མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་བྱ་དགོས་པའི་སྐུལ་མ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་བོད་མིའི་རང་ཐག་རང་གཅོད་དང་༧གོང་ས་མཆོག་གི་ཐུགས་རེ་བཞིན་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་ཨ་རིའི་གཞུང་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

By Camila Ruz, BBC News Magazine

ཉེ་ལམ་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) གིས་ཨ་རིའི་གྲོས་ཚོགས་ལ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་འབུལ་ལམ་ཞུས་ཏེ། ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་བར་རྒྱབ་སྐྱོར་དང་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་རྒྱ་ནག་སྐོར་གྱི་སྙན་ཐོའི་ནང་བོད་དོན་སྐོར་འཁོད་པའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་བཞིན་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཐད་ལ་རྒྱ་ནག་གཞུང་གིས་མུ་མཐུད་ནས་ཁ་ཡ་བྱེད་ཀྱི་མེད་པ་དང་། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་རྫུན་མ་མུ་མཐུད་ཁྱབ་སྤེལ་གཏོང་གི་ཡོད་པར་བརྟེན། ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ནས་གྲོས་མོལ་གྱི་སྲིད་ཇུས་གོང་སྤེལ་དང་དེའི་ནུས་ཤུགས་ཆེ་རུ་གཏོང་སླད། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཞིར་བཟུང་བའི་ཐོག་ནས་བོད་རྒྱ་གྲོས་མོལ་བྱ་རྒྱུ་ངེས་བརྟན་བཟོ་དགོས་པ་དང་། རྒྱ་གཞུང་གིས་བོད་དང་འབྲེལ་བའི་གནས་ཚུལ་རྫུན་བསྒྲགས་བྱེད་བཞིན་ཡོད་པ་ལ་ཐབས་ལམ་ཡོད་རྒུ་བཏོན་ནས་ཡ་ལན་སློག་དགོས་སྐོར་སོགས་བརྗོད་འདུག

ད་ལན་གྱི་སྙན་ཐོ་དང་འབྲེལ་ནས་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝན་ (James McGovern) ལགས་ཀྱིས། ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིེས་མེད་རྡོག་རོལ་ཚབས་ཆེན་གཏོང་མུས་ཡིན་པའི་གནད་དོན་ལ་ལྟ་རྟོག་བྱེད་མུས་ཡིན་པ་དང་། ངས་གྲོས་ཚོགས་འཐུས་མི་དང་འགན་ཡོད་ལྷན་ཁང་ (Executive Branch) གི་ཚོགས་མི་རྣམས་ཀྱིས། ང་ཚོས་བཏོན་པའི་བསམ་འཆར་ཁག་ལག་ལེན་བྱས་ཏེ་རྒྱ་ནག་གཞུང་ལ་འགན་འཁུར་བྱེད་དུ་འཇུག་དགོས་པ་དང་། དམིགས་བསལ་འཛམ་གླིང་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་སོགས་གོང་སྤེལ་གཏོང་དགོས་གལ་ཆེན་ཡིན། ཞེས་བརྗོད་འདུག

ད་ལན་གྱི་ལོ་འཁོར་སྙན་ཐོའི་ནང་། རྒྱ་གཞུང་གིས་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཐུན་མོང་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་བ་དང་། ལོ་ངོ་ ༦༠ ལྷག་གི་གོང་ནས་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་། བོད་ནང་ཆོས་དད་རང་མོས་དང་སྨྲ་བརྗོད་ཀྱི་རང་དབང་། སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་སོགས་བརྩི་མེད་གཏོང་གི་ཡོད་པར་བརྟེན། འདས་པའི་ལོ་ཤས་ནང་བོད་མི་ ༣ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་དང་། རྒྱ་གཞུང་གིས་གཞི་རིམ་སློབ་གྲྭ་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་སླད། བོད་ནང་གི་ས་ཁུལ་ཁག་དང་གཏན་སྡོད་སློབ་གྲྭར་རྒྱ་སྐད་བཀོལ་སྤྱོད་མི་བྱེད་ཐབས་མེད་བཟོས་ཤིང་། དམིགས་བསལ་གྱིས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་ལྟེ་བའི་དགོན་སྡེ་ཁག་དང་ས་ཁུལ་གྱི་སློབ་གྲྭ་སོགས་བོད་མི་རིགས་ལ་གལ་གནད་ཆེ་བའི་རིགས་སྒོ་བརྒྱབ་ཡོད་སྐོར་སོགས་བརྗོད་འདུག་ལ། ཚོགས་ཆུང་གིས། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ་རྒྱའི་བཙོན་ཁང་དུ་ཡོད་པའི་ཤེས་སྟོབས་ཅན་དང་སྒྱུ་རྩལ་བ། ས་གནས་ཀྱི་མགོ་ཁྲིད་སོགས་བཙོན་འཇུག་དང་དམ་དྲག་བྱས་ཡོད་པའི་སྐོར་གླེང་སློང་བྱ་དགོས་པའི་སྐུལ་མ་ཡང་བཏང་འདུག

ཐེངས་འདིར་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་ནང་། ཨ་རིའི་གཞུང་གིས་བསྐོ་གཞག་བྱས་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) ལགས་ཚུད་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༩ དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ ༩། སྲིད་འཛིན་བྷའེ་ཌན་འཛིན་སྐྱོང་གི་འགན་འཛིན་ ༥ བཅས་ཁྱོན་ཨ་རིའི་གནད་ཡོད་མི་སྣ་ ༢༤ ཡོད་ཅིང་། ཚོགས་ཆུང་དེས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་དབང་སྒྱུར་ཇི་ཙམ་ཡར་རྒྱས་ཡོང་གི་ཡོད་མེད་ཐོག་ཞིབ་འཇུག་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གི་རྒྱ་ནག་ལས་དོན་ཚོགས་ཆུང་(Congressional Executive commission on China) གིས་བོད་ཀྱི་དཀའ་རྙོག་སེལ་བའི་འགག་རྩ་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཅིག་འཚོགས་ཡོད་ཅིང་། ཉན་ཞིབ་ཐོག་ཚོགས་ཆུང་གི་ཚོགས་གཙོའི་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝན་ལགས་ཀྱིས་མི་རིང་བར་ཨ་རིའི་གྲོས་ཚོགས་ནང་བོད་རྒྱ་གྲོས་མོལ་ཡོང་ཐབས་ཀྱི་ཁྲིམས་འཆར་ཞིག་གདོན་འཆར་ཡོད་སྐོར་གསུངས་པ་ལྟར། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝན་ལགས་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གསར་པ་བཏོན་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་དེའི་ནང་གཙོ་བོ་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དོན་འོག་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་སྐོར་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་དང་བོད་དོན་སྐོར་གྱི་གནས་ཚུལ་འཁྱོག་བཤད་བྱས་དང་བྱེད་མུས་ཡིན་པར་བརྟེན། དེའི་ཁ་གཏད་དུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་ཨ་རིའི་གཞུང་གི་བསྒྲགས་གཏམ་དང་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་བོད་ཀྱི་དངོས་ཡོད་གནས་ཚུལ་འཁོད་དགོས་པ་མ་ཟད། ཨ་རིའི་གྲོས་ཚོགས་ལ་བོད་རྒྱའི་གྲོས་མོལ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འབུལ་དགོས་སྐོར་སོགས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese