མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་མདོ་སྨད་བླ་བྲང་ཕྱོགས་ཀྱི་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་མི་ཆོག་པའི་བཙན་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བསང་ཆུ་རྫོང་གི་རྩྭ་ཐང་རྒྱ་ཁྱོན་སྨི་ཁྲི་ ༡༥༥ ལྷག་གི་ནང་དུ་བོད་མི་ཚོས་ཕྱུགས་ཟོག་འཚོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

At the Local Horse Race in Sangchu county, Tibet 2012.Photo: Reurinkjan

རྒྱ་ནག་གཞུང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་》ཟེར་བར་ཁ་གཡར་ནས་བོད་ནང་གི་རོང་འབྲོག་མང་ཚོགས་ཀྱི་རྩྭ་ཐང་བདག་བཟུང་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༡ ནས་ཕྱི་ལོ ༢༠༢༥ བར་བོད་མདོ་སྨད་བསང་ཆུ་རྫོང་གི་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྨི་ཁྲི་ ༡༥༥ ལྷག་གི་རྩྭ་ཐང་ཁུལ་དུ་ཕྱུགས་ཟོག་འཚོ་མི་ཆོག་སྐོར་གྱི་བཀའ་བསྒྲགས་ནས། བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྩྭ་ས་བདག་བཟུང་བྱ་རྒྱུའི་སྲིད་ཇུས་ཤིག་ལག་བསྟར་བྱས་དང་བྱེད་མུས་ཡིན་འདུག

འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས། ད་ལྟ་རྒྱ་ནག་གཞུང་གིས་མདོ་སྨད་བསང་ཆུ་རྫོང་ཁོངས་ཀྱི་འབྲོག་པ་རྣམས་ཀྱིས་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་མི་ཆོག་པར་བྱས་པ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྩྭ་ཐང་བདག་བཟུང་བྱ་རྒྱུའི་གོམ་པ་དང་པོ་དེ་རེད། སྔོན་མ་རྒྱ་ནག་གཞུང་གིས་རྩྭ་རྭ་དེ་དག་ཁྱིམ་ཚང་རེ་རེར་བགོས་བཞག་ཡོད་ཀྱང་། ད་ཆ་རྩྭ་རྭ་དེ་དག་མི་མང་གི་ལག་ནས་ཕྱིར་བླང་རྒྱུའི་འཆར་གཞི་ཡིན་པ་རེད། སྤྱིར་རྩྭ་ས་དེ་དག་མང་ཚོགས་ཀྱི་ལག་ཏུ་སྤྲད་བཞག་པ་ཡིན་ན། མ་འོངས་པའི་སྲིད་ཇུས་དང་ཁ་མཚུངས་ཀྱི་མེད་པ་རེད། གཙོ་བོ་རྒྱ་ནག་གཞུང་གིས་བོད་མིར་དབང་བའི་རྩྭ་ས་དེ་དག་བོད་མིའི་ལག་ནས་བླང་རྒྱུའི་འཆར་གཞི་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས། སྤྱིར་བསང་ཆུ་ཁུལ་གྱི་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་མི་ཆོག་པའི་བསྒྲགས་ཡིག་ཏུ། རྫོང་དཔོན་གྱི་ས་ཡིག་བཀོད་ནས་ཕྱིར་བསྒྲགས་བྱས་པ་ཞིག་རེད་འདུག་པས། དེ་ནི་རྒྱ་ནག་དབུས་གཞུང་གི་བཀའ་ཞིག་ཕལ་ཆེར་རེད་མི་འདུག་པས། བསང་ཆུ་རྫོང་གི་གཞུང་དང་འབྲོག་པ་མང་ཚོགས་ཀྱི་བར་དུ་རྙོག་དྲ་ཞིག་བྱུང་སྲིད་པ་རེད། དེ་བཞིན་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྩྭ་སར་ཕྱུགས་ཟོག་འཚོ་མ་བཅུག་པ་ནི། བོད་མིའི་འཚོ་ཐབས་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་མ་ཟད། བོད་ཁུལ་གྱི་ས་གནས་མང་པོ་ཞིག་ཏུ་རྫོང་དཔོན་སོགས་གཞི་རིམ་དཔོན་པོ་མང་པོ་ཞིག་གིས། ཆབ་སྲིད་ཀྱི་གོ་གནས་དང་ཆབ་སྲིད་ཀྱི་ལམ་ནས་བོད་རིགས་མང་ཚོགས་མགོ་གཡོགས་ནས་བོད་མིའི་རྩྭ་ས་སོགས་འཕྲོག་སྟེ། གཞི་རིམ་མགོ་ཁྲིད་སྒེར་གྱི་ཁེ་བཟང་དང་སྒོར་མོ་གསོག་གིན་ཡོད། དེ་ནི་རྒྱ་ནག་གཞི་རིམ་མགོ་ཁྲིད་ཀྱིས་སྒེར་གྱི་ཁེ་ཕན་དང་། ཁྲིམས་མཐུན་ཡིན་པའི་ཟོལ་གྱིས་བོད་མིའི་ལག་ནས་རྩྭ་ས་འཕྲོག་གིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཟླ་འདིའི་ཕྱི་ཚེས ༡༡ ཉིན་ནས་རྒྱ་ནག་གཞུང་གིས་བླ་བྲང་གྲོང་རྡལ་ནས་རྩྭ་ཐང་གི་རྒྱ་ཁྱོན་སྨི་ཁྲི་ ༣ དང་། མདའ་མེད་ཡུལ་ཚོའི་རྩྭ་ཐང་སྨི་ཁྲི་༢། ༨ བང་གུར་ཐང་གྲོང་ཚོའི་རྩྭ་ཐང་སྨི་ཁྲི་༤།༤  མར་ཐང་གྲོང་ཚོའི་རྩྭ་ཐང་སྨི་ཁྲི་༥། ཆུ་སྔོན་ཡུལ་ཚོའི་རྩྭ་ཐང་རྒྱ་ཁྱོན་སྨི་ཁྲི་༤། ༦ ཐང་དཀར་ནང་ཡུལ་ཚོའི་སེམས་ཅན་འཚོ་མི་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་སྨི་ཁྲི་༤།༢ དང་། ཙ་ཡུས་ཡུལ་ཚོའི་རྩྭ་ཐང་རྒྱ་ཁྱོན་སྨི་ཁྲི་༧། ༥ གཞན་ཡང་འབོ་ར་གྲོང་ཚོའི་རྩྭ་ཐང་སྨི་ཁྲི་༧། ༥  སྒྱིས་ཚང་ཡུལ་ཚོའི་སྨི་ཁྲི་༧། ༥ ཨ་མཆོག་གྲོང་ཚོའི་སྨི་ཁྲི་༨།༥ ཡར་རི་རྒྱུད་དོན་གཅོད་ཁང་གི་རྩྭ་ཐང་རྒྱ་ཁྱོན་སྨི་ཁྲི་ ༡༠ དང་། ཁོ་ཚེ་གྲོང་ཚོའི་སྨི་ཁྲི་ ༣༧། ༣  བསང་ཁོག་གྲོང་ཚོའི་སྨི་ཁྲི་ ༡༤། ༡༨ རྒན་གྱ་གྲོང་ཚོའི་སྨི་ཁྲི་ ༣༥ དང་། བསང་ཁོག་ལུག་གསོ་ཚད་ཡོད་ཚོང་ལས་ཁང་གིས་སྨི་ཁྲི་ ༣། ༣༢ བཅས་བླ་བྲང་ཁུལ་གྱི་རྩྭ་ཐང་གི་རྒྱ་ཁྱོན་སྨི་ཁྲི་ ༡༥༥ ལ་ཕྱུགས་ཟོག་འཚོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

གཞན་ཡང་། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་ས་ཆ་དེ་དག་གི་ཐོག་ཏུ་རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་ཟོག་འཚོས་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》ཟེར་བ་དང《ཀན་སུའུ་ཞིང་ཆེན་གྱི་རྩྭ་ཐང་ཐོག་ཕྱུགས་འཚོ་མི་ཆོག་པའི་སྲོལ་ཡིག》《ཀན་སུའུ་ཞིང་ཆེན་གྱི་རྩྭ་ཐང་ཐོག་ཕྱུགས་འཚོ་མི་ཆོག་པའི་བྱ་ཐབས》《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་གི་དོ་དམ་བྱ་ཐབས》ཟེར་བ་བཞིན་ཆད་པ་གཅད་རྒྱུ་ཡིན་པ་མ་ཟད། དུས་ནས་དུས་སུ་རྒྱ་ནག་གཞུང་གིས་ཉུལ་ཞིབ་དང་སོ་ལྟ་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་ཀྱང་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese