མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིར་བོད་དོན་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཉི་ཧོང་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་དང་པོར་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་ཚོགས་མི་རྣམས་ལ་མཇལ་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་ཚོགས་ཚོགས་མིར་མཇལ་འཕྲད། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༨ བར་ཉིན་གྲངས་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉི་ཧོང་རྒྱལ་ཁབ་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ནས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་དང་མཇལ་འཕྲད་གནང་འཆར་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་ཚོགས་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྟེ། བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་འགྱུར་མྱོང་མེད་སྐོར་སོགས་གསུངས་ཡོད་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་སོགས་རྩ་གཏོར་གཏོང་ཐབས་ཀྱི་སྲིད་ཇུས་སྤེལ་མུས་ཡིན་སྟབས། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་རིག་གཙོས། བོད་ཀྱི་སྐད་ཡིག་དང། བོད་མིའི་ངོ་བོ་སོགས་རྩ་མེད་དུ་བཏང་དང་གཏོང་མུས་ཡིན་པའི་ཁར། རྒྱ་ནག་གཞུང་གིས་བོད་ཕྲུག་བརྒྱ་ཆ་ ༨༠  རྒྱ་ནག་གཞུང་གིས་ཆེད་གཉེར་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་གྱིས་མངག་གཏོང་བྱས་ཏེ། བོད་ཕྲུག་དེ་དག་ལ་རྒྱ་སྐད་རྒྱ་ཡིག་སྦྱང་དུ་བཅུག་གི་ཡོད་པ་མ་ཟད། བོད་ཀྱི་རང་ལོ་ ༣ ནས་ ༡༨ བར་གྱི་སློབ་མ་གྲངས་ས་ཡ་གཅིག་རྒྱ་ནག་གི་མི་སེར་སྤེལ་བའི་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ནས། རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་ཞིག་སྤྲད་དེ། ལོ་ ༡༥ ནས་ ༢༠ བར་གྱི་བོད་རིགས་ན་གཞོན་ཚོར་བོད་རང་གི་མི་རིགས་ཀྱི་ཁྱད་ཆོས་མེད་པ་དང་། བོད་ཀྱི་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་གཏིང་བརྗེད་དུ་གཏོང་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་མུས་ཡིན་སྐོར་སོགས་གསུངས་ཡོད་འདུག

སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡུ་གུར་ནང་གི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གི་གནས་བབ་སོགས་ཀྱི་སྐོར་ལ་སྙན་ཐོ་འདོན་སྤེལ་བྱས་ནས། རྒྱ་ནག་གཞུང་གི་མནར་གཅོད་ཀྱི་འོག་ཏུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་གནས་སྟངས་གསལ་སྟོན་བྱས་ཡོད་པ་ལྟར། ཉི་ཧོང་གཞུང་དང་གྲོས་ཚོགས་ཀྱིས་རྒྱལ་ཚོགས་ནས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དང་། རྒྱ་ནག་གཞུང་གི་བཙན་གནོན་གྱི་འོག་ཏུ་ཡོད་པའི་བོད་ནང་གི་བོད་མིའི་གནས་བབ་མཚོན་པའི་སྙན་ཐོ་རིགས་འདོན་སྤེལ་བྱ་དགོས་པའི་སྐུལ་མ་གནང་བའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ཨེ་ཤ་ཡའི་ཁུལ་དུ་གནས་སྡོད་མི་གྲངས་ཐེར་འབུམ་ ༡། ༨ ལྷག་གིས་བོད་མཐོ་སྒང་ནས་བཞུར་བའི་གཙང་པོ་ཆེན་པོ་བཅུ་ལ་བརྟེན་ནས་འཚོ་བ་རོལ་མུས་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་ནང་དུ་གཏེར་ཁ་སྔོག་འདོན་དང་། ཁོར་ཡུག་སྦག་གཙོག་སོགས་བཟོས་པ་ལ་བརྟེན་ནས། བོད་ནང་གི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ། གནམ་གཤིས་ཀྱི་ཚ་དྲོད་འཕེལ་མུས་ཡིན་སྟབས། ཉི་ཧོང་གཞུང་དང་གྲོས་ཚོགས་སོགས་ཀྱིས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དེ་དག རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་ ( COP) སོགས་སུ་ཚ་གླེང་བྱ་རྒྱུའི་རེ་སྐུལ་གནང་ཡོད་འདུག

ཡང་ཁོང་གིས། བོད་ནི་ནམ་ཡང་རྒྱ་ནག་གཞུང་གི་ཆ་ཤས་མིན་པར་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་མཁས་དབང་སྐུ་ཞབས་མཱ་ཡེ་ཁལ་ཝན་ཝ་ཌི་ ( Michael Van Walt) ལགས་ཀྱིས་ཉི་ཧོང་ཚུད་པའི་ཨེ་ཤ་ཡའི་མཁས་དབང་ ༧༠ ནས་ ༨༠ ཙམ་ལ་ཐུག་འཕྲད་བྱས་ཏེ། མི་ལོ་བརྒྱད་ཀྱི་རིང་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ནས་འགྲེམས་སྤེལ་བྱས་པའི་དཔེ་དེབ་ (Tibet Brief 20/20) ཏུའང་། ཨེ་ཤ་ཡ་ཁུལ་གྱི་མཁས་དབང་དེ་དག་ལྷན་གོ་བསྡུར་གནང་ནས་བོད་དེ་ནམ་ཡང་རྒྱ་ནག་གཞུང་གི་ཆ་ཤས་མིན་པར་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཞིབ་འཇུག་གི་གྲུབ་དོན་ཚད་ལྡན་རྙེད་ཡོད་ཅིང་། རྒྱ་རིགས་མཁས་དབང་སྐུ་ཞབས་ཧན་ཁྲིན་ (Hon-Shiang Lau)  ལགས་ཀྱིས་ཀྱང་རྒྱ་ནག་གི་ཡོན་དང་། ཆིང་། མིང་རྒྱལ་རབས་སོགས་ཀྱི་ཡིག་ཆ་དང་ས་ཁྲ་སོགས་ལ་ཞིབ་འཇུག་ཚད་ལྡན་གནང་ནས། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པའི་ཁུངས་ལྡན་ར་སྤྲོད་གནང་ཡོད་སྐོར་སོགས་གསུངས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་མཛད་འཆར་ལྟར་ན། ཁོང་གིས་ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༨ བར་ཉིན་གྲངས་བརྒྱད་རིང་ཉི་ཧོང་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ཚོགས་འདུ་བསྐོང་འཆར་དང་། ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་དང་། དེ་བཞིན་གཙུག་ལག་སློབ་གྲྭ་ཁག་ཏུ་བོད་དོན་གོ་རྟོགས་སྤེལ་འཆར་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༥ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese