མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཟླ་ ༡༠ པ་ནས་བཟུང་བོད་ཀྱི་གཏམ་བརྗོད་པཱ་ལགས་ཞེས་པ་དངོས་སུ་བོད་པའི་སྤྱི་ཚོགས་ནང་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་གཏམ་བརྗོད་༼པཱ་ལགས་༽ཞེས་པའི་འཁྲབ་སྟོན་པ་དང་ལས་ཀྱི་སྣེ་མོ་བ་མཉམ་འཛོམས་ཀྱིས་གློག་བརྙན་པཱ་ལགས་འདི་ལོའི་ཕྱི་ཟླ་ ༡༠ ནས་བཟུང་བོད་མིའི་སྤྱི་ཚོགས་ནང་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།

སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་འགྲུབ་ཚེ་རིང་ལགས་ཀྱིས།    བོད་ཀྱི་ཟློས་གར་ཚོགས་པ་ནི་དང་ཐོག་༧གོང་ས་མཆོག་གིས་བོད་ཀྱི་སྒྱུ་རྩལ་གཏམ་བརྗོད་ཁང་ཞེས་མཚན་གནང་བའི་ཐོག་ནས་མགོ་བརྩམས་ཏེ། ད་ལྟའི་བར་ཕྱིར་མིག་ཞིག་བལྟས་པ་ཡིན་ན། གཙོ་བོ་བོད་ཀྱི་དངོས་བྱུང་ལོ་རྒྱུས་གཞི་ལ་བཞག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དང་། བོད་ཀྱི་གཞོན་སྐྱེས་རྣམས་ལ་བརྒྱུད་བསྐུར་བྱེད་པར་ཧུར་བརྩོན་བྱས་ཡོད། པཱ་ལགས་ཞེས་པའི་གཏམ་བརྗོད་འདིའི་རྩོམ་པ་པོ་ནི་རྒྱ་གར་གྱི་གཏམ་བརྗོད་རྩོམ་མཁན་གྲགས་ཅན་ཨ་བྷེ་ཁཱ་ཤཱེ་ཁི་(Abhishek Majumdar)ལགས་ཡིན་ཞིང་། ཁོང་ནི་མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་ལོ་རྒྱུས་རྒྱབ་ལྗོངས་མ་འདྲ་བའི་ཐོག་གཏམ་བརྗོད་རིགས་མང་པོ་བྲིས་ཡོད་པ་མ་ཟད། ཨེ་ཤ་ཡ་དང་ཡུ་རོབ་སོགས་སུ་གདེང་འཇོག་ཆེན་པོ་ཡོད་མཁན་གྱི་རྩོམ་མཁན་ཞིག་ཀྱང་ཡིན། གཏམ་བརྗོད་འདི་ཕྱི་ལོ་༢༠༡༩ ལོར་དབྱིན་ཡུལ་དུ་འཁྲབ་སྟོན་བྱས་ཡོད་ཀྱང་། འདིའི་ནང་གི་འཁྲབ་སྟོན་བྱེད་མཁན་ཚང་མ་བོད་པ་ཡིན་ན་ཡག་པོ་ཡོད་པའི་བསམ་ཚུལ་ལ་བརྟེན་ནས། དབྱིན་ཡིག་འཁྲབ་གཞུང་བོད་ཡིག་ནང་དུ་བསྒྱུར་མཁན་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ལགས་ཀྱི་འགན་འཁུར་བའི་ཐོག ཧེ་རི་ལགས་ཀྱི་འཁྲབ་ཁྲིད་རོགས་རམ་བྱས་པ་དང་། ཟློས་གར་ཚོགས་པའི་འཁྲབ་སྟོན་པ་༤ དང་། གཞན་ཚང་མ་བོད་ཀྱི་གཏམ་བརྗོད་ལ་བྱང་ཆུབ་པའི་བོད་མི་རྐྱང་ཡིན། ཕྱི་ཟླ་ ༡༠ ནས་བཟུང་དངོས་སུ་འཁྲབ་སྟོན་བྱེད་པའི་མགོ་ཚུགས་ཏེ་བོད་ཀྱི་གཞིས་ཆགས་ཁག་ནང་དང་རྒྱ་གར་གྲོང་ཁྱེར་ལྡི་ལི་དང་མུམ་བྷེ་སོགས་སུ་གཟིགས་འབུལ་གྱི་ལམ་ནས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་དཀྱིལ་སྙིང་དུ་བཟུང་ནས་གཏམ་བརྗོད་ཀྱི་ལམ་ནས་བོད་དོན་གོ་རྟོགས་སྤེལ་བའི་ཆེད་དུ་ཡིན། ཞེས་བརྗོད་སོང་།

གཏམ་བརྗོད་ཚན་པའི་འཁྲབ་ཁྲིད་པ་ལྷག་པ་ལགས་ཀྱིས། བོད་ཀྱི་གཏམ་བརྗོད་ཚན་པ་ནི་ཕྱི་ལོ་ ༢༠༡༡ ལོར་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་འགྲེལ་བརྗོད་ཇི་ལྟར་བྱེད་པའི་འཆར་གཞི་ཞིག་བཟུང་ནས་འབད་བརྩོན་བྱས་པའི་མཐར་སྤྱི་ཚོགས་སྟེང་དུ་སླེབས་ནས་རིམ་པར་མགོ་ཚུགས་པ་ཞིག་ཡིན། གཏམ་བརྗོད་༼པཱ་ལགས༽་་དབྱིན་ཡུལ་ནང་ཐོག་དང་པོ་འཁྲབ་སྟོན་བྱེད་སྐབས། རྩོམ་པ་པོས་འཁྲབ་སྟོན་པ་བོད་མི་མེད་པར་བློ་ཕམ་བྱུང་སྟེ། ང་དང་འབྲེལ་བ་བྱུང་ནས་གཏམ་བརྗོད་ཆ་ཚང་བོད་སྒྱུར་བྱས་པ་ཡིན། ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་དང་བླངས་ཀྱིས་ཞུ་དག་ཞུས་སོང་། གཏམ་བརྗོད་ཀྱི་ལས་གཞི་འདིའི་ཐད་བོད་ཀྱི་ཟློས་གར་ཁང་གིས་གང་ཅི་ཐད་ནས་རྒྱབ་སྐྱོར་ཡག་པོ་བྱས་པར་བརྟེན་ནས་གཟིགས་འབུལ་ཞུ་བའི་གོ་སྐབས་ཐོབ་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས། གཏམ་བརྗོད་འདིའི་ནང་དོན་གཙོ་བོ་ནི་འཛམ་གླིང་གི་སྡིངས་ཆའི་སྟེང་དུ་འཚེ་མེད་ཞི་བའི་གནས་ཚུལ་ཞིག་ལྷག་ཡོད་ན་བོད་ཡིན་ཞིང་། དེའི་མིག་དཔེ་སྟོན་མཁན་ཞིག་ཡོད་ན་དེ་ནི་བོད་པའི་འཐབ་རྩོད་ཡིན། གཏམ་བརྗོད་འདིའི་བརྒྱུད་རིམ་ནི་བོད་པའི་འཐབ་རྩོད་གཞིར་བཞག་པའི་ཐོག  བོད་ནང་གི་དགོན་པ་ཞིག་གི་ནང་དུ་རྒྱ་གཞུང་གིས་ཆོས་དད་རང་དབང་འཕྲོག་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲིད་ཇུས་སློབ་གསོ་སྤྲད་ནས་སྡུག་རྩུབ་མནར་གཅོད་བཏང་བ།  བོད་ཡོངས་སུ་ན་གཞོན་རྣམས་ལ་རང་ཉིད་ཀྱི་སྐད་ཡིག་སྦྱངས་བའི་ཕུགས་བསམ་མེད་པར་གཏོང་བ། བོད་ནང་སྡུག་རྩུབ་ཁྲོད་འཐབ་རྩོད་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ། རྒྱ་གཞུང་གིས་བཙན་བྱོལ་གྱི་གནས་སྟངས་འཁྱོག་བཤད་བྱེད་བཞིན་པའི་གནས་ཚུལ་ཐེར་འདོན། སྐུ་ལུས་མེར་བསྲེགས་གཏོང་བའི་རྒྱུ་རྐྱེན་གྱི་རྣམ་པ་མང་པོ་ཞིག་གསལ་སྟོན་བྱས་པའི་ཐོག ཆུ་ཚོད་གཉིས་ཅན་གྱི་གཏམ་བརྗོད་དུ་བསྡུས་ནས་བོད་དོན་འཐབ་རྩོད་ཀྱི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྡིངས་ཆར་བཤད་ཐུབ་པར་འབད་བརྩོན་བྱས་ཡོད། ཅེས་འགྲེལ་བརྗོད་བྱས་སོང་།

གཏམ་བརྗོད་ཀྱི་འཁྲབ་ཁྲིད་ལས་རོགས་ཧེ་རི་(Harry Fuhrmann)ལགས་ཀྱིས། ང་ནི་འཇར་མན་གྱི་གཏམ་བརྗོད་འཁྲབ་ཁྲིད་པ་ཞིག་ཡིན། ངའི་འོས་འགན་ནི་སྒྱུ་རྩལ་གྱི་ལས་ནས་སྤྱི་ཚོགས་ཀྱི་སྣང་བརྙན་རྒྱལ་སྤྱིའི་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དེ་ཡིན། ང་རང་དམངས་གཙོའི་ལུང་པ་ཞིག་ནས་འཚར་ལོངས་བྱུང་ཡོད་ཀྱང་། བོད་ཀྱི་ལུང་པར་རང་དབང་མེད་པའི་གནས་སྟངས་གསལ་བོ་ཤེས་ཡོད། བོད་ནང་དུ་བོད་མི་ཚོར་རང་དབང་མེད་ལ་ཐ་ན་རང་ཉིད་ཀྱི་གཞུང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་སོགས་ཅི་ཡང་མེད། དེ་བས་ང་ཚོས་དངོས་ཡོད་གནས་ཚུལ་མཐོང་ཐོས་བྱུང་བ་རྣམས་གསལ་སྟོན་བྱེད་དགོས་པ་རེད།  བོད་མི་རིགས་ནི་འཚེ་མེད་ཞི་བའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་ཀྱང་། འཛམ་གླིང་མི་མང་གིས་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་ནི་སྐྱོ་དགོས་པའི་གནས་སྟངས་ཤིག་རེད། ངས་ཀྱང་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་མང་པོ་མཐོང་ནས་རང་ཉིད་ཀྱི་འཁྲབ་ཁྲིད་པའི་ཆེད་ལས་ཀྱིས་བོད་དོན་ལ་རོགས་རམ་ཞུ་འདོད་བྱུང་།  པཱ་ལགས་གཏམ་བརྗོད་འཁྲབ་སྟོན་པས་བོད་སྐད་ཀྱི་ལམ་ནས་འཁྲབ་སྟོན་བྱེད་ཐུབ་པར་ཡག་པོ་བྱུང་ལ། བོད་ཀྱི་སྤྱི་ཚོགས་ནང་དང་རྒྱ་གར། རྒྱལ་སྤྱིའི་ཐོག་ཏུ་མུ་མཐུད་དུ་འཁྲབ་སྟོན་འགྲུལ་བཞུད་བྱེད་པའི་རེ་བ་ཆེན་པོ་ཡོད། ཅེས་བརྗོད་སོང་།

ཐེངས་འདིའི་གཏམ་བརྗོད་ནང་གི་འཁྲབ་སྟོན་པ་ཆུང་ཤོས་ཡང་བསྐྱར་སྒྲོལ་མ་ལགས་ཀྱིས། གཏམ་བརྗོད་འདིའི་ནང་དུ་བོད་ནང་གི་བོད་པའི་གནས་སྟངས་དང་རིག་གཞུང་ག་འདྲ་ཡོད་མིན་སྟོན་གྱི་ཡོད་དུས། ཐེངས་འདིའི་གཏམ་བརྗོད་ནང་དུ་འཁྲབ་སྟོན་བྱེད་འདོད་སྐྱེས་བྱུང་། ངའི་འཁྲབ་སྟོན་མི་སྣ་པདྨ་ནི་བོད་ནང་དུ་བསྡད་ཡོད་ཀྱང་བོད་སྐད་མི་ཤེས་མཁན་ཞིག་ཡིན་པ་དང་། སྐད་ཆའི་ནང་དུ་རྒྱ་སྐད་ཀྱི་ཤུགས་རྐྱེན་གྱིས་བོད་རྒྱ་འདྲེས་མ་བཤད་ཀྱི་ཡོད་པས། བོད་ནང་གི་བོད་མི་ཚོར་རང་དབང་མེད་པར་བོད་ཡིག་སྦྱངས་བའི་གོ་སྐབས་མེད་པའི་ཚོར་བ་བྱུང་གི་འདུག བཙན་བྱོལ་ནང་གི་བོད་མི་ཚོས་རིག་གཞུང་བདག་པོ་རྒྱག་དགོས་པར་དྲན་གྱི་འདུག ཅེས་བརྗོད་སོང་།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༧ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese