མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་སྐོར་བསྐྱོད་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ངོས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་བོད་ཡིག་གི་བརྒྱ་ཆ་ ༩༥ ཡན་ལོན་པ་རྣམས་ལ་གཟེངས་བསྟོད་ཧིན་སྒོར་ལྔ་སྟོང་འབུལ་རྒྱུ་ཡིན་འདུག

པར་དབང་། བོད་ཀྱི་དུས་བབ་གསར་ཁང་།

དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ངོས་ནས། འདི་ལོར་སྦིར་ཇོ་ཏ་ར་དང་རྡེ་ར་ལྡུན་སོགས་རྒྱ་གར་བྱང་ཕྱོགས་ཀྱི་དགོན་པ་དང་སློབ་གྲྭ་ཁག དེ་བཞིན་གཞིས་ཆགས་ཁག་ཏུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་སྐོར་བསྐྱོད་ལས་འགུལ་ཐེངས་གསུམ་པ་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སོང་།

སྐབས་དེར་བོད་ཀྱི་ཞབས་ཞུ་ཁང་གི་སྐབས་བཞི་བའི་འགན་འཛིན་ཐུབ་བསྟན་རབ་བརྟན་ལགས་ཀྱིས། གསར་འགོད་གསལ་བསྒྲགས་བསྐོང་ཚོགས་བྱ་དགོས་པའི་དགོས་དམིགས་སྐོར་ལ་བརྗོད་དོན། དེ་རིང་གཙོ་བོ་ང་ཚོས་ཉིན་གྲངས་ ༡༥ ནས་ ༢༠ ཙམ་གྱི་རིང་རྒྱ་གར་བྱང་ཕྱོགས་ཀྱི་སྦིར་ཇོ་ཏ་ར་དང་རྡུ་ར་ལྡུན་ཁུལ་གྱི་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་ཚང་མའི་ནང་སྐད་ཡིག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཡིག་སྐད་ཉམས་ཆག་གི་གནས་སྟངས་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་བསྡད་ཡོད། ལྷག་པར་དུ་བོད་ནང་ལ་ཆ་བཞག་ན་རྒྱ་མིས་ཆེད་མངགས་ནས་བོད་ཀྱི་སྐད་ཡིག་རྩ་མེད་བཟོས་དང་བཟོ་མུས་ཡིན་པའི་གནས་སྟངས་ཛ་དྲག་པོ་ཆགས་ཡོད། དེར་བརྟེན། ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དེ་ལ་དཔག་པའི་གྲ་སྒྲིག་མ་བྱས་ཚེ། ད་ལྟའི་བོད་ནང་གི་ལོ་ལྔ་དང་བདུན་ཡིན་པའི་བྱིས་པ་ཚོ་མ་འོངས་པར་ཆེན་པོ་ཆགས་ཡོང་དུས། ཁོ་ཚོའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ཧ་ཅང་ཞན་པོ་དང་རྒྱ་སྐད་བཀོལ་སྤྱོད་གཏོང་ཤུགས་ཆེན་པོ་དང་བོད་སྐད་བོད་ཡིག་བཀོལ་སྤྱོད་མི་གཏོང་མཁན་ཞིག་ཏུ་བསྒྱུར་བར་རྒྱ་ནག་གཞུང་གིས་ད་ལྟ་ནས་ལག་བསྟར་བྱེད་བཞིན་ཡོད་ལ། གང་ལ་གང་འཚམ་གྱི་འགྱུར་བ་འགྲོ་རྒྱུ་ཡིན་པ་གཏན་ཁེལ་བ་ཞིག་རེད། དེ་བས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དེ་ལ་དཔག་པའི་གྲ་སྒྲིག་དང་ཅིག་མ་བྱས་པ་ཡིན་ན་ཏན་ཏན་འགྲིག་གི་མི་འདུག ཅེས་དང་། ད་ལྟ་དྲ་རྒྱའི་དུས་སྐབས་འདིར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྐད་ཡིག་གི་ལས་འགུལ་སྤེལ་ན་འགྲིག་གི་ཡོད་ཀྱང་། ས་གནས་ས་ཐོག་ཏུ་བསྐྱོད་ཚེ་སྐད་ཡིག་གི་ལས་འགུལ་ལ་ནུས་པ་ཆེན་པོ་འཐོན་གྱི་ཡོད་སྟབས། ད་ལོའི་ལས་འགུལ་བྱང་ཕྱོགས་གཞིས་སློབ་ཁག་ཏུ་བསྐྱོད་འཆར་ཡོད་སྐོར་བརྗོད་སོང་།

སྐད་ཡིག་སྐོར་བསྐྱོད་ཀྱི་ལས་འགུལ་གསལ་བསྒྲགས་དང་འབྲེལ་ནས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ངོས་ནས། པཎ་ཆེན་རིན་པོ་ཆེ་མཆོག་ཞིང་གཤེགས་ནས་ལོ་ངོ་ ༣༠ འཁོར་བ་ནས་བཟུང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད། བོད་ཡིག་གི་ཡིག་རྒྱུག་བརྒྱ་ཆ་ ༩༥ ལོན་མཁན་བོད་རིགས་སློབ་མ་ཡོངས་ལ་གཟེངས་བསྟོད་ཧིན་སྒོར་ལྔ་སྟོང་རེ་སྤྲོད་བཞིན་པ་དེ། ནད་ཡམས་རྐྱེན་གྱིས་འདས་པའི་ལོ་གཉིས་རིང་སྤྲོད་ཐུབ་མེད་ཀྱང་། ད་ལོ་ནས་བསྐྱར་དུ་མགོ་འཛུགས་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་སོང་ལ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ཕྱི་ལོ་ ༢༠༡༣ ལོར་སློབ་གྲྭ་འགྲིམས་བཞིན་པའི་སློབ་མ་ཁག་ཅིག་གིས་གསར་དུ་བཙུགས་ཤིང་། ཕྱི་ལོ་ ༢༠༡༥ ༧སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་ནས་རྒྱ་གར་ལྷོ་ཕྱོགས་གཞིས་གྲོང་ཁུལ་དུ་སྐད་ཡིག་སྐོར་བསྐྱོད་ཀྱི་ལས་འགུལ་དང་། ཕྱི་ལོ་ ༢༠༡༩ ལོར་པཎ་ཆེན་རིན་པོ་ཆེ་མཆོག་ཞིང་ལ་གཤེགས་ནས་ལོ་ངོ་ ༣༠ འཁོར་བའི་རྗེས་དྲན་དང་བསྟུན། ཀ་རྡོ་སྒང་གསུལ་ཁུལ་གྱི་བོད་མི་འདུས་སྡོད་གཞིས་གྲོང་དུ་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་སྐོར་བསྐྱོད་བཅས་ཁྱོན་སྐོར་བསྐྱོད་ལས་འགུལ་ཐེངས་གཉིས་རིང་སྤེལ་ཡོད་འདུག

ཡང་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་དངུལ་གཉེར་ལོ་ཡག་བཀྲ་ཤིས་ལགས་ཀྱིས། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ངོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་གྲོང་ཁག་ཏུ་ཟ་ཁང་དང་ཚོང་ཁང་ཁག་གི་སྒོ་བྱང་བོད་ཡིག་ནང་འབྲི་བའི་ལས་འགུལ་སྤེལ་ཟིན་པ་ལྟར། ད་ལྟ་བོད་ཀྱི་ཉམས་པ་གསོ་བཅོས་དང་མི་ཉམས་གོང་འཕེལ་གཏོང་བར་བོད་མི་རེ་ངོ་རེར་འགན་ཡོད་པ་དང་བོད་ཀྱི་བཀོལ་སྤྱོད་གཏོང་མཁན་མུ་མཐུད་སེམས་ཤུགས་སྤར་དགོས་པ་ལས་སེམས་ཤུགས་གཅོག་རྒྱུ་མེད་སྐོར་སོགས་བརྗོད་ལ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ངོས་ནས་༧རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་སྐབས་སྦྱར་བྱང་བོད་ཡིག་དང་འགྲེལ་བརྗོད་ཀྱང་བོད་སྐད་བརྒྱག་དགོས་པའི་འབོད་སྐུལ་ཞུས་པ་ལྟར། ད་ལོའི་རྡུ་ར་ལྡུན་ཁུལ་དུ་ཚོགས་པའི་༧རྒྱལ་ཡུལ་ཆེན་མོའི་རྐང་སྤོལ་འགྲན་སྡུར་སྐབས་བོད་སྐད་ཀྱི་ལམ་ནས་འགྲེལ་བརྗོད་སོགས་ལེགས་པོ་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཞུ་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༨ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese