མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་གྱི་རྒྱལ་མོ་མཆོག་དགུང་ལོ་ ༩༦ སྟེང་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་ཕུར་བུའི་ཉིན་རྒྱབ་ཏུ་དབྱིན་ཡུལ་གྱི་རྒྱལ་སྲིད་ཡུན་རིང་ཤོས་སྐྱོང་མཁན་རྒྱལ་མོ་ཨེ་ལི་ཛ་བེཏ་གཉིས་པ་མཆོག་དགུང་ལོ་ ༩༦ སྟེང་བྷལ་མོ་རཱལ་མཁར་རྗོང་དུ་སྐུ་གྲོངས་ཡོད་འདུག

དབྱིན་ཡུལ་གྱི་རྒྱལ་མོ་མཆོག་དགུང་གྲངས་༩༦་ཐོག་སྐུ་གྲོངས། ༢༠༢༢།༠༩།༠༨ དྲ་ལམ་གྱི་པར།

ཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཕུར་བུའི་དགོང་མོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་དབྱིན་ཡུལ་གྱི་རྒྱལ་ཁང་ (Buckingham Palace) ངོས་ནས་སེམས་ཚོར་ཆེན་པོའི་ཐོག་དབྱིན་ཡུལ་གྱི་རྒྱལ་མོ་ཨེ་ལི་ཛ་བེཏ་གཉིས་པ་ (Queen Elizabeth II) མཆོག་སྐུ་གྲོངས་ཡོད་སྐོར་གསལ་བསྒྲགས་བྱས་འདུག 

གསལ་བསྒྲགས་ཀྱི་ནང་དུ་རེས་གཟའ་ཕུར་བུའི་ཞོགས་པར་རྒྱལ་མོ་མཆོག་གི་སྐུ་གཟུགས་གནས་སྟངས་ཇེ་སྡུག་ཏུ་སོང་སྟེ། ཉིན་རྒྱབ་ཏུ་བྷལ་མོ་རཱལ་ (Balmoral)མཁར་རྫོང་གི་རང་ཤག་ཏུ་ཞི་བདེའི་ངང་སྐུ་གྲོངས་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། རྒྱལ་སྲས་ཅར་ལེས་ (Prince Charles) ལགས་ཀྱིས་ད་ཆ་དབྱིན་ཡུལ་གྱི་རྒྱལ་པོའི་སྲིད་དབང་འགན་འཁུར་ཞུ་རྒྱུའི་སྐོར་ཡང་འཁོད་ཡོད་འདུག

རྒྱལ་སྲས་ཅར་ལིས་ལགས་ཀྱིས་རང་གི་བརྩེ་ལྡན་གྱི་ཡུམ་ཆེན་སྐུ་གྲོངས་པ་དེ་ནི་ཁོང་དང་ནང་མི་ཡོངས་ལ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་མ་ཟད། ཁོང་མོ་སྐུ་གྲོངས་པ་དེས་དབྱིན་ཡུལ་གྱི་ས་ཕྱོགས་ཡོངས་དང་འཛམ་གླིང་གི་མི་མང་གྲངས་མེད་ལ་སྐྱོ་གདུང་བྱིན་ངེས་ཡིན་ཚུལ་གསུངས་འདུག

དབྱིན་ཡུལ་གྱི་གསར་འདེམས་སྲིད་བློན་ལིཛ་ཏ་རུས་ (Liz Truss) ལགས་ཀྱིས་རྒྱལ་མོ་སྐུ་གྲོངས་པ་ནི་དབྱིན་ཡུལ་དང་འཛམ་གླིང་མི་མང་ལ་བློ་ཕམ་ཆེན་པོའི་གནས་ཚུལ་ཞིག་ཡིན། ད་ལྟ་དབྱིན་ཡུལ་གྱི་གནས་སྟངས་གང་ཡོད་པ་དེ་ནི་ཁོང་གི་བཀའ་དྲིན་ཡིན་པ་མ་ཟད། ཁོང་གིས་སོ་སོའི་ལས་འགན་ཐོག་འབད་བརྩོན་གནང་ཕྱོགས་དེ་ནི་ང་ཚོ་ཚང་མས་མིག་དཔེ་ལྟ་ས་ཞིག་ཆགས་ཡོད་ཚུལ་གསུངས་འདུག

ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས་རྒྱལ་མོ་ཁོང་གི་རྣམ་དཔྱོད་དང་བྱམས་བརྩེས་ང་ཚོའི་ཡིད་དབང་འཕྲོག་ཡོད་པ་མ་ཟད། ཨ་རི་རྒྱལ་ཁབ་ཀྱི་ཆེས་མུན་ནག་གི་ཉིན་མོ་ ༩།༡༡ དོན་རྐྱེན་བྱུང་སྐབས་ཀྱང་ཁོང་གིས་སྐྱིད་སྡུག་མཉམ་མྱོང་གནང་སྟེ་ང་ཚོའི་རྒྱབ་ཏུ་ལངས་ཡོད་པས། དེ་རིང་ཁོང་གི་བརྩེ་གདུང་ལ་རྗེས་དྲན་གྱི་ཚུལ་དུ་སྐྱོ་གདུང་འབུལ་རྒྱུ་མ་གཏོགས་མེད་ལུགས་གསུངས་འདུག་ལ། དེ་བཞིན་ཧྥ་རན་སི་དང་ཇར་མན་ཎི། ཁེ་ཎ་ཌ་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག

དབྱིན་ཡུལ་རྒྱལ་རྒྱུད། དྲ་ལམ་གྱི་པར།

རྒྱལ་མོ་ཨི་ལི་ཛ་བེཏ་གཉིས་པ་མཆོག་ནི་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༢ ནས་ ༢༠༢༢ ལོའི་བར་དུ་དབྱིན་ཡུལ་གྱི་རྒྱལ་སྲིད་བཟུང་། ཕྱི་ལོ་ ༡༩༤༧ ལོར་ཨི་དིན་བྷག་ (Edinburgh) རྒྱལ་སྲས་ཕི་ལིབ་ (Philip)དང་གཉེན་སྒྲིག་གནང་སྟེ། སྲས་དང་སྲས་བཞི་ཡོད་པ་རེད། ཁོང་མོས་རྒྱལ་སྲིད་བཟུང་སྐབས་འཛམ་གླིང་གི་ནང་རྩོད་རྙོག་དང་འཛིང་འཁྲུག་ཆེ་ཤོས་ཏེ། འཛམ་གླིང་ནང་སླར་ཡང་དམག་ཆེན་འབྱུང་རྒྱུའི་ཉེན་ཁ་དང་འཇིགས་པ་ཆེས་ཆེར་གྱི་གནས་སྟངས་དང་། གྲང་དམག་ (Cold War) མགོ་བཙུགས་པའི་སྐབས་ཡིན། ཁོང་མོས་དབྱིན་ཡུལ་གྱི་རྒྱལ་སྲིད་ལོ་ངོ་ ༧༣ རིང་བསྐྱངས་ཤིང་། རང་ལོ་ ༩༦ སྟེང་སྐུ་གྲོངས་ཡོད་ཅིང་། ཁོང་མོ་ནི་དབྱིན་ཡུལ་ཙམ་མིན་པར་ཨོས་ཏི་ལི་ཡ་ (Australia) དང་ཁེ་ཎ་ཌ་ (Canada) ཇ་མ་ཡེ་ཀ་ (Jamaica) སོགས་རྒྱལ་ཁབ་བཅུ་བཞིའི་དབུ་འཁྲིད་ཀྱང་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༣ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese