་སྒྱུར་བསྐྱངས་པའི་རྣམ་པ་ཚོར་རག་ལས་ཡོད་པ་རེད། མ་འོངས་པའི་ཁ་ཕྱོགས་དེ་གལ་ཆེན་པོ་ཆགས་ཡོད་དུས་རྣམ་པ་ཚོར་འགན་འཁྲི་ཞིག་དང་དེའི་ཐོག་ཐུགས་འགན་བཞེས་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ད་གི་གོང་དུ་ཚོགས་གཙོ་མཆོག་ནས་གསུང་བ་བཞིན། ད་ལྟ་འདིར་ཕེབས་བསྡད་པའི་རྣམ་པ་ཚོས་གཞིས་ལུས་བོད་མི་སྤྱིའི་སྐུ་ཚབ་ཅིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་ཚོས་གཞིས་ལུས་སྤུན་ཟླ་ཚོའི་སྐུ་ཡི་སྐུ་ཚབ། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་ཅིག་གནང་ཐུབ་པ་དང་འགན་འཁུར་ཐོག་པའི་ཐོག་ནས་མ་འོངས་པའི་ཆེད་དུ་རིག་པ་བསྒྲིམ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་བའི་སྟེང་གྲོས་གཞི་དོན་ཚན་བརྒྱད་ཡོད་པ་དག་ནི། དབུས་ས་གཉིས་ཀྱི་རྩིས་ཁྲ་སྙན་སྒྲོན་དང་འགན་ལྷན་སྐབས་བཅུ་གསུམ་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་ཀྱིས་མཇུག་སྐྱོང་དགོས་རིགས་ཇི་འོས་གནང་རྒྱུ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་དང་དམིགས་བསལ་བཀའ་བཞིན་མཆོད་པའི་མཉེས་པ་ཞུ་ཐབས། ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་པའི་ཆབ་སྲིད་བཙོན་པ་ཡོངས་མགྱོགས་མྱུར་ཀློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་ཕྱོགས། བུད་མེད་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཤེས་ཡོན་སོགས་གོང་མཐོར་གཏོང་ཐབས། ཛ་དྲག་གནས་སྟངས་འོག་ཏུ་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཕྱོགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་སྲ་བརྟན་ཡོང་ཐབས། མི་འབོར་འཕེལ་རྒྱས་གཏོང་ཐབས་ཀྱི་སྐོར་བཅས་རེད་འདུག

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese