མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་སྩལ་མགོ་བཙུགས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྨན་བཟས་ནས་སེམས་ཀྱི་ཞི་བདེ་བསྐྲུན་མི་ཐུབ་པར་བྱམས་བརྩེ་བསྒོམས་ནས་སེམས་ཀྱི་གཏིང་ནས་སེམས་ཅན་ལ་བརྩེ་བའི་བློ་ཞིག་སྐྱེས་དགོས་སྐོར་གསུངས་སོང་།

པར་དབང་། བོད་ཀྱི་དུས་བབ།

དེ་རིང་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་ ༣ རིང་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་སྩལ་མགོ་བཙུགས་པ་དང་། སྐབས་དེར༧གོང་ས་མཆོག་གིས། དེ་རིང་ཁ་སང་གི་དུས་ཚོད་ནང་མི་ཕལ་ཆེ་ཕྱིའི་དངོས་པོའི་ཡར་རྒྱས་རྐྱང་རྐྱང་བསམ་བློ་གཏོང་མཁན་མ་གཏོགས། ནང་བསམ་བློ་གང་འདྲ་འགྱུར་བ་གཏོང་དགོས་ཡོད་མེད་བསམ་བློ་གཏོང་མཁན་ཉུང་ཉུང་རེད། སྤྱིར་ཆོས་ལུགས་འདྲ་མི་འདྲ་མང་པོ་ཞིག་ཡོད། ཚང་མས་སེམས་པ་བཟང་པོ་བྱ་དགོས་རྒྱུ་དང་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་གསུང་གི་ཡོད། ལྷག་པར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་འདིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྩལ་དུ་བཏོན་ནས། སེམས་མ་འདུལ་བ་དེ་གང་འདྲ་ཡོང་གི་ཡོད་མེད་དང་སེམས་མ་འདུལ་བ་རྣམས་ཡག་པོ་བྱས་ནས་ངོ་འཕྲོད་པ་ཡིན་ན། དེ་འདུལ་བྱེད་ཀྱི་སེམས་ཞི་བདེ་བསྒྲུབ་རྒྱུའི་བསམ་བློའི་འགྲོ་སྟངས་དེ་དག་ལ་དོ་སྣང་བསླེབས་ནས་ཞེ་དྲགས་ཡག་པོ་རེད་འདུག དེ་འདྲ་ཡིན་དུས། སེམས་ཁམས་རིག་པའི་སྐོར་དེ་སངས་རྒྱས་པའི་གཞུང་ནང་དུ་གསལ་པོ་ཞེ་དྲགས་གསུང་གི་འདུག ཅེས་དང་། སྔ་མ་བོད་ལ་ལྷ་བསྒོམ་རྒྱུ་དང་། སྔགས་བགྲང་རྒྱུ་མ་གཏོགས་གཞུང་བལྟ་རྒྱུར་དེ་ཙམ་དོ་སྣང་མེད་པའི་བཟོ་འདྲ་བོ་ཞིག་བྱས་ནས། ཚད་མའི་གཞུང་ནི་མུ་སྟེགས་པའི་འདོད་པ་འགོག་རྒྱུ་ཞིག་མ་གཏོགས། རྣམ་འགྲེལ་བསྒྲུབ་པར་དེ་འདྲ་གལ་ཆེན་ཡིན་པའི་ངོས་འཛིན་ཕལ་ཆེར་མ་ཡོང་བ་ཞིག་བྱུང་བ་རེད། རྗེ་རིན་པོ་ཆེ་ཁོང་ཉིད་ཚད་མ་རྣམ་འགྲེལ་ལ་དམིགས་བསལ་གྱིས་སྦྱོང་བརྡར་གནང་བ་རེད། ཅེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཚད་མའི་གཞུང་ལ་སྐབས་རེར་སྣང་ཆུང་གཏོང་མཁན་འདྲ་ཡོང་གི་ཡོད་རེད་དེ། དེ་དེ་འདྲ་མ་རེད། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རིག་པའི་ལམ་ནས་ཡག་པོ་བྱས་ནས་ངོ་འཕྲོད་པ་དང་སེམས་ལ་ངེས་པ་ཐོབ་རྒྱུར་ཚད་མ་རིག་པ་དེ་དཔེ་གལ་ཆེན་པོ་རེད་འདུག རྗེ་རིན་པོ་ཆེས་ཚད་མའི་གཞུང་ལ་སྦྱངས་པ་གནང་ནས་ཐུགས་ཕན་གསོས་པོ་ཞེ་དྲགས་བྱུང་ཞེས་རྟོགས་བརྗོད་འདུན་ལེགས་མའི་ནང་ལ་གསུངས་འདུག དེ་འདྲ་ཡིན་དུས་དེ་རིང་ཁ་སང་བསྟན་པ་མར་གཉའ་ཕྲ་བོ་ཆགས་ཡོད་པའི་ཁ་ཐུག་དེར། ད་གང་ལྟར་ཚད་མ་རིག་པའི་ཐོག་ནས་རྣམ་འགྲེལ་གྱི་ནང་ནས་ཐར་པ་བསྒྲུབ་རྒྱུ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུ་དེ་ཚོ་གྲས་དེ། རིག་པས་བསམ་བློ་གཏང་རྒྱུ་ལས། ཞེས་གསུངས་པའི་ཕྱིར་ཞེས་པའི་སྐད་ཆ་དེ་མེད་པར། རིག་པས་བསྒྲུབ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་ཤག བཅོམ་ལྡན་འདས་ཁོང་ཉིད་ཀྱིས་བཅོམ་ལྡན་འདས་ཁོང་ཉིད་ཀྱིས་གསུངས་པའི་ཆོས་དེ་ལ་ཁྱེད་རང་ཚོས་ཡིད་ཆེས་བྱས་ནས་བསླབ་དགོས་མ་རེད། ངས་(བཅོམ་ལྡན་འདས་)ལབ་བཞག་པ་དེར་ཁྱེད་རང་ཚོས་རིག་པས་བརྟག་དཔྱད་བྱས་ནས་བརྩད་གཅོད་བྱོས་གདའ། ཞེས་གསུངས་འདུག དེ་འདྲ་ཡིན་དུས་ང་རང་ཚོས་རིག་པའི་ལམ་ནས་དཔྱད་པ་བྱ་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་རེད། ཆོས་ལུགས་མང་ཆེ་བར་ཕལ་ཆེར་དད་པ་དེ་གཙོ་བོ་རེད་དེ། སངས་རྒྱས་པའི་ཆོས་ལུགས་སྤྱི་དང་ལྷག་པར་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་ལུགས་དེ་ལ་རིག་པས་དཔྱད་པ་བྱ་རྒྱུ་དེ་གཙོ་བོ་བྱས་ནས་གསུང་གི་འདུག་ག དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་ཚན་རིག་ཡར་རྒྱས་ཕྱིན་ཡོད་པའི་ནང་ལ། ཚན་རིག་པ་རྣམ་དཔྱོད་ཅན་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱེད་མཁན་དེ་ཚོ་གྲས་ཀྱིས་སངས་རྒྱས་པའི་འགྲོ་སྟངས་དེ་ལ་དོ་སྣང་དམིགས་བསལ་བྱེད་ཀྱི་འདུག ལྷག་པར་སེམས་ཁམས་རིག་པའི་སྐོར་ལ་ནང་པའི་གཞུང་དུ་རྒྱས་ཤོས་ཆགས་བསྡད་ཡོད། ཆོས་ལུགས་གཞན་ལ་སེམས་ཁམས་རིག་པའི་སྐོར་དེ་གལ་ཡོད་མ་རེད། ཐ་ན་འཕྲོད་བསྟེན་གྱི་ཐོག་ནས་སེམས་ཁམས་རིག་པ་དེ་ཕན་ཐོགས་ཡོད་པ་རེད་འདུག དེ་འདྲ་ཡིན་དུས་ང་ཚོ་ཆོས་ཁས་ལེན་མཁན་ཡིན་ན་རེད་མི་ལེན་མཁན་ཡིན་ན་རེད། ཚན་རིག་པ་ཁ་ཤས་ཀྱིས་སེམས་ཀྱི་ཞི་བདེ་བྱུང་ན་ལུས་ལའང་ངལ་གསོ་ཐེབས་པ་དང་།  སེམས་སུ་དངངས་སྐྲག་དང་ཞེ་སྡང་ཡོང་དུས་སེམས་ཀྱི་ཞི་བདེ་བརླག་འགྲོ་ཡི་རེད། སེམས་ཞི་བདེ་ཡོང་རྒྱུའི་རྒྱུ་རྐྱེན་གཙོ་བོ་དེ་བྱམས་བརྩེ་བསྒོམ་རྒྱུ་ཡིན་པར་དོ་སྣང་བྱེད་ཀྱི་འདུག ཅེས་གསུངས་སོང་།

མགོན་པོ་གང་ཉིད་ཀྱིས། སངས་རྒྱས་པའི་གཞུང་ནས་སེམས་བྱམས་བརྩེ་བསྒོམ་ནས་སེམས་སུ་བགེགས་རྐྱེན་ཞེ་སྡང་ལ་སོགས་དང་འཕྲད་ཡོང་དུས། ཁོ་ལ་ཁ་ཐུག་ཁ་ཐུག་གཉེན་པོ་བསྟེན། གཞན་སྤྱི་ཡོངས་ནས་བྱམས་བརྩེའི་བློ་དེ་སྒོམ་ཡོང་དུས་སེམས་ལ་ཞི་བདེ་རང་བཞིན་གྱིས་ཡོང་བསྡད་ཡ་ཞིག་རེད། སེམས་ལ་ཞི་བདེ་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་ལུས་ཁམས་བདེ་བ། གཉིད་སྐྱིད་པོ་ཡོང་གི་རེད། སེམས་ལ་ཞི་བདེ་མེད་པ་བྱས་ནས་ཁོང་ཁྲོ་ལངས་བ་དང་དངངས་སྐྲག་སྐྱེས་བསྡད་པའི་བཟོ་འདྲ་བོ་བྱས་ན། ཕར་ཨ་ལོག་བརྒྱབ་ཚུར་ཨ་ལོག་བརྒྱབ་ནས་བསྡད་ཀྱི་རེད། སེམས་ལ་ཞི་བདེ་ཡོད་ན་གཉིད་ལྷོད་ལྷོད་བྱས་ནས་ཁུག་རྒྱུ་ཡོང་གི་རེད། གང་ལྟར། འཕྲོད་བསྟེན་གྱི་ཆ་ནས་ཡིན་ན་ཡང་སེམས་ཀྱི་ཞི་བདེ་ཧ་ཅང་གི་གལ་ཆེན་པོ་རེད།  ཕྱི་ལོགས་ཀྱི་སྨན་བཟས་ནས་སེམས་ཀྱི་ཞི་བདེ་བཟོ་རྒྱུར་ཕྲན་བུ་ཕན་གྱི་ཡོད། ཡིན་ན་ཡང་། གཙོ་བོའི་གཙོ་བོ་བྱམས་བརྩེ་བསྒོམས་ནས་སེམས་ཀྱི་གཏིང་ནས་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ལ་བརྩེ་བའི་བློ་ཞིག་སྐྱེས་པ་ཡིན་ན། རང་བཞིན་གྱི་སེམས་ལྷོད་ལྷོད་ཆགས་རྒྱུ་ཞིག་རེད། ང་རང་ཚོ་ཚང་མས་ཞི་བདེ་ཞི་བདེ་ཟེར་གྱི་ཡོད། ཞི་བདེ་ངོ་མ་དེ་སེམས་པ་བཟང་པོ་བྱས་ནས། དེའི་ཐོག་ནས་སེམས་ལ་ཞི་བདེ་ཡོང་བ་དེ་ཞི་བདེ་ངོ་མ་ཆགས་བསྡད་ཡོད། ང་ཚོ་ཚང་མས་འཛམ་གླིང་ཞི་བདེ་ཁ་གཅིག་གྲགས་ཀྱི་བཤད་ཀྱི་ཡོད། འཛམ་གླིང་ཞི་བདེ་འཆད་ཀྱིན་འཆད་ཀྱིན་ལ་གོ་མཚོན་བཟོ་རྒྱུ་དེ་ཚོ་ནང་འགལ་རེད། སེམས་ཀྱི་ཞི་བདེ་ཡོང་བར་འཚེ་བ་མེད་པ་དེ་རང་ཤུགས་ཀྱིས་ཡོང་བསྡད་ཀྱི་ཡོད། འཚེ་བ་མེད་པའི་ལྟ་སྤྱོད་སྒང་ལ་འགྲོ་བསྡད་དུས། གོ་མཚོན་དང་དམག་ཤུགས་དེ་ཚོའི་གྲས་དེ་འབྲེལ་མེད་ཆགས་ཡོང་གི་ཡོད། ང་རང་ཚོ་འཛམ་བུ་གླིང་འདིའི་སྒང་གི་མི་ཐེར་འབུམ་བདུན་བརྒྱད་ཡོད་པ་དེ་དག་ཚང་མ་བདེ་བ་དོན་དུ་གཉེར་བ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ཆོས་ཡོད་མེད་ཀྱི་སྐད་ཆ་གལ་མ་རེད། སྐྱེས་ཙམ་ཉིད་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་ཡོད་ལ། སྐྱེས་མ་ཐག་ནས་མ་ཡི་བྱམས་བརྩེས་བསྐྱངས་པ་རེད། ཅེས་གསུངས་སོང་།

པར་དབང་། བོད་ཀྱི་དུས་བབ།

ཡང་མགོན་པོ་མཆོག་གིས། ངོས་རང་ཉིན་རེ་བཞིན་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་བསམ་བློ་བཏང་གི་ཡོད། སེམས་ལ་ཞེ་དྲགས་ཕན་གྱི་འདུག སེམས་གཏིང་ནས་ཞི་བདེ་ཡོད་པ་དང་ཆབས་ཅིག་སྙིང་སྟོབས་ཤིག་བསླེབས་ཀྱི་འདུག བཀྲ་མི་ཤིས་པའི་ཁ་ཆག་རྣ་རལ་གྱི་གནས་ཚུལ་དེ་འདྲ་ཡོང་བའི་སྐབས་སུ་སྙིང་རྗེ་བསམ་པ་ཞིག་མ་གཏོགས། དེ་ལ་ཁོང་ཁྲོ་ལངས་པ་བཟོ་ཞིག་ཧ་ལམ་ཡོང་གི་མི་འདུག བྱས་ཙང་། སེམས་ཀྱི་ཞི་བདེ་རང་བཞིན་གྱི་ཡོང་བ་དང་ཆབས་ཅིག་སེམས་ཀྱི་སྙིང་སྟོབས་ཀྱང་བསླེབས་ཀྱི་འདུག དཀའ་ངལ་ག་རེ་བྱུང་ན་ཡང་། མིས་བཟོས་པའི་དཀའ་ངལ་རེད། དེ་འདྲ་ཡིན་དུས་མིའི་རང་ཆས་སུ་བརྩེ་བ་ཡོད། དེའི་ཐོག་ནས་ང་ཚོས་དཀའ་ངལ་སེལ་ཐུབ་ཀྱི་རེད་བསམ་པ་ཞིག་དྲན་ཡོང་དུས། རང་བཞིན་གྱིས་སེམས་ལ་ཞི་བདེ་ཡོང་བསྡད་པ་ཞིག་ཡོང་གི་འདུག སྙིང་སྟོབས་ཤིག་ཀྱང་བསླེབས་བསྡད་ཀྱི་འདུག ངོས་རང་གི་ངོ་ཤེས་མང་པོ་ཞིག་ལ་སེམས་ཀྱི་བྱམས་བརྩེ་ཞིག་ཡོད་ན། སེམས་ལ་ཞི་བདེ་ཡོང་རྒྱུ། སེམས་ལྷོད་ལྷོད། དཀའ་ངལ་ག་རེ་བྱུང་ནའང་དེར་ཁོང་ཁྲོ་ལངས་ནས་གདོང་ལེན་བྱ་རྒྱུ་མིན་པ་བྱས། སེམས་ཞི་བའི་ཐོག་ནས་ཡུལ་དེར་ཕན་ཐོགས་བྱ་རྒྱུར་རྟག་པར་ལབ་བསྡད་ཀྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༧ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese