མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་རཱ་མཐོ་སློབ་ཀྱི་བོད་རིག་པའི་ཟབ་ཁྲིད་མགོ་འཛུགས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བདག་ཉར་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཆགས་ཡོད་པས་ཚོགས་བཅར་བ་རྣམས་ཀྱིས་ཟབ་ཁྲིད་ལ་གསན་པ་དང་དོན་ཤེས་པ་ཙམ་མིན་པར་ལག་ལེན་བསྟར་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་སྟེང་ས་རཱ་མཐོ་སློབ་ཏུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་བཅུ་དགུའི་གཞོན་ནུའི་རུ་ཁག་གི་གོ་སྒྲིག་འོག ཉིན་དྲུག་རིང་གི་བོད་རིག་པའི་ཟབ་ཁྲིད་མགོ་འཛུགས་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་ཆོས་རིག་དྲུང་ཆེ་འཆེ་མེད་ཚེ་དབྱངས་ལགས། དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་དང་། ས་རཱ་མཐོ་སློབ་ཀྱི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱི་དབུས་དགེ་ལས་སློབ་ཕྲུག་རྣམས་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་ས་རཱ་བོད་རིག་པའི་ཟབ་ཁྲིད་ཀྱི་སྐོར་ལ་ས་རཱ་མཐོ་སློབ་ཀྱི་གཞོན་ནུ་རུ་ཁག་གི་ཚོགས་གཙོ་ཕུན་རབ་བསྟན་འཛིན་འོད་ཟེར་ལགས་ཀྱིས། ས་རཱ་བོད་རིག་པའི་བགྲོ་གླེང་དེ་ཐོག་མར་འཚོགས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གི་གནོན་ཤུགས་དང་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འོག་ནས། བོད་ནང་གི་བོད་མི་དང་གཞོན་སྐྱེས་རྣམས་ལ་རང་གི་སྐད་དང་རིག་གཞུང་སྦྱོང་རྒྱུའི་རང་དབང་མེད་པས། བོད་ཀྱི་སྐད་དང་རིག་གཞུང་སོགས་ཉམས་རྒུད་འགྲོ་བཞིན་ཡོད་པ་དང། དམིགས་བསལ་གྱིས་བཙན་བྱོལ་དུ་རང་གི་སྐད་དང་རིག་གཞུང་སོགས་སྦྱོང་བར་རང་དབང་ཡོད་ཀྱང་། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་དེའི་ཐོག་ལ་དོ་སྣང་མི་བྱེད་ཅིང་། ད་ལྟའི་ཆར་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་གནས་སྟངས་ཛ་དྲག་པོ་ཆགས་ཀྱི་ཡོད་པར་བརྟེན། ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གིས་བོད་མི་རིགས་ཀྱི་འཐབ་རྩོད་དང་བོད་པའི་ངོ་བོ་མི་བརླག་པའི་དོན་དུ་བོད་ཀྱི་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་དར་སྤེལ་ཡོང་སླད། ས་རཱ་བོད་རིག་པའི་བགྲོ་གླེང་མགོ་བཙུགས་པ་རེད། བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་རྒྱལ་རབས་ལ་སོགས་པའི་བརྗོད་གཞིའི་ཐོག་བོད་རིག་པའི་བགྲོ་གླེང་གོ་སྒྲིག་བྱས་དང་བྱེད་མུས་ཡིན་སྐོར་སོགས་བརྗོད་སོང་།

ས་རཱ་མཐོ་སློབ་ཀྱི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས། ས་རཱ་བོད་རིག་པའི་བགྲོ་གླེང་གི་ཐོག་མའི་གྲུབ་ཆ་ནི་ས་རཱ་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་པའི་སློབ་མ་དེ་དག་གཙོ་བོར་དམིགས་ཏེ། ད་བར་ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད་མ་སྐུལ་དང་བླངས་དང་ལྷག་བསམ་རྣམ་དག་གིས་བོད་རིག་པའི་བགྲོ་གླེང་གནང་དང་གནང་བཞིན་ཡོད་པ་དང་། མ་འོངས་པར་མུ་མཐུད་དུ་འཚོག་ཐུབ་རྒྱུ་དང་། འབྲེལ་ཡོད་ལམ་སྟོན་གནང་མཁན་གྱི་དགེ་རྒན་དང་སློབ་མ་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་རིག་གནས་སྤྱི་ལ་མཁྱེན་རྒྱ་ཡངས་ཤིང་མྱོང་བ་གསལ་བའི་ཆེད་མཁས་པ་གང་ལ་གང་ཙམ་ཕེབས་ཡོད་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བདག་ཉར་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཞིག་ཆགས་ཀྱི་ཡོད་པས། ཚོགས་བཅར་བ་རྣམས་ཀྱིས་དེ་རིང་གི་ཟབ་ཁྲིད་ཀྱི་བརྗོད་གཞིའི་ཐོག་ལ་གསན་པ་དང་དོན་ཤེས་པ་ཙམ་མིན་པར་ལག་ལེན་བསྟར་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དམིགས་བསལ་སྐུ་མགྲོན་ཆོས་རིག་དྲུང་ཆེ་འཆེ་མེད་ཚེ་དབྱངས་ལགས་ཀྱིས། རྣམ་པ་ཚོས་མ་སྐུལ་དང་བླངས་ཀྱི་ཐོག་ནས་བགྲོ་གླེང་འདི་འདྲ་གོ་སྒྲིག་ཞུས་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ད་ལྟའི་ང་ཚོ་སྤྱི་ཚོགས་ཀྱི་གནས་སྟངས་འདི་ཕྱོགས་ཡོངས་ནས་གནས་སྟངས་ཛ་དྲག་པོ་ཆགས་ཡོད་པས། རྣམ་པ་ཚོས་མཉམ་རུབ་ཀྱིས་འགན་འཁུར་རྒྱུ་གལ་ཆེན་པོ་ཡིན་པ་དང་། མཉམ་རུབ་ཀྱིས་འགན་འཁུར་ན་ང་ཚོ་ཚང་མའི་དམིགས་ཡུལ་དང་ནུས་པ། གྲུབ་འབྲས་སོགས་གང་ཅིའི་ཐད་ནས་ཐུགས་ཕན་གསོ་ཡི་རེད་བསམ་གྱི་ཡོད། ང་ཚོའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། བོད་ཀྱི་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པས། ད་ལྟའི་ཆར་བོད་ཀྱི་རིག་གཞུང་སོགས་ངོམས་ཆོག་པ་དང་རྒྱལ་སྤྱིའི་ནང་དགའ་ཞེན་དང་རྒྱབ་སྐྱོར་གནང་བ་རེད་བསམ་གྱི་ཡོད། དེར་བརྟེན་ང་ཚོས་དུས་རྟག་ཏུ་དྲན་གསོ་དགོས་གལ་ཆེ་བ་དང་། ༧གོང་ས་མཆོག་གི་ཐུགས་ཀྱི་བྱིན་རླབས་ལ་བརྟེན་ནས་བཙན་བྱོལ་དུ་བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་པ་རེད། དེ་བཞིན་མི་རབས་རྒན་པའི་ལྷག་བསམ་དང་སྙིང་སྟོབས། སོ་སོའི་འཚོ་བའི་དཀའ་ངལ་ལ་མ་འཛེམས་པར་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཐོག་ལ་ནུས་པ་མཉམ་སྤུངས་ཀྱིས་རྒྱུན་གནས་ཐུབ་པ་བྱུང་བ་རེད། ང་ཚོའི་རིག་གཞུང་མུ་མཐུད་དུ་གནས་དགོས་གལ་ཆེ་བ་དང་དོ་སྣང་བྱེད་དགོས་ལ། མི་རབས་ནས་མི་རབས་རྩིས་སྤྲོད་དགོས་ཀྱི་ཡོད་པས་བོད་མི་ཡོངས་ཀྱི་ལས་འགན་གཙོ་བོ་ཆགས་ཀྱི་ཡོད་ཅིང་། དམིགས་བསལ་གྱིས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་དེའི་ཐོག་ལ་འགན་འཁུར་དགོས་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་རང་དབང་ལུང་པར་ཡོད་པས། རང་གི་འདོད་མོས་ལྟར་སློབ་སྦྱོང་སྦྱང་རྒྱུ་དང་ལས་ཀ་བྱ་རྒྱུའི་རང་དབང་ཡོད་པ་རེད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ལས་ཀ་ཇི་འདྲ་ཞིག་བྱེད་ཀྱི་ཡོད་རུང་སྤྱི་ཚོགས་ཁྲོད་དུ་ཕུགས་རྒྱང་རིང་པོའི་དགེ་སྐྱོན་སོགས་སེམས་ནང་དུ་བཞག་རྒྱུ་གལ་ཆེན་ཡིན་པ་དང་། མ་འོངས་པར་བོད་ཀྱི་རིག་གཞུང་གི་གནས་བབ་ཇི་འདྲ་ཆགས་ཀྱི་ཡོད་མེད་དེ་ང་ཚོར་རག་ལས་ཡོད་པས་ཚང་མས་ཧུར་ཐག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཉིན་དྲུག་རིང་གི་ཟབ་ཁྲིད་བརྒྱུད་ཚོགས་བཅར་བ་ཡོངས་ཀྱི་ཤེས་བྱ་ཡོན་ཏན་ལ་ཐུགས་ཕན་གསོ་བའི་རེ་བ་ཡོད། ཞེས་གསུངས་སོང་།

བོད་རིག་པའི་བགྲོ་གླེང་དང་འབྲེལ་ནས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཐོག་མར་ས་རཱ་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག་སྐབས་བཅོ་ལྔ་པའི་བོད་རིག་པའི་བགྲོ་གླེང་འཚོགས་ཐུབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། བགྲོ་གླེང་ཕུན་སུམ་ཚོགས་པ་དང་དོན་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བགྲོ་གླེང་དང་ཟབ་སྦྱོང་གི་ཆ་རྐྱེན་བསྐྲུན་ནས་ལས་རིམ་དེ་འདྲ་གོ་སྒྲིག་གནང་ཐུབ་པ་དེ་ཡག་པོ་ཞེ་དྲགས་རེད། སྤྱིར་བཏང་གཞོན་ནུ་རུ་ཁག་ཐོག་མར་བཙུགས་པའི་སྐབས་སུ་རུ་ཁག་གི་དམིགས་ཡུལ་མང་པོ་ཡོད་རེད་དེ། མང་ཆེ་བ་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་ཐོག་གཙོ་བོ་བཏོན་ཡོད་པ་རེད། འོན་ཀྱང་ཆབ་སྲིད་རྐྱང་པའི་ལས་ཀ་བྱེད་མཁན་ཞིག་ཡིན་རུང་ཤེས་ཡོན་གྱི་གནས་བབ་དེ་ངེས་པར་དུ་དགོས་མཁོ་ཆེ་བ་ཆགས་ཀྱི་ཡོད་རེད། དེ་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཞིག་བསྒྲུབ་དགོས་ཚེ། མི་རིགས་མཐུན་སྒྲིལ་དགོས་པ་དང་ཤེས་བྱ་ཡོན་ཏན་ལ་སྦྱངས་དགོས་པ། དེ་བཞིན་ལས་དོན་ཇི་འདྲ་བྱེད་རུང་རྒྱུན་གནས་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། གཞན་ཡང་། ལས་དོན་དང་ལས་འགུལ་ཇི་འདྲ་ཞིག་སྤེལ་རུང། ལས་དོན་རྒྱུན་གནས་ཐུབ་པ་དང་ཡར་རྒྱས་འཛུགས་སྐྲུན་གྱི་ལས་ཀ་ངེས་པར་དུ་བྱ་དགོས་རྒྱུ་ནི་གཞི་རྩ་ལྟ་བུ་ཞིག་རེད། དེ་མིན་ཆབ་སྲིད་དང་ཁྲིམས་མཐུན་གྱི་ལས་ཀ་ཁ་ཤས་དུས་ཚོད་ལ་བྱེད་དགོས་པ་ལས། དུས་རྒྱུན་དུ་ནས་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་མ་རེད། དེར་བརྟེན་དེ་འདྲའི་ཟབ་སྦྱོང་དང་བགྲོ་གླེང་། དེ་དང་མཚུངས་པའི་ཤེས་ཡོན་དང་རིག་གནས་སོགས་ལ་འབྲེལ་བའི་བྱ་བ་བྱ་རྒྱུ་གལ་ཆེན་ཡིན་པ་དང་། ཁྱེད་རང་ཚོའི་ལས་འགུལ་དེ་ལ་ང་རང་སྒེར་གྱི་ངོས་ནས་མོས་མཐུན་ཡོད་ལ་ངེས་པར་དུ་གནང་དགོས་པ་ཞིག་རེད། ང་ཚོ་བོད་པའི་ལས་དོན་མང་པོ་ཞིག་རྒྱུན་གནས་ཐུབ་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེ་ཡང་དཀའ་ངལ་འཕྲད་དགོས་དོན་ནི་ལས་བྱེད་ཡང་ནས་ཡང་དུ་བརྗེས་པ་དང་འགྲོ་སོང་གིས་མི་འདང་བས་རྒྱུན་གནས་ཐུབ་ཀྱི་མེད་པ་རེད། གྷན་དྷི་ལྟ་བུར་མཚོན་ན། ཁོང་གིས་ལས་དོན་ཇི་འདྲ་ཞིག་མགོ་བཙུགས་པའི་སྐབས་སུ་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་བའི་ཐོག་ནས། ལས་དོན་དེ་དག་རྒྱུན་གནས་ཐུབ་པར་འབད་པ་དང་། དཔལ་འབྱོར་འདང་ངེས་ཡོད་པའི་སྐབས་སུ་འགྲོ་སོང་ལ་བསྲི་ཚགས་བྱས་ཡོད་པ་རེད། དེར་བརྟེན་བོད་པ་ཚོས་གྷན་དྷི་ལ་མིག་དཔེར་བཟུང་སྟེ། མ་འོངས་པར་ལས་དོན་ཇི་འདྲ་ཞིག་སྤེལ་རུང་། དཔལ་འབྱོར་གྱི་དཀའ་ངལ་མི་འཕྲད་པའི་སླད་འགྲོ་སོང་ལ་བསྲི་ཚགས་དང་མུ་མཐུད་དུ་རྒྱུན་གནས་ཐུབ་པར་འབད་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེ་རིང་ཞོགས་པར་ཆུ་ཚོད་གཉིས་རིང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་སློབ་དཔོན་དབྱིག་གཉེན་གྱི་རྣམ་པར་བཤད་པའི་རིགས་པའི་སྐོར་ལ་འགྲེལ་བརྗོད་དང་། རྣམ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་གསུང་རྩོམ་ངོ་སྤྲོད་གནང་། སང་ཉིན་ནས་མུ་མཐུད་ཁོང་རྣམ པ་གཉིས་ནས་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་། རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་སྔགས་ཀྱི་བཀླག་ཐབས་དང་། རྒན་བློ་བཟང་སྙན་གྲགས་ལགས་ཀྱིས་ཕོ་ཉ་གཞོན་ནུ་དོན་གྲུབ་ཀྱི་སྐོར། དེ་བཞིན་རྒན་གཙང་ཕྲུག་སྟོབས་ལགས་ནས་བོད་ཀྱི་ལོ་རྒྱུས་རིག་པའི་སྐོར་དང་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ནས་༧གོང་ས་བཅུ་བཞི་པ་ཆེན་པོའི་མཛད་འཕྲིན་ངོ་སྤྲོད་དང་འབྲེལ་ནས་ཟབ་ཁྲིད་གནང་འཆར་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༧ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese