མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་དང་མཇལ་མོལ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་འཚོག་བཞིན་པའི་འདི་ལོའི་ ༢༠༠༠ ཞི་བདེ་གླེང་སྟེགས་སྐབས་ ༢༦ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཡུལ་དེའི་སྲིད་བློན་པེ་ཊར་ཧྥིའ་ལ་མཆོག་དང་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་ལགས་རྣམས་གཉིས་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་སོགས་སུ་མཇལ་མོལ་གནང་ཡོད་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་པེ་ཊར་ཧྥི་འ་ལ་མཆོག་དང་མཇལ་བ། བོད་མིའི་རང་དབང་གི་པར།

ཁ་སང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་(Prague)ཏུ་༢༠༠༠ ཞི་བདེ་གླེང་སྟེགས་སྐབས་ ༢༦ པ་མགོ་འཛུགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གླེང་སྟེགས་དེའི་ཐོག་མཉམ་ཞུགས་གནང་སྟེ། ཡུལ་དེའི་སྲིད་བློན་པེ་ཊར་ཧྥིའ་ལ་ (Petr Fiala) མཆོག་དང་། ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་ (Jan Lipavský) ལགས་རྣམས་གཉིས་ཀྱི་དབུས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་སྐུ་ཞབས་ཝག་ལེབ་ཧ་ཝེལ་ (Vaclav Havel) མཆོག་གི་དབར་མཛའ་བརྩེ་དམ་ཟབ་ཡོད་པའི་སྐོར་གླེང་སློང་གནང་ཡོད་འདུག

དེ་བཞིན་ཁ་སང་སྲིད་སྐྱོང་མཆོག་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་མཱར་ཀེ་ཊ་པེ་ཀ་རོ་ཝ་ ( Markéta Pekarová Adamová) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧ་ཡ་ཊོ་ཨོ་ཀ་མུ་ར་ (Hayato Okamura) ལགས་སོགས་ལ་མཇལ་མོལ་གནང་ཡོད་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་མཱར་ཀེ་ཊ་པེ་ཀ་རོ་ཝ་མཆོག་དང་མཇལ་བ། བོད་མིའི་རང་དབང་གི་པར།

གཞན་ཡང་། ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སོགས་ཀྱིས། ཅེག་ཏུ་རྟེན་གཞི་བྱས་པའི་རླུང་རྟ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པ། (Czechs Support Tibet /Cesi Tibet podporuji) རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་(MOST ProTibet) བཅས་ཀྱི་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་གནང་ནས། བོད་ནང་གི་ཛ་དྲག་གནས་སྟངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གླེང་མོལ་གནང་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ ༨ ཚེས ༣༡ ནས་ཕྱི་ཟླ་ ༩ ཚེས་ ༢ བར་འཚོག་བཞིན་ཡོད་པའི་༢༠༠༠ ཞི་བདེའི་གླེང་སྟེགས་སྐབས་ ༢༦ པའི་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་གསུམ་བཞི་ཙམ་ལ་ཕྱིར་དྷ་རམ་ས་ལར་ཕེབས་འབྱོར་གནང་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese