མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅི་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པར་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཝེ་ལཱ་ཌོ་མི་རོ་སེ་ཝེ་ཁི་མཆོག་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས་བ་དང་སྦྲགས་བོད་དོན་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཅི་ལི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མཆོག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལྷོ་ཨ་མེ་རི་ཁའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝེ་ལཱ་ཌོ་མི་རོ་སེ་ཝེ་ཁི་མཆོག་(Vlado Mirosevic) ཅི་ལི་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་དུ། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་བྱས་ཏེ་སྐུ་ཉིད་འོས་འཚམ་ཀྱི་ཐོག་ནས་ཅི་ལི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་སྙིང་ཁོངས་ནས་རྟེན་འབྲེལ་ཞུ། ད་ལོའི་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐབས་སུ་སྐུ་ཉིད་དང་མཇལ་འཕྲད་བྱུང་བར་དགའ་སྤྲོ་བྱུང་། ནམ་རྒྱུན་སྐུ་ཉིད་ཀྱིས་ཅི་ལི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པ་མ་ཟད། ཁྱེད་ཀྱི་སྣེ་ཁྲིད་འོག་ཅི་ལི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལོ་མང་པོའི་རིང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཅི་ལི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཡིན་པའི་ཆ་ནས་མུ་མཐུད་དུ་ཅི་ལི་དང་བོད་དབར་གྱི་མཛའ་འབྲེལ་གོང་སྤེལ་དུ་གཏང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་རེ་བ་ཡོད། སྐུ་ཉིད་དང་གང་མགྱོགས་མཇལ་འཕྲད་ཀྱི་གོ་སྐབས་ཤིག་འཐོབ་རྒྱུར་རེ་ལྟོས་བྱེད་ཀྱི་ཡོད་ལ། ཁྱེད་ཀྱི་ལས་ཡུན་རིང་ལས་དོན་ཐམས་ཅད་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ། ཞེས་གསུངས་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་འཚམས་འཕྲིན་ནང་དུ།ངས་སྐུ་ཉིད་ཅི་ལི་གྲོས་ཚོགས་འོག་མའི་ཚོགས་གཙོ་འདེམས་ཐོན་བྱུང་བར་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་དགའ་སྤྲོའི་ངང་རྟེན་འབྲེལ་ཞུ། སྐུ་ཉིད་ཀྱིས་ད་ལོའི་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་སུ་གདུང་སེམས་མཉམ་བསྐྱེད་ཀྱི་གཏམ་བཤད་གནང་པར་བཀའ་དྲིན་ཤིན་ཏུ་ཆེ། སྐུ་ཉིད་ཀྱིས་དྲང་བདེན་དང་བོད་དོན་ཆེད་དུ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ།  འབྱུང་འགྱུར་མུ་མཐུད་དུ་བོད་དོན་བདེན་མཐའ་གསལ་བར་རྒྱབ་སྐྱོར་དང་། ང་ཚོ་ཐུན་མོང་གི་ཆེད་དུ་མཉམ་ལས་བྱེད་པར་རེ་བ་བྱེད་བཞིན་ཡོད། སྐུ་ཉིད་ཀྱི་ལྷག་བསམ་རྣམ་དག་དང་སྐུ་ངལ་འཛེམ་མེད་ཐོག་ཅི་ལི་མི་མང་གི་རེ་འདོད་སྐོང་བའི་ཡིད་ཆེས་ཡོད་ལ། ཁྱེད་ཀྱི་སྐུ་གཟུགས་གསལ་ཐང་ཐོག་ལས་དོན་རེ་འདོད་བཞིན་འགྲུབ་པའི་སྨོན་འདུན་ཡོད། ཅེས་གསུངས་འདུག

Speaker Khenpo Sonam Tenphel presenting a souvenir to Chilean Diputado Vlado Mirosevic at the 8th World Parliamentarians Convention on Tibet.

སྐུ་ཞབས་ཝེ་ལཱ་ཌོ་མི་རོ་སེ་ཝེ་ཁི་མཆོག་ནི་ཕྱི་ལོ་༡༩༨༧ ལོའི་ཟླ ༥ ཚེས་ ༢༣ ་ཉིན་ལྷོ་ཨ་མེ་རི་ཁའི་ཅི་ལི་རྒྱལ་ཁབ་ཀྱི་ཨ་རི་ཁཱ་རུ་སྐྱེས་ཤིང་། ཁོང་གིས་ཅི་ལི་གཙུག་ལག་སློབ་གླིང་དུ་ཆབ་སྲིད་ཚན་རིག་ཐོག་སློབ་སྦྱོང་གནང་། མཱ་ཡོར་གཙུག་ལག་སློབ་གླིང་(the University Mayor)་དུ་གསར་འགོད་རིག་པའི་གཙུག་ལག་རབ་འབྱམས་ཀྱི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༣ ལོར་ཁོང་གིས་ཅི་ལི་གུ་ཡངས་སྲིད་དོན་ཚོགས་པ(liberal Party of Chile)གསར་འཛུགས་གནང་སྟེ། ཕྱི་ལོ་ ༢༠༡༦ བར་དུ་ཚོགས་གཙོའི་འགན་འཁུར་བ་དང་། ཕྱི་ལོ་ ༢༠༡༣ ལོར་ཅི་ལི་གྲོས་ཚོགས་འཐུས་མི་རུ་འདེམས་ཐོན་བྱུང་ཡོད་འདུག་ལ། ཁོང་ནི་ཡུན་རིང་ནས་བོད་མིར་གདུང་སེམས་མཉམ་སྐྱེད་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༡༥ ཙམ་ལ་བཞུགས་སྒར་དྷ་རམ་ས་ལ་རུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese