མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ལ་དྭགས་ནང་ཆོས་ལུགས་མཐུན་སྒྲིལ་ཡག་པོ་ཡོད་པར་བསྔགས་བརྗོད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་བོད་ཀྱི་ཆོས་རིག་གི་གཞུང་ལུགས་ཉར་ཚགས་དང་ལ་དྭགས་ནང་ཆོས་ལུགས་མཐུན་སྒྲིལ་ཡག་པོ་ཡོད་པར་ཡི་རངས་བསྔགས་བརྗོད་མཛད་སོང་།

ལ་དྭགས་ཁ་ཆེ་འབྲེལ་མཐུད་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཀྱི་རྒྱལ་ས་རྙིང་བ་ཤེལ་ཕོ་བྲང་གི་ཉེ་འདབས་སུ་ཆགས་པའི་སོ་ནེ་ཁ་ཆེ་མཆོད་་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། དད་ལྡན་དོན་གཉེར་ཅན་རྣམས་ལ་བཀའ་སློབ་སྩལ་རྗེས། ཉིན་གུང་གསོལ་ཚིགས་བཞེས་གནང་སོང་།

སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱི་གཅེན་གཅུང་སྤྱི་དང་བྱེ་བྲག་ཏུ། ཁ་ཆེ་གཅེན་གཅུང་རྣམ་པ། ངོས་ཀྱི་དུས་ཐུང་གི་གཟིགས་སྐོར་སྐབས། ཁྱེད་རྣམ་པའི་ཕེབས་བསུའི་ཚོགས་ཆུང་གིས་ངོས་དེ་རིང་འདིར་ཉིན་གུང་གི་གསོལ་ཚིགས་ལ་སྐད་བཏང་བ་རེད། ཚིག་དེ་ཧ་ཅང་ཡག་པོ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་ཁ་ལག་རེད། ཅེས་བཞད་མོ་བཞད། ངོས་ཁ་ཆེ་ཆོས་ཁང་དུ་གནས་མཇལ་ཧ་ཅང་ལེགས་པོ་བྱུང་། ཁྱེད་ཚོས་གཅིག་བྱས་ན། ངོས་ཀྱི་སྐྱེས་ཡུལ་ཤེས་སྲིད། བོད་ཀྱི་བྱང་ཤར་རེད། དེ་ན་ཁ་ཆེ་མང་པོ་ཡོད། ཆུང་བྱིས་པའི་དུས་ནས་བཟུང་ངོས་ནས་ཁྱེད་ཅག་གི་གསོལ་འདེབས་ལ་རྒྱུས་མངའ་ཡོད། ཁ་ཆེ་ཚོས་ངོས་ལ་དགའ་པོ་བྱེད་ཀྱི་རེད། ངོས་རང་ཆུང་ཆུང་ཡིན་ཡང་སྤྱང་པོ་ཡོད། དེ་ནས་ངོས་རང་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་པ་དང་དེ་ལྷ་སར་ཕྱིན་པ་རེད། ལྷ་སར་ཁ་ཆེ་མང་པོ་ཡོད། མང་ཆེ་བ་ཚོང་པ་རེད། ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་གཞུང་འབྲེལ་མཛད་སྒོ་ནམ་ཡིན་ལ་གྲངས་ཉུང་ཡིན་པའི་ཁ་ཆེ་བ་ཚོ་ཡོང་གི་ཡོད། དེར་བརྟེན། ངོས་ཆུང་བྱིས་དུས་ནས་བཟུང་ཁ་ཆེ་གཅེན་གཅུང་རྣམ་པ་དང་ཁྱེད་ཅག་གི་ཐུན་མོང་མ་ཡིན་པའི་གྱོན་ཆས་ལ་རྒྱུས་མངའ་ཡོད་པ་མ་ཟད། ལྷག་པར་དུ་ལྷ་སའི་མི་མང་གིས་ཁ་ཆེ་བ་རྣམས་ཧ་ཅང་ཞི་བདེ་ཡིན་པར་བརྩི་ཡི་ཡོད།

ཁ་ཆེ་གཅེན་གཅུང་ཚོའི་འཚོ་གནས་དངོས་ནི་ཚོང་རྒྱག་རྒྱུ་དེ་རེད། དེ་བས། ཁོང་ཅག་རྒྱུན་པར་རྒྱ་གར་དུ་ཕྱིན་ནས་ས་གནས་བོད་མི་ཚོར་མེད་པའི་དངོས་ཟོག་འཁྱེར་ཡོང་གི་ཡོད་ལ། ཁ་ཆེའི་གཞོན་སྐྱེས་གཅེན་གཅུང་མང་པོ་རྒྱ་གར་ནས་ཕྱིར་ལོགས་ཡོང་སྐབས། ང་ཚོས་འདུན་པ་དྲག་པོའི་ངང་ནས་རྒྱ་གར་གྱི་གནས་སྟངས་དང་གྷན་དྷི་སོགས་ཀྱི་སྐོར་ལ་ཉན་འདོད་ཧ་ཅང་ཆེན་པོ་ཡོད། སྤྱི་ཚོགས་ཆུང་ཆུང་ཡིན་པའི་ཁ་ཆེ་བ་ཚོར་ང་ཚོའི་གནས་ཚུལ་གྱི་འབྱུང་ཁུངས་ཆགས་ཡོད་ལ། ང་ཚོས་ཁ་ཆེ་བ་ཚོ་ཧ་ཅང་ཞི་བདེ་བག་འཕེལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

ངོས་ནས་གོང་དུ་བཤད་པ་ལྟར། བོད་ཀྱི་གཞུང་འབྲེལ་མཛད་སྒོ་ཚང་མའི་སྟེང་ཁ་ཆེའི་སྐུ་ཚབ་མི་སྣ་མཉམ་ཞུགས་གནང་གི་ཡོད། ངོས་ཀྱི་ཆུང་བྱིས་དུས་ནས་ང་ཚོ་ཕན་ཚུན་རྒྱུས་མངའ་ཡོད། འོན་ཀྱང་། རྗེས་སུ་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཐེབས་ཏེ་གནས་སྟངས་ཁག་པོ་ཆགས་པ་རེད། མཐའ་མ་དེར་ངོས་རྒྱ་ནག་གི་སྲིད་འཛིན་མོ་ཙེ་ཏུང་དང་ལེ་ཧྲའོ་ཅི། ལེ་ཧྲན་ནཱན་སོགས་སུ་ཐུག་པ་ཡིན་ལ། རྒྱུས་མངའ་མི་སྨད་པ་ཞིག་ཡོད། ངོས་ལྷ་སར་འགྲོ་རྒྱུའི་སྔ་ཉིན་དེར་གཞུང་འབྲེལ་གང་ཡང་མིན་པའི་ཐོག་ནས་ཙེ་ཏུང་ངོས་ལ་ཐུག་དགོས་ཡོད་ཟེར་ནས་ཀྲོང་ནན་ཧེ་རུ་སྐད་བཏང་སོང་། སྐབས་དེར་མོ་ཙེ་ཏུང་རང་ཁྱིམ་ནས་ཕྱིན་ཐོན་ཏེ་ངོས་ལ་བསུ་མར་སླེབས་བྱུང་བ་དང་། ཁོས་དེ་དུས་བོད་རྒྱ་ཆེ་མི་མང་གི་སྣེ་འཁྲིད་སྟངས་དང་མཐའ་མའི་ཐག་གཅོད་ངོས་ནས་ལེན་དགོས་པ་སོགས་ངོས་ལ་བསླབ་བྱ་གང་མང་བརྒྱབ་བྱུང་བ་མ་ཟད། མཐའ་མ་དེར་ཁོས་ངོས་ལ། ཁྱེད་ཀྱི་བསམ་བློ་ཧ་ཅང་ཚན་རིག་དང་མཐུན་པ་རེད་འདུག ཆོས་ནི་ཉལ་ཐ་རེད། ཅེས་བརྗོད་བྱུང་། སྐབས་དེར་ངོས་ནས་ཧ་ཅང་བློ་ཡུལ་ལས་འདས་པ་ཞིག་ཏུ་མཐོང་ཡང་། ཅི་གང་ཚོར་མེད་ཁུལ་བྱས་པ་ཡིན། གཙོ་འཛིན་མོ་ཙེ་ཏུང་གིས་ངོས་ཀྱི་བསམ་བློ་ཚན་རིག་དང་མཐུན་པ་རེད་ཟེར་བ་ནི་ཧ་ཅང་བདེན་པ་རེད། ངོས་ཚན་རིག་པར་ཐུག་པ་དང་ཁོ་ཚོའི་སྐད་ཆ་ལ་ཉན་པར་སྦྲོ་བ་ཧ་ཅང་ཆེ། དེ་མཚུངས་བཞིན། དེང་དུས་ཚན་རིག་པར་ནང་སེམས་ཀྱི་ཞི་བདེ་མཚོན་པའི་སེམས་ཚོར་གྱི་སྐོར་ལ་ཚད་བཀག་གི་གནས་ཚུལ་ཙམ་མ་གཏོགས་མེད་སྟབས། ཚན་རིག་པ་མང་པོ་ངོས་ལ་ཐུག་འཕྲད་དུ་ཡོང་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་འདྲི་ཡི་འདུག ད་ལྟ་ངོས་ལ་ཚན་རིག་པའི་གྲོགས་པོ་མང་པོ་ཡོད་ལ། ངོས་ཀྱིས་ཁོ་ཚོས་འཇིག་རྟེན་ཁམས་ལ་བཟུང་བའི་ལྟ་ཚུལ་སོགས་ཀྱི་སྐོར་ལ་སློབ་སྦྱོང་བྱས་པ་རེད། ངོས་རང་ནང་པ་ཞིག་ཡིན་དུས། ནང་པའི་རྒྱལ་ཁབ་མང་པོའི་ནང་ངོ་ཤེས་པ་མང་པོ་ཡོད།

མཐའ་དོན་མི་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་དང་སེམས་ཚོར་དང་ཀླད་པ་གཅིག་མཚུངས་ཡིན་པ་སོགས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཀུན་གྱིས་ཞི་བདེ་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་འདོད་ཀྱི་ཡོད། ང་ཚོ་སྐྱེས་པ་དང་ཨ་མའི་བྱམས་སྐྱོང་ཐོབ་ཀྱི་ཡོད་སྟབས། མིའི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཡིན། འོན་ཀྱང་། དཀའ་ངལ་ནི་ང་ཚོ་སློབ་གསོའི་ལམ་དུ་ཞུགས་པ་ནས། མིའི་རང་བཞིན་དུ་ཡོད་པའི་བྱམས་བརྩེ་དང་གཅེན་གཅུང་གི་འདུ་ཤེས་མཚོན་པའི་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་སྐོར་དེང་རབས་སློབ་གསོའི་ནང་རྒྱུ་ཆ་འདང་ངེས་མེད་པ་རེད། དཔེར་ན་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་དེ་ནུབ་ཕྱོགས་པའི་ཆགས་ཀྱི་ཡོད་པས། ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ལ་རྒྱུས་མངའ་དེ་ཙམ་མེད་པ་རེད།
རྒྱ་གར་གྱི་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་ནུབ་ཕྱོགས་པར་ཤེས་རྟོགས་མེད་པ་མ་ཟད། བྱམས་སྙིང་རྗེ་བརྒྱུད་དེ་ནང་སེམས་ཀྱི་ཞི་བདེ་བསྐྲུན་སྐོར་ཤེས་རྟོགས་མེད། དུས་རབས་སྔོན་མའི་ནང་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་འཛམ་གླིང་འདིར་འཚེ་མེད་ཞི་བ་འཁྱེར་ཡོང་ཡོད། ལྷོ་ཨ་ཧྥི་རི་ཁ་གཙོས་རྒྱལ་ཁབ་མང་པོ་ཞིག་གྷན་དྷིའི་འཚེ་མེད་ཞི་བའི་ལམ་དུ་ཞུགས་ཡོད། ད་ལྟ་འཐབ་འཁྲུག་ནང་སེམས་ཁོང་ཁྲོ་དང་ཞེ་སྡང་། འཇིགས་སྣང་སོགས་ལ་བརྟེན་ནས་མགོ་རྩོམ་གྱི་ཡོད་པས། འཚེ་མེད་ཞི་བ་ཁོ་ནས་འདང་གི་མེད་པ་རེད། དེར་བརྟེན། བྱམས་སྙིང་རྗེ་ལག་བསྟར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ལ། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མའི་བསླབ་བྱ་ནི་བྱམས་སྙིང་རྗེ་ཡིན་ཡང་། བྱམས་སྙིང་རྗེ་ནི་ཆོས་ལུགས་དང་མ་འབྲེལ་བའི་ཐ་སྙད་ཅིག་ཆགས་ཀྱི་ཡོད། ད་ལྟ་ང་ཚོའི་ཤེས་ཡོན་ནང་དངོས་གནས་དྲང་གནས་ཀྱི་སེམས་པ་བཟང་པོ་བྱ་རྒྱུ་དང་བྱམས་སྙིང་རྗེ་སྐོར་དེ་དགོས་ཀྱི་འདུག ངོས་རང་ནེ་རུ་གཙུག་ལག་སློབ་གཉེར་ཁང་གཙོས་པའི་རྒྱ་གར་གྱི་ཤེས་ཡོན་བསྟི་གནས་ཁང་ཁག་ཏུ་བསྐྱོད་དེ། སློབ་གསོའི་མི་སྣ་ཁག་དང་ཐུག་འཕྲད་ཀྱིས་རྒྱ་གར་གྱི་གནའ་བོའི་བྱམས་སྙིང་རྗེའི་སློབ་གསོ་དང་དེང་རབས་སློབ་གསོ་ཟུང་འབྲེལ་གྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན། བྱམས་སྙིང་རྗེ་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་བྱ་རྒྱུ་མེད། དེ་ནི་འགྲོ་བ་མིའི་འཚོ་གནས་ལ་ཧ་ཅང་གལ་ཆེ་བ་ཞིག་ཡིན། དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་སྙིང་རྗེ་དང་ནང་སེམས་ཀྱི་ཞི་བདེའི་སྐོར་དགོས་ཀྱི་འདུག

ལ་དྭགས་ནས་བོད་དང་ས་འབྲེལ་གྱི་མོན་རྟ་དབང་བར་འདས་པའི་ལོ་སྟོང་ཕྲག་རིང་། ཁྱེད་ཅག་བོད་དུ་ཕྱིན་པ་དང་བོད་མི་རྣམས་འདིར་ཡོང་བ་སོགས་བྱས་ཏེ། ང་ཚོར་སེམས་པ་བཟང་པོ་དང་སྙིང་རྗེའི་སྦྱོང་བརྡར་འདྲ་མཉམ་ཐོབ་ཡོད ངོས་ག་དུས་ཡིན་ཡང་རྒྱ་གར་གྱི་བྱང་ཕྱོགས་སུ་བསྐྱོད་སྐབས། མི་མང་གིས་ངོས་ལ་དགའ་ཚོར་ཞེ་དྲགས་བྱེད་ཀྱི་རེད། རྒྱུ་མཚན་ནི་ང་ཚོའི་བར་ལོ་ངོ་སྟོང་ཕྲག་རིང་ལ་འབྲེལ་བ་གཏིང་ཟབ་དང་ཉེ་བོ་ཡོད་པས་ཡིན། བོད་ལ་མཚོན་ན་འདས་པའི་ལོ་བཅུ་ཕྲག་འགའི་རིང་བོད་ཀྱི་གནས་སྟངས་ཧ་ཅང་ཁག་པོ་ཆགས་ཡོད་ཀྱང་། བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་གི་ཆོས་དང་རིག་གཞུང་བདག་ཉར་ཡག་པོ་བྱས་ཡོད། ད་ལྟ་ཧི་མ་ལ་ཡའི་རི་རྒྱུད་པ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ནས་འབྲེལ་བ་དམིགས་བསལ་ཡོད་པ་ལ་བརྟེན་ནས་རིག་གཞུང་དེ་དག་ཉར་ཚགས་ཡག་པོ་བྱེད་བཞིན་པར་ངོས་ནས་ཡི་རངས་ཞུ་རྒྱུ་ཡིན། ཆོས་ལུགས་ནི་མི་སྒེར་གྱི་དོན་དག་རེད། འོན་ཀྱང་། སེམས་བཟང་བག་འཕེལ་ནི་མི་ཚང་མར་མཁོ་ཡི་ཡོད།

དེ་ནས་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་གལ་ཆེན་རེད། ཆོས་ལུགས་ཚང་མའི་ལོ་རྒྱུས་དང་ལྟ་གྲུབ་མི་འདྲ་ཡང་། བསླབ་བྱ་གཙོ་བོ་ནི་བརྩེ་བ་ཆགས་ཀྱི་ཡོད། དེར་བརྟེན། ཆོས་ལུགས་གྲུབ་མཐའ་སྣ་ཚོགས་བར་མཐུན་སྒྲིག་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན། ད་ལྟ་འདིར་ལ་དྭགས་སུ་ཁ་ཆེ་གཅེན་གཅུང་ཚོ་དང་ནང་པའི་གཅེན་གཅུང་ཚོ་ཧ་ཅང་འཆམ་མཐུན་ངང་གནས་བཞིན་པ་ནི་ཧ་ཅང་ཡག་པོ་རེད། ཅེས་གསུངས།

གསར་འགོད་པ་སྐལ་བཟང་སྦྱིན་པས་ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་ཕོ་བྲང་གི་ཉེ་འཁྲིས་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༢ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese