མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་དཀའ་ངལ་རིམ་པ་བྱུང་གི་ཡོད་པར་བརྟེན། སྤྱི་འཐུས་ཡོངས་ཀྱིས་ནང་ཁུལ་མཐུན་སྒྲིལ་གྱིས་བོད་སྤྱི་བའི་རྩ་དོན་གྱི་ཆེད་དུ་ནུས་ཤུགས་སྤུངས་ཐུབ་པར་འབད་བརྩོན་བྱ་རྒྱུ་གལ་ཆེ་སྐོར་གསུངས་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བའི་ལས་ཉིན་མཐའ་མར་ཚོགས་དྲུང་མཆོག་གིས། ཚོགས་དུས་རིང་སྤྱི་འཐུས་རྣམས་ཀྱི་དགོངས་ཞུའི་གནས་སྟངས་སྙན་སྒྲོན་ཞུས་གྲུབ་མཚམས། ཚོགས་གཙོ་མཁན་པོོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་གནང་སྐབས། ཐེངས་འདིའི་ཚོགས་དུས་ཐོག་འཆར་ཅན་གྱི་ལས་རིམ་ཁག་ཕུད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་བསྡུས་པ་དང་སྤྱི་འཐུས་རྒྱུན་ལས་ནས་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་གནང་བའི་སྙན་ཐོ། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་སྒྲིག་གཞི་བསྐྱར་བཅོས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མ་འོངས་པར་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་རྒྱུ། གཞན་ཡང་། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཡོངས་སུ་རྩིས་བཞེས་ཟིན་པ་ལྟར། རྒྱ་གར་གཞུང་མང་གཉིས་དང་ལྷག་པར་དུ་བོད་སློབ་འཛིན་ཚོགས་ཀྱི་དབུ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་བཅས་གནང་ཡོད་པ་རེད།

བོད་ཀྱི་རྩ་དོན་རྒྱལ་སྤྱིའི་གནད་དོན་གྱི་སྡིངས་ཆའི་སྟེང་དུ་སླེབས་ཐུབ་པ་བྱ་རྒྱུ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་རྒྱ་ཆེའི་བོད་མི་ཡོངས་ཀྱིས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱིས་ལས་དོན་བྱེད་ཕྱོགས་འཛིན་རྒྱུ་ལས། གྲོས་ཚོགས་ཀྱི་སྟེང་དུ་དཀའ་ངལ་རབ་དང་རིམ་པའི་བར་ཆད་བྱུང་གི་ཡོད་པར་བརྟེན། སྤྱི་འཐུས་ཡོངས་ཀྱིས་ནང་ཁུལ་མཐུན་སྒྲིལ་གྱིས་བོད་སྤྱི་བའི་རྩ་དོན་གྱི་ཆེད་དུ་ནུས་ཤུགས་སྤུངས་ཐུབ་པར་འབད་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་ནང་གི་གནས་སྟངས་དང་བོད་དོན་ཆབ་སྲིད་ཀྱི་དཀའ་ངལ་གྱི་གནས་སྟངས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ངོ་བོ་དང་སྒྲིག་འཛུགས། འཛིན་སྐྱོང་གིས་བོད་དོན་བདེན་མཐའ་སེལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་བདེ་ཐབས་ཀྱི་སྐོར། བོད་ནང་གི་ཆབ་སྲིད་ཀྱི་དཀའ་ངལ་དང་། བོད་ནང་དུ་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་སྲིད་ཇུས་འོག་ནས་སྒོ་རྒྱ་བསྡམས་ཏེ་ཟས་གོས་གནས་མལ་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་སོགས་ཀྱིས་བོད་ནང་གི་ཆབ་སྲིད་ཀྱི་དཀའ་ངལ་ལ་དངོས་སུ་རོགས་རམ་བྱ་རྒྱུའི་གོ་སྐབས་མེད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གཞིར་བཟུང་ང་ཚོས་ཆོས་ཕྱོགས་ནས་དགེ་བ་སྒྲུབ་པ་དང་སྡིག་པ་སྤོང་བའི་ཐོག་ནས། བོད་ནང་གི་བོད་མིིར་སྨོན་ལམ་དང་ཐུགས་སྨོན་གནང་ན་ཕན་གྱི་ཡོད་སྐོར་གསུངས་ཡོད་པ་ལྟར། དེའི་རྒྱ་ཆེ་མང་ཚོགས་དང་སྒྲིག་འཛུགས་སོགས་ཀྱིས་ཐུགས་སྣང་བྱ་དགོས་སྐོར་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་འཐབ་རྩོད་ཀྱི་གནས་བབ་དང་། ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འཕྲད་རྗེས་ཀྱི་རྒྱལ་སྤྱིའི་སྲིད་འབྱོར་རིག་གསུམ་གྱི་འགྱུར་འགྲོས་དེ་དག་གི་ཁྲོད་དུ་བོད་དོན་ཚུད་ཐབས་དང་། བོད་ནང་གི་དཀའ་ངལ་སེལ་ཐབས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་བགྲོ་གླེང་སོགས་སུ་བོད་ཅེས་པའི་མིང་དེ་ཚུད་ཐབས་ལ་འབད་བརྩོན་བྱ་དགོས་སྐོར་གསུངས་སོང་།

ཡང་སྔ་དྲོའི་ཚོགས་ཐུན་སྐབས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ ༢༠༢༡ ནས་ ༢༠༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཕྱི་དྲིལ་བཀའ་བློན་མཆོག་ནས་སྙན་སྒྲོན་ཞུས་པ་དང་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་རྒྱབ་སྐྱོར་བྱས་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་སོང་། སྐབས་དེར་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་བཙན་བྱོལ་བོད་པའི་མི་གྲངས་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་དུ་བོད་པའི་བུ་ཕྲུག་རྣམས་བོད་ཀྱི་སྐད་ཡིག་བསླབ་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད། ད་ལྟའི་ཆར་ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་ཁང་ཁག་གིས་འགན་འཁུར་འོག་གཟའ་མཇུག་བོད་ཀྱི་སྐད་ཡིག་སློབ་གྲྭ་འཚོག་བཞིན་པའི་གོ་སྐབས་ཞིག་ལེན་བཞིན་ཡོད་པ་རེད། གཟའ་མཇུག་གི་བོད་ཡིག་སློབ་གྲྭའི་སྐོར་ལ་སྐུ་ཚབ་དོན་གཅོད་ཁག་གི་ལས་བསྡོམས་ལས་གསལ་བོ་ཅི་ཡང་མཇལ་མ་སོང་ཡང་། སྐུ་ཚབ་དོན་གཅོད་ཁག་གིས་གལ་ཆེའི་འགན་འཁུར་འོག་གཟའ་མཇུག་བོད་ཀྱི་སྐད་ཡིག་སློབ་གྲྭ་ནི་མ་འོངས་བའི་ཕྱི་རྒྱལ་གྱི་བོད་པའི་སྤྱི་ཚོགས་སུ་གལ་ཆེན་ཡིན་པ་མ་ཟད། ཕྱི་རྒྱལ་གྱི་བོད་རིགས་ཚོགས་པ་ཁག་དང་ཕ་མ་རྣམས་ཀྱིས་བོད་ཀྱི་བུ་ཕྲུག་ཚད་ལྡན་ཞིག་ཏུ་འགྱུར་བའི་གལ་ཆེན་འགན་འཁྲི་ཡིན། དེ་ནི་ལས་དོན་གཞན་ཞིག་འཐུས་ཤོར་དུ་སོང་བ་དང་མི་འདྲ་བར་། ད་ལྟའི་ཆར་བོད་ཀྱི་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་བཟོ་མ་ཐུབ་ན་མ་འོངས་བར་ཁ་གསབ་མི་ཐུབ་པའི་གྱོང་རྒུད་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ལྟར། དོན་གཅོད་ཁང་ཁག་གཙོས་བོད་རིགས་པ་ཁག་དང་ཕ་མ་རྣམས་ཀྱིས་ཐུགས་འགན་བཞེས་པར་རེ་སྐུལ་དང་། དེ་བཞིན་བོད་སྐད་ཡིག་གི་དྲ་ཚིགས་ཀྱང་འཕེལ་རྒྱས་འགྲོ་མུས་ཡིན་པ་ལས། རི་མོ་སོགས་བེད་སྤྱོད་ཀྱིས་བོད་ཡིག་སྦྱོང་ཐབས་སྟབས་བདེའི་བསྐྲུན་ཏེ་འཐུས་ཤོར་མི་འགྲོ་བ་ཞིག་བྱེད་དགོས་འདུག ཞེས་དང་། ཕྱི་དྲིལ་ལས་ཁུངས་ཀྱིས་དེབ་མང་པོ་པར་བཞིན་ཡོད་པ་ལས་རྒྱ་ཡིག་རྒྱ་སྐད་ལ་ལྟ་ཀློག་བྱེད་མཁན་གྱི་མི་གྲངས་མང་ཤོས་ཆགས་པའི་སྙན་ཐོ་མཐོང་དུས། ང་ཚོས་རྒྱ་སྐད་རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་གྱི་དྲ་རྒྱའི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བོད་དོན་དང་རིག་གཞུང་སྐོར་མང་ཙམ་སྤེལ་བའི་ཤུགས་རྒྱུ་གལ་ཆེན་ཡིན། ཞེས་འབོད་སྐུལ་སོགས་ཞུས་སོང་།

ཕྱི་དྲིལ་བཀའ་བློན་མཆོག་གིས། ཕྱི་རྒྱལ་གྱི་གཟའ་མཇུག་བོད་ཡིག་སློབ་གྲྭ་དང་འབྲེལ་བའི་སྐོར་ལ་སྙན་ཐོ་ནང་དུ་མངོན་གསལ་མིན་པའི་དགོངས་འཆར་བྱུང་བར། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཚང་མས་གཟའ་མཇུག་བོད་ཡིག་སློབ་གྲྭ་གལ་ཆེན་དུ་འཛིན་གྱི་ཡོད་པར་བརྩིས་ཀྱི་ཡོད། ཨ་རིའི་ནང་དུ་མཚོན་པ་ཡིན་ན་ཕྱི་ཟླ་༡༠ ཚེས་ ༢༣་དང་ ༢༤ ལ་བོད་རིགས་སྤྱི་མཐུན་པའི་ལོ་འཁོར་ཚོགས་ཆེན་འཚོག་བཞིན་ཡོད་པ་རེད། དེའི་སྐབས་སུ་ནམ་རྒྱུན་གཟའ་མཇུག་སློབ་གྲྭའི་སྐོར་ལ་གལ་ཆེན་དུ་བརྩི་ནས་གྲོས་བསྡུར་དང་བགྲོ་གླེང་བྱེད་བཞིན་འདུག ད་ལན་གྱི་ཚོགས་འདུ་སྐབས་སུ་གཟའ་མཇུག་བོད་ཡིག་སློབ་གྲྭ་ཡར་རྒྱས་གཏོང་བའི་སྐོར་གྲོས་འཆར་དང་གྲོས་མོལ་ཡོང་གི་རེད། རྒྱ་སྐད་རྒྱ་ཡིག་ཐོག་ལྟ་ཀློག་བྱེད་མཁན་གྱི་མི་གྲངས་མང་པོ་ཆགས་ཡོད་པ་དངོས་ཡོད་གནས་ཚུལ་རེད། རྒྱ་སྐད་རྒྱ་ཡིག་ལ་ལྟ་ཀློག་བྱེད་མཁན་གྱི་གྲངས་ཐོ་ས་ཡ་གཅིག་འཕར་འདུག་འཁོད་འདུག་པར། དེའི་ཐོག་ལ་སྤྱི་འཐུས་རྣམ་པས་བསམ་ཚུལ་བཏོན་པ་ལ་ང་ཚོའི་ངོས་ནས་རྒྱ་ཡིག་ཚན་པའི་ཡར་རྒྱས་ཐད་མཐུན་སྦྱོར་བྱེད་ཀྱི་ཡིན། ཞེས་གསུངས་སོང་།

སྤྱི་འཐུས་བློ་བཟང་རྒྱ་མཆོག་སྲི་ཐར་ལགས་ཀྱིས་སོ་སོར་མཚོན་པ་ཡིན་ན་གློག་ཀླད་ཀྱི་བདེ་འཇགས་ནི་གལ་ཆེན་པོར་བརྩི་མཁན་ཞིག་ཡིན་པའི་ཆ་ནས། གློག་ཀླད་སྡེ་ཚན་དང་འབྲེལ་བ་ཡོད་པའི་དོགས་ཟོན་མྱུར་ཞིབ་མ་ལག་(alert system ) གི་ལས་གཞི་རྩོམ་རྒྱུ་ནི་དྲ་རྒྱའི་དཀའ་ངལ་སེལ་བར་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་དང་སྤྱི་སྒེར་གང་རུང་གི་གློག་ཀླད་ནང་དུ་དྲ་འབུ་འཛུལ་བ་ཡིན་ན་ཡིག་ཆ་སོགས་ཉར་ཚགས་བྱེད་པའི་དཀའ་ངལ་འབྱུང་མུས་ཡིན་པར། དེ་ལ་བསྔགས་བརྗོད་ཡོད་དང་། དེ་དང་འབྲེལ་བའི་ཐོག་ནས་དེང་སྐབས་འཛམ་གླིང་གི་གཞོན་སྐྱེས་མང་པོ་ཞིག་གིས་པོ་བསྒྲགས་(podcast)་བེད་སྤྱོད་ཀྱིས་རྒྱལ་སྤྱིའི་གནས་ཚུལ་ལ་ཉན་ཐུབ་པའི་མཉེན་ཆས་གལ་ཆེན་ཞིག་ཡིན་པར་མཐོང་། དྲིལ་བསྒྲགས་ལས་ཁུངས་ཀྱིས་བོད་མིའི་རང་དབང་གསར་ཁང་གི་གནས་ཚུལ་འགྲེམས་སྤེལ་བྱེད་པའི་རྣམ་པ་ལས་མི་འདུག པོ་བསྒྲགས་མཉེན་ཆས་བེད་སྤྱོད་བྱེད་པའི་འཆར་གཞི་ཞིག་ཡོད་ན། གཞོན་སྐྱེས་ལ་དམིགས་པའི་ཐོག་ནས་སྤེལ་ཐུབ་པ་ཞིག་ཡིན་པ་རེད།

དེ་བཞིན་དུ་སུད་སི་དོན་གཅོད་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་(Confucius) གཅིག་སྒོ་བརྒྱབ་ཐུབ་པ་དང་གཞན་སྒོ་རྒྱག་པའི་འཆར་གཞི་སྒྲིག་པར་བསྔགས་བརྗོད་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱག་རྒྱུའི་ལས་གཞི་བརྩམས་པ་དེ་ཧ་ཅང་གལ་ཆེན་རེད། ཁུང་ཙི་སློབ་གླིང་དེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་དུ་འགྲེལ་བརྗོད་ལོགས་པར་བེད་སྤྱོད་བྱེད་བཞིན་པ་ཤུགས་ཆེན་འགྲོ་ཡི་ཡོད་པ་རེད། སུད་སི་དོན་གཅོད་ཁང་གི་ལས་གཞི་དེ་བརྩམ་པར་གལ་ཆེན་རེད་ལ། དོན་གཅོད་ཁང་གཞན་རྣམས་ཀྱིས་དེ་འབྲེལ་གྱི་ལས་གཞི་ག་འདྲ་ཡིན་མིན་སྐོར་དང་། སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཉམས་ཞིབ་ཀྱི་ཚོགས་འདུ་འཚོགས་བཞིན་ཡོད་པ་ཡག་པོ་ཡོད་ཀྱང་། ཉམས་ཞིབ་ཁང་གིས་བོད་ཀྱི་བདེན་མཐའ་སེལ་བའི་ཐབས་ལམ་འཚོལ་བའི་ཐབས་ཤེས་བྱེད་ཀྱི་ཡོད་མིན་ཐད་དྲི་བ་དྲིས་སོང་།

ཕྱི་དྲིལ་བཀའ་བློན་མཆོག་གིས། སྤྱི་འཐུས་ལགས་ཀྱིས་གསུངས་བ་བཞིན་དྲིལ་བསྒྲགས་ལས་ཁུངས་ལ་པོ་བསྒྲགས་མཉེན་ཆས་(podcast) ཤིག་ཡོད། ད་ལྟའི་ཆར་གསར་བ་ཡིན་པས་བོད་མིའི་རང་དབང་གསར་ཤོག་ལ་བེད་སྤྱོད་བྱེད་རྒྱུ་མ་གཏོགས་གཞན་མང་པོ་བྱེད་ཐུབ་ཀྱི་མེད། མ་འོངས་བར་ལས་ཀ་བྱེད་པའི་བང་སྒྲིག་གི་ཡིན། དེ་བཞིན་རྒྱ་གཞུང་གི་ཁུང་ཙི་སློབ་གླིང་སྒོ་རྒྱག་པར་སྐུ་ཚབ་དོན་གཅོད་ཁང་གཞན་རྣམས་ཀྱིས་ཀྱང་དེ་འབྲེལ་ལ་ཤུགས་རྒྱག་དང་རྒྱག་མུས་ཡིན། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོས་གནད་དོན་འདྲ་མིན་ཐོག་ཉམས་ཞིབ་བྱེད་བཞིན་ཡོད། བོད་ཀྱི་བདེན་མཐའ་སེལ་བའི་ཆེད་དུ་ཤུགས་རྒྱག་དགོས་ཀྱང་རྒྱག་གི་ཡིན། ཞེས་གསུངས་སོང་།

སྤྱི་འཐུས་ཕུར་བ་རྡོ་རྗེས་ལགས་ཀྱིས། སོ་སོར་མཚོན་པ་ཡིན་ན་གསར་ཁང་དུ་རྒྱ་ཡིག་ཚན་པའི་ནང་དུ་གསར་འགོད་པའི་ལས་ཀ་བྱས་མྱོང་མཁན་ཞིག་ཡིན་ཕྱིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་ཚན་པའི་ལས་དོན་བྱེད་ཕྱོགས་ཐད་ནམ་རྒྱུན་དོ་སྣང་བྱེད་མཁན་ཞིག་ཆགས་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་དང་རང་ཉིད་ཀྱིས་ནམ་རྒྱུན་ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལས་དོན་ལ་དོ་སྣང་བྱས་པའི་གྲུབ་དོན་ལ་ཕྱོགས་ཡོངས་ནས་བལྟས་ན་སྤྱི་ཡོངས་ནས་ཡག་པོ་བྱུང་འདུག ཕྱི་རྒྱལ་གྱི་མཁས་པས་བོད་དོན་ཐོག་བྲིས་པའི་དཔྱད་རྩོམ་ཧ་ཅང་ཡག་པོ་རྒྱ་ཡིག་ཏུ་བསྒྱུར་འདུག གསར་འགྱུར་ཡང་སྔོན་མ་བྲིས་པ་ལས་སྤུས་དག་པོ་བྱུང་འདུག རྒྱ་ཡིག་ཚན་པའི་ལས་བྱེད་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་བྱ་བ་བསྒྲུབ་འདུག དེ་མིན་བོད་ནས་ཡོང་བའི་རྒྱ་ཡིག་ཤེས་མཁན་མང་པོ་རྒྱ་གར་ལྡི་ལི་དང་མུམ་བྷེ་སོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གླ་ཆ་ལས་ལྡབ་གཉིས་གསུམ་ལེན་གྱི་ཡོད་པར་མ་ལྟོས་སེམས་ཤུགས་ཀྱིས་ཞབས་འདེགས་ཞུ་བཞིན་ཡོད་པར་མི་ཚེའི་སྤོབས་པ་དང་གཟི་བརྗིད་རེད། ང་ཚོའི་འཛིན་སྐྱོང་གི་ངོས་ནས་ཀྱང་དེ་ལྟར་ངོས་འཛིན་ཞུ་དགོས་རེད་བསམ་གྱི་འདུག་བསམ་བྱུང་། དེ་དང་མཉམ་དུ་ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་ཚན་པ་རྒྱ་བསྐྱེད་དང་མཐུན་སྦྱོར་བྱེད་པར་དོ་སྣང་མང་ཙམ་བྱེད་དགོས་འདུག ད་ལྟ་ཆར་འཛམ་བུ་གླིང་དུ་རྒྱ་ཡིག་བེད་སྤྱོད་བྱེད་མཁན་གྱི་མི་གྲངས་བརྒྱ་ཆ་ ༡༦ ཆགས་ཡོད། སི་པན་སྐད་ཡིག་གི་བརྒྱ་ཆ ༤.༨༥ ཟིན་ཡོད། དབྱིན་ཡིག་སྐད་ཡིག་༤.༨༣ཙམ་རེད། སྐད་ཡིག་བེད་སྤྱོད་ཐད་ཧེ་བག་མང་པོ་ཡོད་པས། ང་ཚོའི་རྒྱ་ཡིག་གི་བརྒྱུད་ལམ་བེད་སྤྱོད་གཏང་པ་ཡིན་ན་བོད་དོན་དང་འབྲེལ་བའི་ལས་དོན་བརྒྱུད་སྒྲོག་བྱེད་པར་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག ཕྱི་དྲིལ་བཀའ་བློན་མཆོག་ནས་རྒྱ་ཡིག་ཚན་པའི་ཐད་སྔར་ལས་ལྷག་པའི་རྒྱ་བསྐྱེད་དང་མཐུན་སྦྱོར་བྱེད་དགོས་ཀྱི་འདུག ཅེས་ཞེས་བཤད་སོང་།

ཕྱི་དྲིལ་བཀའ་བློན་མཆོག་གིས། སྤྱི་འཐུས་ལགས་ཀྱིས་བོད་མི་རྒྱ་ཡིག་ཤེས་མཁན་ཚོ་རྒྱ་གར་གྱི་བཟོ་གྲྭ་དང་ལས་ཁུངས་ནང་དུ་ལས་ཀ་བྱེད་བཞིན་ཡོད་པར་ཚུར་ལེན་ཐུབ་པའི་ལས་གཞི་བརྩམ་ཐུབ་ཡོད་པར་བཤད་པ་ལྟར། ང་ཚོས་ཉམས་ཞིབ་བྱེད་པའི་སྐབས་རྒྱ་ཡིག་ཤེས་མཁན་ལ་ཁྱད་ཆོས་གཅིག་ཡོད་པ་ནི་ཉམས་ཞིབ་བྱེད་པའི་ཁུངས་དང་པོ་དེ་རྒྱ་ཡིག་སྟེང་དུ་ཡོད་པས་རྒྱ་ཡིག་ཤེས་མཁན་དགོས་གནད་འགག་རེད། ང་ཚོས་རྒྱ་གར་ལས་ཁུངས་ནང་བཞིན་གླ་ཆ་ཆེན་པོ་དེ་འདྲ་སྤྲད་ཐུབ་ཀྱི་མེད་ཀྱང་རྒྱ་ཡིག་ཤེས་མཁན་ཆེད་མཐུན་སྦྱོར་བྱེད་རྒྱུ་ཡིན།

གསར་འགོད་པ། དཔལ་ལྡན། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༧ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༩ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 3 སྔོན།

    རྒྱ་ནག་ང་ཚོའི་ལུང་པ་ཕྲོག་མཁན་གྱི་དགྲ་ཡིན་ན་རྒྱ་མིའི་སྐད་ཡིག་ལ་ང་ཚོ་ག་རེ་བྱས་སྐྱབས་བཅོལ་གྱི་ཡོད་ན་ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese