མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ནས་མི་ལོ་ ༣༨ འཁོར་བའི་དུས་ཆེན་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སའི་ཕུན་ཚོགས་ཁང་གསར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ནས་མི་ལོ ༣༨ འཁོར་བའི་དུས་དྲན་སྲུང་གཙི་གནང་སྟེ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས་གཏོང་ཆེད་འདབ་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་རྣམས་ཀྱིས་ལྷན་ཚོགས་དེར་ཞུགས་རྒྱུའི་རེ་བ་བྱེད་ཀྱིན་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ནས་ལོ་ངོ་ ༣༨ འཁོར་བའི་དུས་ཆེན་སྲུང་གཙི། དུས་བབ་ཀྱི་པར། ༢༠༢༢/༩/ ༡༠

དེ་རིང་ཆུ་ཚོད་ ༩།༣༠ ཡས་མས་ཤིག་ལ་དྷ་ས་ས་གནས་མགོ་འཛིན་གྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་གོ་སྒྲིག་འོག སྐུ་མགྲོན་གཙོ་བོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དྷ་སའི་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་གཙོས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་འགན་འཛིན་དང་སྐུ་ཚབ་སོགས་ཚང་འཛོམས་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ནས་ལོ་ངོ་ ༣༨ འཁོར་བའི་དུས་ཆེན་སྲུང་གཙི་གནང་སོང་།

ཐོག་མར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱིས་ཁྲིམས་འགལ་ཐོག་བོད་ས་ཡོངས་རྗོགས་བཙན་དབང་གིས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་དང་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་ཏུ་གཏོང་བའི་ཆེས་ཛ་དྲག་སྐབས། བོད་ཀྱི་བུད་མེད་རྣམས་ཀྱི་འགན་མཉམ་འཁུར་གྱིས་ཆོལ་གསུམ་བུད་མེད་སྟོང་ཕྲག་མང་པོས་རྒྱ་དམར་གྱི་དྲག་གནོན་དང་བསླུ་བྲིད་ལ་མགོ་བོ་མི་སྒུར་བར་གདོང་ལེན་གྱི་སྙིང་སྟོབས་ཞུམས་པ་མེད་པའི་ཐོག་བོད་ཀྱི་བདེན་པའི་འཐབ་རྩོད་ལ་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་བྱས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོལ་གསུམ་བུད་མེད་ཀྱི་སྒྲིག་འཛུགས་གལ་ཆེན་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༥༩ ནས་བོད་མི་རྣམས་བཙན་བྱོལ་དུ་སྔ་ཕྱིས་སུ་འབྱོར་བ་དང་བསྟུན་ནས་ཀ་རྡོར་གྱི་བུད་མེད་རྣམས་ནས་ལས་དོན་མཇུག་འཁྱོངས་ཆེད་བགྲོ་གླེང་ཡང་ཡང་གནང་རྗེས་བོད་ནང་བུད་མེད་སྒེར་ལངས་བྱས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མོ་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཚོགས་པ་བཙུགས་པའི་གསལ་བསྒྲགས་བྱས། བོད་སྤྱི་པའི་རྩ་དོན་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་རྒྱ་ཆེ་སྤེལ། ལྷག་པར་དུ་ཕྱི་ལོ་ ༡༩༦༣ ལོ་མགོ་ནས་ཀ་རྡོར་མཉམ་ལས། དྷ་ས་མཉམ་ལས། རཱང་སྤུར་མཉམ་ལས་མགོ་འཛུགས་ཞུས། ཕྱི་ལོ་ ༡༩༦༤ ནས་ཁ་མཐོར་གནས་པའི་ས་གནས་ཁག་ནས་སྤྱི་པའི་རྩ་དོན་ཆེད་བུད་མེད་ཚོགས་པ་བཙུགས་ནས་སྤྱི་དོན་སྨིན་པའི་ལས་དོན་རྒྱ་ཆེ་ཞུས། ཅེས་དང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བུད་མེད་ཚོགས་པ་ཡར་རྒྱས་གཏོང་དགོས་པའི་བཀའ་གནང་བ་བཞིན། མུ་མཐུད་ས་གནས་ཁག་སོ་སོར་བུད་མེད་ཚོགས་པ་བཙུགས་དགོས་པའི་གྲོས་ཆོད་བཞག་པ་བཞིན། ས་གནས་ཁག་བདུན་ནང་གཅིག་ཕན་གཅིག་གྲོགས་ཀྱིས་ཚོགས་པ་གསར་འཛུགས་ཞུས་ནས་གང་ཐུབ་ཀྱིས་ལས་འགུལ་སྣ་མང་སྤེལ། རིམ་བཞིན་མི་ཡུལ་དུ་འཚོ་གནས་ཀྱི་དཀའ་ངལ་ཆེ་བའི་ཆབ་སྲིད་ཀྱི་འགན་འཁུར་གྱི་གཙོ་བོར་ནུས་པ་ཉམས་སྐབས། ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༦ ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས། སྔར་བུད་མེད་ཚོགས་པ་ཞིག་ཡོད་ཀྱང་བར་ལམ་འཇའ་ཡལ་བ་ལྟར་གྱུར། དེང་གི་འཛམ་གླིང་སྤྱི་སྲོལ་ལྟར་བུད་མེད་ཚོགས་པ་ཧྲ་ཐག་ཐག་གཅིག་བྱུང་ན། དགེ་མཚན་ཡོད་ལུགས་བཀའ་སློབ་སྤྱི་ཕེབས་དགོངས་དོན་བཞིན། བཞུགས་སྒར་དུ་གནས་བཞུགས་བུད་མེད་བཅོ་བརྒྱད་ཀྱིས་བཀའ་སློབ་དང་ལེན་ཞུས་ཏེ། ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུས་ཡོད། དེའི་ཉིན་ས་གནས་བུད་མེད་རྣམས་ཀྱིས་འགན་འཛིན་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཏེ་བུད་མེད་གྲངས་བཅོ་བརྒྱད་ཀྱི་མ་སྐུལ་དང་བླངས་ཀྱིས་འགན་འཁུར་ཞུས། དེའི་ཁོངས་ནས་རྒྱུན་ལས་མི་གྲངས་བདུན་ལ་མང་མོས་འོས་འདེམས་གནང་ནས་ཉིན་དེར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་དང་། རང་གཞུང་བཀའ་ཤག སྤྱི་འཐུས་ལྷན་ཁང་བཅས་ལ་སྙན་འབུལ་ཞུས་ཡོད། ས་གནས་བོད་ཀྱི་བུད་མེད་རྒྱུན་ལས་སྐབས་དང་པོའི་ལས་འཁུར་ཞུས་ཏེ། མ་འོངས་བོད་ཀྱི་བུད་མེད་ཡོངས་ཀྱི་མགྲིན་ཚབ་མཚོན་པའི་ཚོགས་པ་ཞིག་བཙུགས། ཞེས་འཁོད་ཡོད་འདུག

བསྒྲགས་གཏམ་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འདས་པའི་ལོ་ངོ་ ༣༨ རིང་ལ་གཙོ་བོ་༧སྤྱི་ནོར་༧གོང་ས་མཆོག་གི་དབུས་པའི་བཙན་བྱོལ་སྒྲིག་འཛུགས་གོང་བཀུར་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞི་རྩ་འཛིན་འོག་བོད་ཀྱི་རྩ་དོན་ཆེད་ཆབ་སྲིད་ཐོག་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་མགྲིན་ཚབ་མཚོན་ཆེད་གཞིས་ལུས་རྒྱ་ཆེ་མི་མང་གི་ཞུམ་པ་མེད་པའི་རྒྱལ་ཞེན་ལྷག་བསམ་སྙིང་སྟོབས་དང་ཆིག་སྒྲིལ་གྱི་ནུས་པ་དུས་རྟག་ཏུ་ཡིད་བཅངས་ཀྱིས། གཙོ་བོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་ཡང་བསྒོས་བོད་བསྟན་སྲིད་མི་རིགས་ཆེད་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བར་ལས་འགུལ་ཆེ་ཕྲ་ཆུང་གསུམ་གང་ཐུབ་སྤེལ་དང་སྤེལ་མུས་ཡིན། བཙན་བྱོལ་དུ་སྤྱི་ཚོགས་ཀྱི་ཞབས་ཞུ་ཐད་ས་གནས་ས་ཐོག་ཏུ་རྒྱ་ཆེ་ཤོས་ཞབས་ཞུ་འགྲུབ་མཁན་གྱི་ལྷན་ཚོགས་ཤིག་ཆགས་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ད་བར་མུ་མཐུད་ཚགས་ཚུད་ངང་གནས་ཡོད་པ་དེ་གཙོ་བོ་༧སྤྱི་ནོར་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་དང་ཡང་བསྒོས་དབུས་ས་གཉིས་ཀྱི་རྒྱུན་ལས་གོང་མ་རྣམས་ཀྱི་ལྷག་བསམ་སེམས་ཤུགས་དང་ཚོགས་མི་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས་ཡོང་ཆེད་འདབ་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་རྣམས་ཀྱི་འགན་འཁུར་ཐོག་མུ་མཐུད་དུ་ལྷན་ཚོགས་ནང་ཞབས་འདེགས་བསྒྲུབ་རྒྱུའི་རེ་བ་དུས་ནས་དུས་སུ་ཞུ་ཡི་ཡོད། ལྷག་པར་དུ་གོ་སྐབས་འདིའི་བརྒྱུད་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ལ་ཆེ་མཐོང་དང་ཡིད་ཆེས་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཅེས་འཁོད་ཡོད་འདུག

དྷ་ས་ས་གནས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས། དུས་བབ་ཀྱི་པར། ༢༠༢༢/༩/ ༡༠

དམིགས་བསལ་སྐུ་མགྲོན་དྷ་སའི་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། དེ་རིང་ཉིན་མོ་འདི་སྐལ་པ་བཟང་པོ་ཞིག་ངོས་འཛིན་བྱེད་པའི་ཐོག་ནས། ང་རང་ཚོ་འཐབ་རྩོད་ཀྱི་མི་རིགས་ཤིག་ཆགས་ཀྱི་ཡོད་པར་བརྟེན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་སྤྱི་བའི་འཐབ་རྩོད་ཀྱི་དོན་དུ་ཕྱོགས་གང་སར་ནས་སྐུ་ལས་བསྐྱོན་གྱི་ཡོད་རེད། འདི་ལ་སོ་སོའི་ངོས་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན། དུས་རྒྱུན་དུ་ནས་ཕོ་མོ་འདྲ་མཉམ་གྱི་སྐོར་ལ་ཞུ་ཡི་ཡོད་པ་རེད། དམིགས་བསལ་གྱིས་དྷ་རམ་ས་ལའི་ས་གནས་མགོ་འཛིན་གྱི་ལས་ཁུངས་ལྟ་བུར་མཚོན་ན། ལས་བྱེད་མང་ཆེ་བ་བུད་མེད་ཆགས་ཀྱི་ཡོད། སླར་ཡང་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་ཞུས་ཏེ་ལོ་ ༣༨ འཁོར་བའི་དུས་དྲན་ལ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་ས་གནས་མགོ་འཛིན་གཙོས་པའི་ཚོགས་པ་མང་པོ་ཞིག་ཕེབས་འདུག དེ་བཞིན་བུད་མེད་མང་པོ་ཞིག་ཕེབས་འདུག ལྷན་རྒྱས་ཚོ་དང་མཇལ་བ་དམིགས་བསལ་གྱིས་དགའ་པོ་བྱུང་ལ། དུས་དྲན་འདིའི་ཐོག་ནས་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་གཞུང་གི་འབྱུང་རིམ་དེ་རླབས་ཆེན་གྱི་མཛད་པ་ཞིག་ཆགས་ཀྱི་ཡོད་རེད། ང་ཚོ་བཙན་བྱོལ་བ་རེད། འཛམ་གླིང་འདིའི་ནང་སྐྱབས་བཅོལ་སྤྱི་ཚོགས་མང་པོ་ཡོད་ཀྱང་། ང་ཚོ་ནང་བཞིན་རུབ་རུབ་བྱས་ནས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བདག་པོ་བརྒྱབ་པ་དེ་འདྲ་ད་ལྟ་འཛམ་གླིང་ནང་ཡོད་པ་ངས་ཤེས་ཀྱི་མེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱེད་ཐུབ་པ་དེ་ཧ་ལས་པ་ཞིག་ཡིན་པ་དང་། ང་ཚོས་སྤོབས་པ་བྱེད་དགོས་ཀྱི་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་མོས་མུ་མཐུད་དུ། ༧གོང་ས་མཆོག་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་མེད་པའི་དམངས་གཙོ་གསོལ་རས་གནང་བ་རེད། འོན་ཀྱང་དམངས་གཙོ་ཟེར་དུས་དམངས་གཙོའི་ནང་གཏམ་བརྗོད་ཀྱི་རང་དབང་ཡོད་རེད། དེ་གལ་ཆེན་པོ་ཞེ་དྲགས་ཡིན་སྐོར་དང་། མིའི་མཚན་ཉིད་ནི་སྨྲ་ཤེས་དོན་གོ་བ་རེད། སྨྲ་ཤེས་པ་དེ་སྨྲ་ཆོག་གི་མེད་ན་དོན་དག་མི་འདུག དེར་བརྟེན་སྨྲ་ཤེས་དོན་གོ་བ་དེ་དམངས་གཙོའི་སྒྲིག་འཛུགས་ནང་སོ་སོར་འགན་ཞིག་ཡོད་པ་དེ་འཁྱེར་བའི་ཐོག་ནས་དམངས་གཙོའི་ལམ་ལུགས་བེད་སྤྱོད་གཏོང་བ་ཡིན་ན་རྩ་བ་ཉིད་ནས་ནོར་གྱི་མེད་པ་དང་། འགན་འཁྱེར་སྟངས་དེ་དམངས་ཀྱི་བདེ་བའི་ཐོག་ལ་བསམ་བློ་གཏང་དགོས་སྐོར། དེ་བཞིན་སོ་སོའི་རྒྱལ་ཁབ་ཀྱི་ཐོག་ལ་བསམ་བློ་གཏང་རྒྱུ་གལ་ཆེན་ཡིན་པ་དང་། གཞིས་བྱེས་མཉམ་འཛོམས་དང་རྡོག་རྩ་གཅིག་སྒྲིལ་དགོས་པ་དེ་གལ་ཆེན་ཆགས་ཀྱི་ཡོད་སྐོར། སྐད་ཡིག་བསྲེས་ལྷད་མེད་པར་རང་གི་སྐད་ཡིག་སྲུང་སྐྱོབ་དང་། བོད་ཆས་ཚད་ལྡན་གྱོན་དགོས་ཤིང་། ཡ་རབས་བཟང་སྤྱོད་དགོས་རྒྱུ་གལ་ཆེན་ཡིན་པས། དེ་དག་ལག་བསྟར་བྱ་དགོས་སྐོར་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༣ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese