ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་ཚར་གཅིག་ཕུལ་ཡོད་པ་ལྟར་ཡུལ་དེའི་རིག་གཞུང་བློན་ཆེན་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལྷན་བཞུགས་ཐོག་དབུ་འབྱེད་གནང་ཡོད་འདུག
སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ནས་ཅེག་གི་པ་རག་རྒྱལ་ཡོངས་དཔེ་མཛོད་ཁང་དུ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་ཚར་གཅིག་ཕུལ་ཡོད་པ་ལྟར། དེ་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་(Jiří František)ལགས་ཀྱི་གོ་སྒྲིག་འོག ཅེག་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཚིག་མཛོད་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་པ་དང་། སྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་(Martin Baxa)མཆོག་གི་དབུས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སོགས་ལྷན་འཛོམས་གནང་ཡོད་འདུག
པོད ༢༢༣ ཅན་གྱི་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་དང་། པར་ཐེངས་དང་པོར་ཚར་བཅུ་གྲངས་ཤིག་དཔར་ཡོད་འདུག་ལ། ད་ལྟ་བར་དུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་ཡོངས་དཔེ་མཛོད་ཁང་དང་། སོག་པོ་རྒྱལ་ཡོངས་ཀྱི་དཔེ་མཛོད་ཁང་། འབྲས་ལྗོངས་དཔེ་མཛོད་ཁང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་དང་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་སོགས་ཀྱི་ནང་འབུལ་གཏན་འཁེལ་ཡོད་པ་མ་ཟད། རེ་ཟུང་ལ་ཚིག་མཛོད་འབྱོར་ཟིན་ཏེ་དབུ་འབྱེད་མཛད་སྒོ་རིམ་གྱིས་བསྡུ་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ལ་དྭགས་དབུས་གཞུང་ནང་པའི་རི
གསར་འགོད་པ། དཔལ་ལྡན།