མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་སློང་གི་རྒྱུན་ཁྱེར་ཕྱག་དེབ་ཅེས་པའི་དཔེ་དེབ་ཅིག་བོད་བསྒྱུར་གནང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་མང་པོ་ཞིག་དབྱིན་ཡིག་སོགས་སྐད་ཡིག་གཞན་དུ་སྒྱུར་མཁན་མང་པོ་ཡོད་ཀྱང་། སྐད་ཡིག་གཞན་དུ་ཡོད་པའི་ནང་པའི་གཞུང་ལུགས་རྣམས་བོད་ཡིག་ཏུ་སྒྱུར་མཁན་ཉུང་ཉུང་ཡིན་སྐོར་སོགས་གསུངས་སོང་།

དགེ་སློང་གི་རྒྱུན་ཁྱེར་ཕྱག་དེབ་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་། དུས་བབ་ཀྱི་པར། ༢༠༢༢/ ༩/ ༡༠

དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དྷ་རྨས་སཱ་མིན་གྱིས་བརྩམས་ཤིང་དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ་ལགས་ཀྱིས་བོད་བསྒྱུར་གནང་བའི་དགེ་སློང་གི་རྒྱུན་ཁྱེར་ཕྱག་དེབ་ཅེས་པ་དབུ་འབྱེད་གནང་ཞིང་། མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཕེབས་ཡོད་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས། དགེ་བཤེས་ (ངག་དབང་བསྟན་པ།) ལགས་དང་མཉམ་དུ་ཡོད་པའི་དགེ་བཤེས་མང་པོ་ཞིག་གིས་དབྱིན་ཇི་སྦྱངས་ནས། དེའི་ཁྲོད་ཀྱི་དགེ་བཤེས་ལགས་ཀྱིས་དབྱིན་ཡིག་སོགས་སྦྱངས་ནས་ཕྱིའི་སྐད་ཡིག་དབྱིན་ཡིག་ནང་ཡོད་པའི་གཞུང་ལུགས་ཤིག་ཚུར་བསྒྱུར་རྒྱུའི་ཕྱག་ལས་གནང་བ་དེ་འདྲ་ཞིག་བྱུང་བ་རེད། རྒྱ་གར་རང་ལ་བསྡད་ནས་དབྱིན་ཡིག་བོད་ཡིག་ཏུ་བསྒྱུར་རྒྱུ་ལྟ་བུ་ཞིག་བྱས་པ་ཡིན་ན་ཆ་རྐྱེན་ཡག་པོ་ཡོད་བསྡད་པའི་ཟོལ་འདྲ་བོ་ཞིག་ཆགས་ཀྱི་ཡོད་ཀྱང་། ནང་དོན་དེ་འདུལ་བའི་ནང་དོན་ཞིག་ཡིན་པ་དང་དེའི་ནང་ནས་གནས་བརྟན་སྡེ་བའི་ཁོངས་ནས་ཆགས་ཀྱི་ཡོད་དུས། གནས་བརྟན་སྡེ་བའི་ཆོས་ལུགས་གཙོ་བོ་དར་ས་རང་ལ་ཕར་ཕྱིན་ནས་(སིངྒ་ལ)། ཕར་ཕྱོགས་རང་དུ་འདུལ་བའི་ཁྲིམས་བཞག་སྲོལ་གང་འདྲ་འདུག དེར་གཟིགས་ཐུབ་རྒྱུ་འདུག་གམ། དེ་བཞིན་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་སྐོར་ལ་ལུང་པ་རང་དང་ས་གནས་རང་གི་གནས་བརྟན་སྡེ་བའི་ཆོས་བརྒྱུད་འཛིན་མཁན་ཚོས་འདུལ་བའི་ཁྲིམས་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་གང་འདྲ་བྱས་ནས་ཡོད་མེད་བལྟ་རྒྱུར་ཐུགས་རེ་གནང་ནས། ས་གནས་རང་ལ་ཕེབས་ནས་གནས་བརྟན་སྡེ་བའི་ཆོས་བརྒྱུད་ཀྱི་ཁྱབ་ཁོངས་ཀྱི་སིངྒ་ལའི་ལུང་བ་རང་ནས་འགྲེལ་བཤད་བརྒྱབ་སྟངས་དེ་བསྟན་ཐུབ་ན་བསམས་ནས། མཐའ་མའི་གྲུབ་འབྲས་ལ་ཕྱག་དེབ་འདི་བཏོན་པ་རེད། ཅེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས། དཔེ་དེབ་འདིའི་དམིགས་བསལ་ཁྱད་ཆོས་ནི། དགེ་བཤེས་ལགས་ཀྱིས་བོད་བསྒྱུར་གནང་བའི་དཔེ་དེབ་དེ་ས་གནས་ལ་ཕེབས་ནས། ཉམས་ཞིབ་དང་རྟོག་ཞིབ་དུ་མ་གནང་ནས་བསྒྱུར་ཡོད་སྟབས། ཐག་རིང་པོ་ནས་དཔེ་དེབ་སོགས་ལ་བལྟས་ནས་ཉམས་ཞིབ་བྱས་པ་དང་། ས་གནས་རང་ལ་ཕྱིན་ནས་ཉམས་ཞིབ་ཟབ་མོ་གནང་བར་ཉམས་ཞིབ་ཀྱི་གནས་བབ་དང་དཔེ་དེབ་ཀྱི་སྤུས་ཀ་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པ་དང་། དགེ་བཤེས་ལགས་ཀྱི་དབྱིན་ཡིག་སྦྱངས་ནས་དཔེ་དེབ་བོད་བསྒྱུར་བྱས་པར་བརྟེན།  ཕྱིས་སུ་དབྱིན་ཡིག་སྐད་ཡིག་སྦྱོང་མཁན་ཞིག་གི་ཆེས་གཡུར་དུ་ཟ་བ་དང་འབུར་ཐོན་གྱི་གྲུབ་འབྲས་ཤིག་ཡིན་སྐོར་དང་། དཔེ་དེབ་དེའི་བརྗོད་བྱའང་འདུལ་ཁྲིམས་ཡིན་ཞིང་། དེང་གི་ཆར་ཁྲིམས་སྒྲིག་ནི་འཚོ་བའི་ནང་གི་ཆ་ཤས་གལ་ཆེན་ཞིག་ཡིན་པ་ལྟར། སྟོན་པའི་རྗེས་འབྲངས་བ་ཡོངས་ལ་ཁྲིམས་ཀྱིས་དབང་བསྒྱུར་བྱ་རྒྱུའི་ལམ་སྲོལ་ཞིག་དར་ནས། སྟོན་པ་སངས་རྒྱས་ཀྱི་འདུལ་བའི་གཞུང་ལུགས་དང་དེར་དཔྱད་པ་མཛད་ཡོད་སྟབས། དེ་དག་ནི་ནང་པའི་ཁྲིམས་ལུགས་རིག་པའི་གཞུང་ལུགས་གཙོ་བོ་དེ་ཆགས་ཀྱི་ཡོད་ཅིང་། ད་ལན་དགེ་བཤེས་ལགས་ཀྱིས་དོན་ལ་གནས་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་དཔེ་དེབ་ཅིག་བོད་བསྒྱུར་གནང་བར་བསྔགས་བརྗོད་ཡོད་སྐོར་སོགས་གསུངས་སོང་།

དེའི་རྗེས་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། སྤྱིར་དེང་གི་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་ཁོངས་ཀྱི་གཞུང་ལུགས་མང་པོ་ཞིག་ཕར་སྐད་ཡིག་གཞན་དུ་བསྒྱུར་བར་འབད་འབུངས་བྱེད་མུས་ཡིན་པ་ལས། སྐད་ཡིག་གཞན་གྱི་ནང་དུ་ཡོད་པའི་ནང་པའི་གཞུང་ལུགས་རྣམས་བོད་ཡིག་ཏུ་སྒྱུར་མཁན་ཉུང་ཉུང་ཡིན། ད་ལན་དགེ་བཤེས་ངག་དབང་བསྟན་པ་ལགས་ཀྱིས་ཤེས་རིག་གི་གནས་ལ་འབད་པ་ལྷོད་མེད་དང་དཀའ་བ་ཡུན་རིང་སྤྱད་ནས་དཔེ་དེབ་ཅིག་བོད་བསྒྱུར་གནང་སྟེ་པར་འགྲེམས་བྱས་པར་ཧ་ཅང་ཡག་པོ་ཡིན་ཡང་། དགེ་བཤེས་ལགས་ཀྱིས་དབྱིན་ཡིག་ནས་ཐད་ཀར་བོད་བསྒྱུར་བྱས་པ་ལས། པ་ལི་རང་གི་སྐད་དུ་ཡོད་པའི་འདུལ་ཁྲིམས་སྐོར་དེ་བོད་བསྒྱུར་བྱ་རྒྱུ་དཀའ་ལས་ཁག་པོ་ཡོད་ཀྱང་། དགེ་བཤེས་ལགས་ཀྱིས་ཉིན་མཚན་འབད་འབུངས་ཀྱི་ཁྲོད་ནས་དཔེ་དེབ་འདི་འདྲ་ཞིག་བཏོན་ཐུབ་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ཅིང་། དེང་གི་ཆར་དཔེ་དེབ་འདྲ་མིན་འབྲི་མཁན་ཧ་ཅང་མང་པོ་ཞིག་ཡོད་ཀྱང་། ཆེས་གནད་འགག་ཆེ་བའི་འདུལ་ཁྲིམས་སོགས་ཀྱི་ཐད་ནས་འབྲི་མཁན་ཉུང་ཉུང་ཡིན་པའི་ཁར། ཚུལ་ཁྲིམས་བསྲུང་རྒྱུ་དེ་ནི་གལ་ཆེན་པོ་ཡིན་ཡང་ཁག་པོ་ཡིན་སྐོར་སོགས་གསུངས་སོང་།

དགེ་སློང་གི་རྒྱུན་ཁྱེར་ཕྱག་དེབ་ཅེས་པ་ནི་དྷ་རྨ་སཱ་མིན་གྱིས་དབྱིན་ཡིག་ཏུ་བྲིས་ཤིང་། དགེ་བཤེས་ངག་དབང་བསྟན་པ་ལགས་ཀྱིས་བོད་བསྒྱུར་གནང་ནས་དཔར་ཐེངས་དང་པོར་དཔེ་གྲངས་ ༦༠༠ དཔར་འགྲེམས་བྱས་ཡོད་པ་དང་། དཔེ་དེབ་དེའི་བརྗོད་བྱ་གཙོ་བོ་དེ་འདུལ་བ་དང་། སོ་ཐར་གྱི་བསླབ་ཁྲིམས་ ༢༢༧། དགེ་སློང་ཇི་ལྟར་བྱ་དགོས་སྐོར། དགེ་སློང་གི་བསྲུང་བྱ་གང་ཡིན་མིན་སོགས་ཀྱི་སྐོར་གསལ་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese