མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་དྭགས་ཟངས་དཀར་གྱི་ཁ་ཆེ་ལྷ་ཁང་དུ་ཆིབས་སྒྱུར་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ སྟེང་གོང་ས་མཆོག་ལ་དྭགས་ཟངས་དཀར་གྱི་སོ་ནེ་ཁ་ཆེ་ལྷ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། འཛམ་གླིང་གི་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་བྱམས་སྙིང་རྗེ་ཡིན་པ་དང་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་སྟེ་ཕན་ཚུན་བར་འཆམ་མཐུན་བྱུང་ན་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།

སྐབས་དེར་༸མགོན་པོ་གང་ཉིད་མཆོག་གིས། དེ་རིང་འདིར་ཟངས་དཀར་གྱི་ཁ་ཆེ་གྲོགས་ཕོ་མོ་རྒན་གཞོན་ཚང་མར་གུས་ཞབས་དང་དགའ་བསུ་ཞུ་ཡི་ཡོད། ངོས་རང་ནང་པའི་དགེ་སློང་ཞིག་རེད། འོན་ཀྱང་། ངོས་ཀྱི་མི་ཚེ་འདིར་དམ་བཅའ་གཅིག་ནི། ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བར་ཡོད་ཀྱང་། ཚང་མས་ཡ་རབས་དང་ཕན་སེམས། དེ་བཞིན།་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུ་གཅིག་གྱུར་རེད། དེར་བརྟེན། ངོས་ནས་རིས་སུ་མ་མཆེད་པའི་ཆོས་ལུགས་ཚང་མར་གུས་ཞབས་ཞུ་ཡི་ཡོད།

དེ་རིང་ཁ་སང་ང་ཚོའི་སྤྱི་ཚོགས་ནང་ཟིང་ངེ་ཟིང་ངུ་མང་པོ་ཞིག་ཡོད་པའི་ཐོག ཆོས་ལུགས་མི་མཐུན་པ་དག་གིས་ཕྱོགས་ཞོལ་འདེགས་བྱས་ཏེ། དཔེར་ན་ཨབ་གྷན་ནང་ཁ་ཆེ་ཆོས་ལུགས་གཅིག་གྱུར་ཡིན་ནའང་། སོ་ནེ་དང་ཤི་ཡའི་བར་ཏོག་ཙམ་མི་མཐུན་པ་བྱུང་གི་ཡོད། གང་ལྟར་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་གིས། མི་བསམ་བློ་རྒྱ་ཆུང་ཆུང་ཡོད་པ་ཚོས་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གཅིག་གིས་གཅིག་ལ་འཐེན་འཁྱེར་བྱེད་བཞིན་ཡོད་པ་ང་ཚོས་མཐོང་བཞིན་པ་དེ་རེད། ཧ་ལས་པའི་སྐྱོ་བོ་རེད།

ང་ཚོའི་ཆོས་ལུགས་ཚང་མར་སོ་སོའི་ལྟ་གྲུབ་མི་འདྲ་བར་ཡོད་ཀྱང་། ཚང་མས་སེམས་པ་བཟང་པོ་དང་མི་ལ་ཕན་ཐོགས་རྒྱུ། བྱམས་པ་དང་བརྩེ་བ་ནི་འཛམ་གླིང་གི་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ཆགས་བསྡད་ཡོད། ངོས་རང་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་པ་ཡིན་ན། ཆོས་ལུགས་སོ་སོའི་ལྷ་ཁང་དུ་ཕྱིན་ནས་སྨོན་ལམ་བརྒྱབ་པ་སོགས་བྱེད་ཀྱི་ཡོད། ང་ཚོའི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་གསུང་གི་ཡོད། དེ་མིའི་སྤྱི་ཚོགས་ལ་དགོས་མཁོ་ཧ་ཅང་ཆེན་པོ་རེད།

དེ་རིང་ངོས་ཆེད་དུ་ཟངས་དཀར་གྱི་ཁ་ཆེ་ཆོས་དད་བྱེད་མཁན་ཁྱེད་རང་ཚོར་ཐུག་པ་རེད། ངོས་རང་ཆེད་མངགས་ཁྱེད་རང་ཚོར་ཐུག་ག་ཡོང་བ་ཡིན། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་དང་གུས་ཞབས་ཡོད། སྤྱིར་རྒྱ་གར་རྒྱལ་ཡོངས་དང་ཡང་སྒོས་ཟངས་དཀར་ཁུལ་དུ་ཕྱིའི་དངོས་པོ་ཡར་རྒྱས་ཡག་ཐག་ཆོད་འགྲོ་བཞིན་པ་འདྲ་པོ་འདུག ངོས་རང་ཟངས་དཀར་ཁུལ་དུ་དེ་སྔ་ཚར་འགའ་ཡོང་བ་རེད། ལོ་རེ་ནས་ལོ་རེར་ཡར་རྒྱས་འགྲོ་བཞིན་པ་མཐོང་སོང་།

འཛམ་གླིང་ཡོངས་རྫོགས་ཀྱིས་ཕྱིའི་དངོས་པོ་ཡར་རྒྱས་འགྲོ་རྒྱུའི་ཐོག་བསམ་བློ་གཏོང་གི་ཡོད་པ་རེད། འོན་ཀྱང་། ང་ཚོས་ག་རེ་ཤུགས་སྣོན་བརྒྱག་དགོས་རེད་ཟེར་ན། ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ། སྙིང་རྗེ་སོགས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་ཀྱི་འདུག ག་བ་ལ་ཡིན་ན་ཚང་མས་ཞི་བདེ་ཞི་བདེ་ཟེར་གྱི་ཡོད། ཞི་བདེ་གནམ་ནས་འབབ་རྒྱུ་མེད། འཁྲུག་པ་ང་རང་ཚོ་མིས་བཟོས་པ་རེད། དེར་བརྟེན། ཞི་བདེ་ཟེར་དུས་ང་ཚོ་མི་རང་ཉིད་ནས་ཕན་ཚུན་བར་མཛའ་མཐུན་དང་གྲོགས་པོའི་འདུ་ཤེས། གཅིག་གིས་གཅིག་ལ་ཕན་གྲོགས་བྱས་ཏེ། ཞི་བདེ་བསྐྲུན་དགོས་པ་ཆགས་ཀྱི་ཡོད། ངོས་རང་དྲི་བ་དྲི་ལན་བྱ་རྒྱུ་དགའ་པོ་ཡོད་ཀྱང་། སྔོན་ལ་འདི་གཅིག་ཟ་རྒྱུ་ཡིན། ཞིམ་མདོག་ཁ་པོ་ཞེ་དྲགས་འདུག ཅེས་བཞད་མོ་བཞེས་སོང་།

ངོས་རང་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ནའང་། ང་རང་ཚོ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་གཙོ་བོར་འཇོག་གི་ཡོད། ང་ཚོ་ཚང་མ་མི་གཅིག་པ་རེད། ཁ་གཅིག་དང་མིག་གཉིས་ཡོད་པ་གཅིག་པ་རེད་འདུག་ག དཔེར་ན་ཕར་ཚུར་ཕྱིན་སྐབས། མི་མིག་གསུམ་ཡོད་པ་དང་ཁ་ལ་མཆེ་བ་ཡོད་པ་ཞིག་ལ་ཐུག་ཚེ། ངོས་ལ་འདྲོག་མགོ་ལངས་ཀྱི་རེད། འོན་ཀྱང་། དེ་མ་རེད། ང་རང་ཚོ་ཚང་མ་དངོས་གནས་དྲང་གནས་བསམ་བློའི་ཐོག་ནས་ཐག་ཉེ་བོ་བྱུང་བ་ཡིན་ན། ང་ཚོ་འཛུམ་ཞིག་ཞིག་གི་མི་གཅིག་གྱུར་རེད།

མི་ལྷན་སྐྱེས་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན། ང་ཚོ་ཚང་མ་མ་ལས་སྐྱེས་པ་དང་མ་ཡི་ནུ་བཅུད་འཐུང་སྟེ་ལངས་པ་དང་མི་ཚེ་འདི་འདྲ་བྱས་ནས་བསྐྱལ་བ་རེད།  བུ་གུ་ཆུང་ཆུང་ཚོས་ལུང་པ་དང་ཆོས་ལུགས་གང་ཡིན་གྱི་སྐད་ཆ་འདྲི་ཡོ་མ་རེད། ང་ཚོ་མ་ཡི་བརྩེ་བའི་འོག་ནས་ལོན་འདུག དེ་ནས་བྱིས་པ་ཆུང་ཆུང་ཚོས་གཅིག་གིས་གཅིག་ལ། ཁྱེད་ཀྱི་ལུང་པ་དང་ཆོས་ལུགས་གང་ཡིན་གྱི་སྐོར་ནས་སྐད་ཆ་བཤད་ཀྱི་མ་རེད། གཅིག་གིས་གཅིག་ལ་བརྩེ་བའི་བློ་ཡོད་པ་དང་རྩེད་མོ་མཉམ་དུ་རྩེད་ནས་སྡོད་ཀྱི་ཡོད། ང་ཚོ་བྱིས་པ་ཆུང་དུས་སྐབས་སུ། མི་གཅིག་གྱུར་གྱི་འདུ་ཤེས་འདུག

ངོས་རང་ས་ཆ་གང་དུ་ཕྱིན་ནའང་མི་གཅིག་གྱུར་གྱི་འདུ་ཤེས་བཞག་སྟེ། སུ་དང་ཐུག་འཕྲད་བྱུང་བ་ཡིན་ན་འཛུམ་ཞིག་ཞིག་སྡོད་ཀྱི་ཡོད། ཕར་འཛུམ་ཞིག་ཞིག་བསྡད་དུས། ཚུར་ལ་སེམས་ཐག་ཉེ་བའི་དགའ་པོའི་རྣམ་འགྱུར་སྟོན་གྱི་འདུག དཔེར་ན། ང་ཚོ་གཅིག་པོ་ས་སྟོང་ལུང་སྟོང་ཞིག་ལ་ལུས་ཡོད་དུས། ཕ་གི་ནས་མི་ཞིག་ཚུར་ཡོང་གི་ཡོད་པ་མཐོང་དུས། སེམས་ལ་དགའ་ཚོར་ཞེ་དྲགས་སྐྱེས་ཏེ། དེའི་འཁྲིས་སུ་འགྲོ་རྒྱུ་མ་གཏོགས། མི་དེ་ལུང་པ་གང་ནས་ཡིན་པ་དང་ཆོས་ལུགས་གང་ཡིན་སྐོར་འདྲི་ཡི་མ་རེད། མི་གཅིག་གྱུར་ཡིན་པ་ལ་བརྟེན་ནས་ཕར་མི་དེའི་འཁྲིས་ལ་འགྲོ་ཡི་རེད།

དངོས་གནས་བྱས་ན། འཛམ་གླིང་གི་མི་ཚང་མ་སྐྱེས་ཚུལ་དང་ཤི་ཚུལ་གཅིག་མཚུངས་ཡིན། དེ་ནས་གསོན་པའི་རིང་ལ་ཁྱེད་དང་ང་ཞེས་ཐག་རིང་པོ་ཞེ་དྲགས་བྱས་ཏེ། ཆོས་ལུགས་དང་མི་རིགས། རྒྱལ་ཁབ་མི་འདྲ་བ་སོགས་ཀྱི་ཐོག་ནས་ཉེ་བོ་ཡོང་རྒྱུའི་ཚབ་ཏུ། རྒྱང་ཐག་རིང་པོ་བཞག་སྟེ་མི་མཐུན་པའི་ཕྱོགས་དེར་བསམ་བློ་གཙོ་བོ་བཏང་གི་ཡོད་པ་འདྲ་བོ་འདུག  བུ་གུ་ཆུང་ཆུང་ཡིན་དུས་དེ་ཡོད་པ་མ་རེད། ག་ལེར་ལོན་ཡོང་བ་དང་མི་རིགས་དང་ཆོས་ལུགས་གཅིག་པ་ཡིན་ནའང་། དབུལ་པོ་དང་ཕྱུག་པོའི་རྣམ་དབྱེ་ཕྱེས་ཏེ་རང་ཕྱོགས་དང་གཞན་ཕྱོགས་ཟེར་བ་ང་ཚོའི་སེམས་ནང་ཡོང་གི་ཡོད་པ་རེད། དེ་རྙོག་གྲའི་རྩ་བ་རེད་འདུག ཅེས་གསུངས།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༢ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese