མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གཉིས་རིང་གི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཡ་མ་བྲལ་བ་བྱས་ནས་བསམ་བློ་བཏང་ན་མི་ཚེ་ཏན་ཏན་དོན་དང་ལྡན་པ་ཡོང་ཐུབ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

བོད་ཀྱི་དུས་བབ་ཀྱི་པར།

ལྷོ་ཀོ་རི་ཡའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་ ༢ རིང་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་མཛད་སོང་བ་དང་། དེ་རིང་བཀའ་ཆོས་ཀྱི་ཉིན་དང་པོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་སྟབས། སེམས་པ་བཟང་པོ་བྱས་ནས་འཛམ་གླིང་ཞི་བདེ་ཡོང་ཐབས་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོ་ལ་ཆོས་འགྲེལ་བྱ་རྒྱུ་དེ་རེད། ཀོ་རི་ཡ་ནི་ཕ་མེས་ནས་ནང་ཆོས་བྱས་ནས་དོ་སྣང་ཆེན་པོ་ཡོད་པ་ཞིག་རེད་འདུག བར་སྐབས་ནས་ངོས་རང་ south korea (ལྷོ་ཀོ་རི་ཡ) ལ་འབྲེལ་བ་ཆགས་བསྡད་ཡོད། ངོས་རང་ལྷོ་ཀོ་རི་ཡར་འཁྱུག་ཙམ་བསླེབས་པ་རེད། ཀོ་རི་ཡའི་མི་མང་ཚོ་དངོས་གནས་དྲང་གནས་སངས་རྒྱས་པའི་ཆོས་ལ་དད་པ་རྩེ་གཅིག་ཡོད་པ་ཞེ་དྲགས་རེད་འདུག དེ་རིང་ངོས་རང་ལ་ཀོ་རི་ཡའི་ཆོས་གྲོགས་ཚོར་ཆོས་འགྲེལ་བྱ་རྒྱུའི་གོ་སྐབས་དེ་འདྲ་ཞིག་བྱུང་བ་རེད། ངོས་རང་དགའ་པོ་ཞེ་དྲགས་བྱུང་ལ། ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱས་པ་དེ་ཡག་པོ་ཞེ་དྲགས་རེད། རྩ་བའི་ཆོས་དད་རང་མོས་རེད། སྤྱི་ཡོངས་ནས་ཆོས་བྱས་དང་མ་བྱས་དེ་སོ་སོ་སྒེར་གྱི་རང་དབང་རེད། ཆོས་ལུགས་འདྲ་མི་འདྲ་ཡོད་པའི་ཁྲོད་ནས། རང་གི་མོས་པ་གང་ལ་ཡོད་ན། དེའི་ཐོག་ནས་སོ་སོའི་ཆོས་དེ་བྱ་རྒྱུ་རེད། འཇིག་རྟེན་བཀོད་པ་འདོད་མཁན་གྱི་ཆོས་པ་ཚོས། འཇིག་རྟེན་བཀོད་པ་པོ་འདོད་པའི་ལྟ་གྲུབ་དེའི་ཐོག་ནས་བློ་རྩེ་གཅིག་ཏུ་དད་པ་བྱས་ཡོང་དུས་ཡག་པོ་ཡོད་རེད། ཆོས་ལུགས་ཚང་མར་ལྟ་གྲུབ་འདྲ་མི་འདྲ་ཡོད་པ་རེད་དེ། ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱ་རྒྱུ། མི་ལ་ཕན་སེམས་བྱ་རྒྱུ། མི་ལ་གནག་སེམས་གནོད་སེམས་ཀྱི་བསམ་ངན་མི་བཅང་རྒྱུ་གསུང་གི་འདུག ཞེ་དྲགས་ཡག་པོ་རེད་འདུག ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པ་དང་ཆོས་ལུགས་ཚང་མ་བརྩི་བཀུར་བྱེད་ཀྱི་ཡོད་པས།  ངོས་རང་གིས་ཆོས་ལུགས་འདྲ་མི་འདྲ་དང་ཆོས་པ་འདྲ་མི་འདྲ་ངོ་ཤེས་ཀྱི་ཡོད་ལ། དངོས་གནས་དྲང་གནས་སེམས་པ་བཟང་པོ་དང་སོ་སོ་སྒེར་གྱི་ངོས་ནས་ཆོག་ཤེས་བྱས། སྤྱི་ལ་ཕན་ཐོགས་བྱ་རྒྱུའི་བསམ་བློ་ཡོད་པ་སོགས་ཞེ་དྲགས་ཡག་པོ་རེད་འདུག ངོས་ནས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དེང་སང་ཆབ་སྲིད་ཀྱི་ཐོག་ནས་འཐེན་འཁྱེར་ཡོད་པ་མ་ཟད། ཆོས་ལུགས་ཀྱི་ཐོག་ནས་འཐེན་འཁྱེར་བྱེད་བཞིན་པ་དེ་འདྲ་ཡོང་གི་ཡོད།  དཔེར་ན། ཨབ་གྷ་ནི་སི་ཐན་གྱི་ནང་དུ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱས་བསྡད་པ་དེའི་རིགས་བློ་ཕམ་པོ་ཞེ་དྲགས་རེད་འདུག་པས། ང་ཚོ་ཆོས་ལུགས་ཚང་མ་མཐུན་པོ་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད། ངོས་རང་ནང་པ་རེད་དེ་ཡི་ཤུ་དང་། ཁ་ཆེ། ཧིན་དྷུའི་མཆོད་ཁང་སོགས་ཀྱི་ནང་དུ་འགྲོ་ཡི་ཡོད་པ་མ་ཟད་ངོས་ནས་ཆོས་ལུགས་འདྲ་མིན་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཉེ་ཆར་ལྷོ་ཀོ་རི་ཡར་མི་འགའ་ཤས་འདས་གྲོངས་སུ་ཕྱིན་པ་དང་། ཤི་རྨས་བྱུང་བ་ཞིག་བཤད་ཀྱི་འདུག དེ་ཐབས་སྐྱོ་བོ་རེད། ང་རང་ཚོ་ཚང་མས་འདས་གྲོངས་སུ་གྱུར་བའི་ནང་མི་ཚོར་སེམས་གསོ་བྱ་རྒྱུ། ང་རང་ཚོའི་ནང་པའི་ཡུལ་གྲུ་ཞིག་གིས་དོན་དག་ཆུང་ཙག་ཅིག་གི་སྒང་ནས་ཕན་ཚུན་འཁྲུག་པ་བརྒྱབ་པ་དེར་བློ་ཕམ་པོ་ཞེ་དྲགས་བྱུང་ལ། ང་རང་ཚོ་ནང་པ་སྤྱིའི་ངོས་ནས་བཤད་པ་ཡིན་ན་བློ་ཕམ་གྱི་རང་བཞིན་ཞིག་རེད། གང་ལྟར། འདས་གསོན་ཚང་མར་ང་ཚོས་སྨོན་ལམ་བརྒྱག་རྒྱུ་དེ་གལ་ཆེན་པོ་རེད། ཅེས་དང་། ངོས་རང་གི་ངོས་ནས་ཆ་བཞག་ན་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་དེ་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱི་ཡོད། དེས་སེམས་ལ་ཕན་ཐོགས་ཞེ་དྲགས་འདུག སྟོང་ཉིད་ཀྱི་ལྟ་བ་དེས་ཆགས་སྡང་གི་བློ་དེ་ཉུང་དུ་ཕྱིན། བྱང་ཆུབ་ཀྱི་སེམས་དེས་རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་བློ་དེ་ཆུང་དུ་བཏང་། གཞན་ཕན་གྱི་བློ་ཞིག་ཡོད་པའི་ཚོད་ཀྱིས་སོ་སོའི་སེམས་ཀྱི་གཏིང་ནས་སྙིང་སྟོབས་ཤིག་བསླེབས་བསྡད་པ། ཀུན་ལ་ཕན་བདེ་བསྒྲུབ་བསམ་པའི་སེམས་ཤུགས་ཀྱང་བསླེབས་པ། རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་དབང་གིས་སེམས་ལ་རྣམ་རྟོག་འདྲ་མི་འདྲ་སྐྱེད་པ་དེ་དག་ཉུང་དུ་ཕྱིན་ནས། སེམས་པ་བཟང་པོའི་སེམས་སྐྱེད་ནས་ལུས་བདེ་བ། སེམས་ལྷོད་པ། སོ་སོ་སྒེར་ལའང་ལུས་བདེ། སེམས་ཞི་བདེ་ཡོད་པ་གང་ཞིག་ལ་སེམས་ཀྱི་གཏིང་ནས་སྙིང་སྟོབས་ཡོད་པ་ཞིག་ཡོང་བསྡད་པ་རེད། གཞན་ཕན་གྱི་བྱང་ཆུབ་སེམས་དེ་བསམ་བློ་བཏང་བ་ཡིན་ན། རང་གཞན་གཉིས་ཀའི་དོན་འགྲུབ་ཡོང་བར་ཡག་པོ་ཞེ་དྲགས་འདུག་གཱ སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་འདི་ཡ་མ་བྲལ་བ་བྱས་ནས་བསམ་བློ་བཏང་ན། ང་ཚོའི་མི་ཚེ་ཏན་ཏན་དོན་དང་ལྡན་པ་ཡོང་ཐུབ་རྒྱུ་ཡོད་པ་རེད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་ཀྱིས། འཛམ་བུ་གླིང་འདིའི་སྒང་ན་མི་ཐེར་འབུམ་ཁ་ཤས་ཤིག་ཡོད་རེད། དེ་དག་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད་དེ། སེམས་ཀྱི་བདེ་སྡུག་དེ་ཆོས་ཕྱོགས་ཀྱི་བསམ་བློ་ཡོད་མཁན་ཚོ་ག་རེ་བྱས་ནའང་བསམ་བློའི་གཏོང་སྟངས་དེ་རྒྱ་ཆེ་བ་དང་ཟབ་པ་ཞིག་འདུག ཆགས་སྡང་གིས་བློའི་ཞི་བདེ་དཀྲུག་གིན་ཡོད་པས་དེའི་གཉེན་པོ་བྱང་ཆུབ་ཀྱི་སེམས་བསམ་བློ་བཏང་ནས་ཆགས་སྡང་གི་བློ་ཉུང་དུ་གཏང་དགོས། འཛམ་གླིང་ཞི་བདེ་ཟེར་བ་དེ་མཐར་གཏུགས་ན་སེམས་རྒྱུད་འདུལ་དགོས་པའི་སྒང་བསླེབས་ཡོང་གི་འདུག བྱས་ཙང་ང་ཚོས་ནང་པ་ཡིན་མིན་དང་། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མས་སེམས་པ་བཟང་པོ་བྱོས། ཐོག་མར་སོ་སོའི་སེམས་ལ་ཞི་བདེ་ཡག་པོ་ཞིག་ཡོང་བར་བྱོས། དེ་ནས་སོ་སོའི་ངོ་ཤེས་པ་དང་། ཁྱིམ་མཚེས་སོགས་ལ་དངོས་གནས་དྲང་གནས་ཞི་བདེ་སྒྲུབས། དེ་འདྲ་བྱས་ན་འཛམ་བུ་གླིང་ཞི་བདེ་ཡོང་ཐུབ། ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese