མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༢༢ བཀག་ཉར་བྱས་ཏེ་དྲ་ལམ་བདེ་འཇགས་སློབ་གསོ་ཟེར་བ་སྤྲོད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་གྲོང་ཁྱེར་ཁྲིན་ཀན་ཆུས་ཟེར་བའི་ཁྲོམ་གཞུང་ ༡༠ པ་ཡི་གྲོང་སྡེ་ཁག་ཅིག་ནས་བོད་མི་སེར་སྐྱ་གྲངས་ ༢༢ ལྷག་བཀག་ཉར་བྱས་ཏེ་དྲ་ལམ་བདེ་འཇགས་སྲུང་སྐྱོང་སློབ་གསོ་ཟེར་བ་སྤྲོད་ཀྱི་ཡོད་འདུག

ལྷ་ས་གྲོང་ཁྱེར་གྱི་བོད་མི་སེར་སྐྱ་གྲངས་ ༢༢ ལྷག་བཀག་ཉར་བྱས་ཏེ་དྲ་ལམ་སློབ་གསོ་ཟེར་བ་སྤྲོད་ཀྱི་འདུག ༢༠༢༢།༡༠།༡༡ པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།་

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཉེན་རྟོག་པ་མང་པོས་ལྷ་ས་གྲོང་ཁྱེར་ཁྲིན་ཀན་ཆུས་ཟེར་བའི་ཁྲོམ་གཞུང་ ༡༠ པའི་རྟ་མཚོ་གྲོང་སྡེ་དང་སྒང་གྲོང་སྡེ། ཐར་པ་གྲོང་སྡེ་སོགས་ནས་ཡིན་པའི་བོད་མི་སེར་སྐྱ་ ༢༢ ལྷག་ས་གནས་ཀྱི་བཀག་སྐྱིལ་ཁང་ཞིག་ཏུ་འཁྲིད་ཡོད་པ་མ་ཟད། ཁ་པར་སོགས་ཀྱི་ནང་དུ་སྔོག་བཤེར་ནན་པོ་བྱས་རྗེས། ཉིན་གྲངས་ ༡༥ རིང་འཕྲིན་གཏོང་དང་དྲ་ལམ་བདེ་འཇགས་སྲུང་སྐྱོང་ཟེར་བ་དང་འབྲེལ་བའི་སློབ་གསོ་སྤྲོད་ཀྱི་ཡོད་འདུག

བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས་ཟླ་གཉིས་ལྷག་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་འོག མི་མང་གི་རྒྱུན་ལྡན་འཚོ་བ་དང་སྨན་བཅོས་མཐུན་རྐྱེན་སོགས་ཀྱི་ཐོག་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པར་བརྟེན། བོད་ཁུལ་དུ་གནས་སྡོད་རྒྱ་མི་ཚུད་པའི་མི་མང་པོ་ཞིག་སྤྱི་ཚོགས་དྲ་ལམ་དུ་ཐོན་ཏེ། དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་དང་ནག་ཉེས་ཐེར་འདོན་བྱས་དང་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་མི་མང་ལ་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་འདྲ་མིན་མི་སྤེལ་བ་དང་སྲིད་གཞུང་གིས་བསྒྲགས་པའི་གནས་ཚུལ་ཁག་ལ་ཉན་འཇོག་ལེགས་པོ་བྱེད་དགོས་པའི་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ཀྲུང་གོ་བོད་ཀྱི་དྲ་བ་ཞེས་པའི་ཐོག་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་རྒྱུ་རེད་ཅེས་པའི་ཉེན་བརྡ་ཞིག་བསྒྲགས་པའི་ནང་། དྲ་རྒྱའི་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་ཐག་གཅོད་བྱེད་པའི་ཆད་གཅོད་ཞིབ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། ཚབས་ཆེ་ཆུང་དང་སྤེལ་མཁན་དང་པོ་ཡིན་མིན། བརྒྱུད་སྤེལ་གྲངས་སོགས་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་གཏམ་གླེང་བཀག་འགོག ཡུན་རིང་བཀག་སྡོམ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས་ཞེས་སྲིད་གཞུང་གི་གཏན་འབེབ་དོན་ཚན་ཁག་དང་འགལ་བའི་གནས་ཚུལ་ཚང་མ་དཀྲོག་གཏམ་དང་རྫུན་མ་ཡིན་པའི་ཉེས་མིང་གཡོག་གིན་ཡོད་པ་ལྟར། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་མི་མང་པོ་ཞིག་ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་ཉེས་ཆད་བཅད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese