མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༣ ལོར་བོད་སློབ་ཁག་གི་གཞི་རིམ་བར་མ་དང་གོང་མའི་ནང་དུའང་སྤྱི་ཚོགས་ཚན་རིག་བོད་ཡིག་ནང་སློབ་ཁྲིད་གནང་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚོགས་འདུ་ཐེངས ༡༥ པའི་ཐོག་བོད་པའི་སློབ་གྲྭ་ཁག་གི་སློབ་མའི་ཤེས་ཡོན་དང་སློབ་ཁྲིད་སྤུས་ཚད་ཡར་རྒྱས་གཏོང་ཐབས། དེ་བཞིན་འཛིན་སྐྱོང་ཐད་སྔར་ལས་ཤུགས་གནོན་ཡོང་ཐབས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་བཞིན་འདུག

སཾ་བྷོ་ཊའི་ཁྱབ་ཁོངས་བོད་སློབ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ ༡༥ པ་བསྡུས། ༢༠༢༢།༡༡།༢༨ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༠ ཐོག་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་གོ་སྒྲིག་འོག དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ཉིན་གཉིས་རིང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅོ་ལྔ་པ་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དངོས་གྲུབ་ལགས་རྣམ་གཉིས་གཙོ་བོར་གྱུར་བའི་སློབ་ཁག་གི་འགན་འཛིན་མི་གྲངས ༣༢ མཉམ་ཞུགས་གནང་འདུག་ལ། སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དངོས་གྲུབ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་བའི་ངོ་སྤྲོད་གནང་སྐབས། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སཾ་བྷོ་ཊ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་དགེ་སློབ་ཡོངས་དང་ཕ་མ་རྣམས་ཀྱི་འཕྱར་གྲུ་མཉམ་འདེགས་དང་། ནུས་པ་མཉམ་སྤུངས་ལ་བརྟེན་ནས་དྲ་ལམ་འཛིན་གྲྭ་ཡག་པོ་འཚོགས་ཐུབ་ཡོད། ལོ་གཉིས་རིང་དྲ་ལམ་ནས་འཛིན་གྲྭ་འཚོགས་པ་དང་དངོས་སུ་འཛིན་གྲྭ་འཚོགས་པ་གཉིས་ལ་ཁྱད་པར་ཏན་ཏན་ཡོད་པ་རེད། ཏོག་དབྱིབས་རིམས་ནད་སྐབས་སློབ་སྦྱོང་ལ་འཐུས་ཤོར་ཡོད་པའི་སེམས་ཁྲལ་བསླེབས་ཀྱི་འདུག  ཐེངས་འདིའི་ཚོགས་འདུའི་ཐོག་ཕལ་ཆེ་བ་སློབ་མའི་ཤེས་ཡོན་དང་འཛིན་གྲྭའི་ནང་གི་སློབ་ཁྲིད་བྱེད་ཕྱོགས་ཐོག་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་ལ། སློབ་མའི་ཤེས་ཡོན་དང་སློབ་ཁྲིད་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་ནི་སཾ་བྷོ་ཊའི་ལངས་ཕྱོགས་དང་པོ་ཡིན་པ་དང་། དེ་ནས་སློབ་མའི་འཕྲོད་བསྟེན་དང་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་ནི་ལངས་ཕྱོགས་གཉིས་པ་ཡིན་སྐོར་དང་། སཾ་བྷོ་ཊ་དབུས་ས་གཉིས་ནས་འཛིན་སྐྱོང་ཚགས་ཚུད་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ནས་ཕྱི་ལོ ༢༠༢༡ བར་རིམ་པ་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་དག་སཾ་བྷོ་ཊའི་བོད་སློབ་ཁོངས་སུ་བཞེས་པ་རེད། ཕྱི་ལོ ༢༠༠༣ ལོར་སློབ་གྲྭ་དེ་དག་ང་ཚོའི་ཁོངས་སུ་བཞེས་པའི་བཀའ་མོལ་བྱུང་སྐབས། བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་སྐྱོང་སྟངས་ཞན་པོ་ཡོད་པའི་ནང་མོལ་བྱུང་ཡོད་ཀྱང་། སློབ་གྲྭ་དེ་དག་ང་ཚོས་བླངས་པ་ཡིན་ན་དགེ་མཚན་ཆེ་བ་འདུག་ཟེར་གྱི་ཡོད། ད་ལྟའི་ཆར་ང་ཚོའི་ཁོངས་སུ་རྩིས་བཞེས་ཚར་བ་ཡིན་དུས་ད་དུང་མུ་མཐུད་དུ་ཡར་རྒྱས་མ་ཕྱིན་པར་བསྡད་པ་ཡིན་ན། ང་ཚོའི་དགོས་པ་དམིགས་ཡུལ་མ་འགྲུབ་པ་ཞིག་མཐོང་གི་ཡོད། སློབ་གསོའི་སྤུས་ཚད་ཐོག་ཤུགས་རྒྱག་གི་འདུག སྔོན་མ་འཛིན་གྲྭ་གཅིག་ལ་སློབ་ཕྲུག་ ༦༠ ཙམ་ཡོད་དུས། སློབ་སྦྱོང་གི་ཆ་རྐྱེན་དང་བཅས་པའི་མ་སྙོབས་པ་ཡོང་གི་རེད། ད་ཆ་འཛིན་གྲྭ་གཅིག་ནང་དུ་སློབ་ཕྲུག་ལྔ་དྲུག་མ་གཏོགས་མེད་པ་དེ་འདྲ་ཡང་ཡོད། འདི་འདྲའི་དུས་ཚོད་ལ་ང་ཚོའི་སློབ་གསོའི་ནུས་པ་སྤུངས་ས་ཚད་དང་ལྡན་པ་ཞིག་ཏུ་བཟོ་ཐུབ་པའི་ཆ་རྐྱེན་ཡོད་དུས། དགེ་རྒན་རྣམས་ཀྱི་སློབ་གསོའི་མ་དཔེ་ཡག་པོ་དེ་བླངས་ནས་སློབ་སྦྱོང་གི་སྤུས་ཚད་ཡག་ཏུ་གཏོང་དགོས་པ་གལ་ཆེན་རེད། ཞེས་དང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་བའི་ལས་འཆར་ཐད་མཐུན་རྐྱེན་སྦྱོར་གྱི་ཡོད། བར་ལམ་ཤེས་རིག་ལས་ཁུངས་སུ་ཕུལ་བའི་ལས་འཆར་ཁག་འབྱོར་སྐབས། ཤེས་ཡོན་ཡར་རྒྱས་གཏོང་བའི་ལས་འཆར་རིགས་མེད་པའི་བཟོ་འདྲ་བོ་འདུག  ང་ཚོའི་ངོས་ནས་སློབ་གྲྭ་ཁག་ལ་ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་ལས་འཆར་ཡོད་ན་འབུལ་བའི་རེ་བ་ཞུས་ཡོད། གཞི་རིམ་བར་མ་ནས་གོང་མ་བར་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཕྱོགས་གཅིག་གཙོ་བོར་མི་འཛིན་པར་སློབ་ཕྲུག་རང་ཉིད་ཀྱི་རིག་པས་དཔྱད་པ་གཏོང་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཡིན་ན། འཛིན་གྲྭ་མཐོ་རུ་ཕྱིན་ཡང་བརྒྱ་ཆ་ལེན་པར་ཐུགས་ཁྲལ་གནང་དགོས་ཀྱི་མ་རེད། དགེ་རྒན་རྣམ་པས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་ཡར་རྒྱས་གཏོང་བའི་ཐབས་ལམ་ཡོད་ཚེ་བེད་སྤྱོད་གཏོང་དགོས་པ་དང་།  དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་པར་ཁོར་ཡུག་ཅིག་བསྐྲུན་དགོས་ཀྱི་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། ཤེས་ཡོན་སྲིད་ཇུས་ནང་གཞི་རིམ་འོག་མ་ནས་གཞི་རིམ་གོང་མ་བར་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་བྱེད་དགོས་པ་གཏན་འབེབ་གནང་ཡོད་པ་བཞིན་འགྲུབ་ཐུབ་པ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། གཞི་རིམ་འོག་མའི་ནང་དུ་བོད་ཡིག་ཐོག་སློབ་ཁྲིད་བྱེད་མུས་ཡིན། གཞི་རིམ་བར་མ་དང་གོང་མ་གཉིས་ཀྱི་ནང་དུ་སྤྱི་ཚོགས་ཚན་རིག་བོད་ཡིག་ཐོག་ཏུ་སློབ་ཁྲིད་བྱེད་རྒྱུ་དགེ་རྒན་དང་འབྲེལ་ཡོད་ལས་བྱེད་ལ་དཀའ་ངལ་འཕྲད་ཡོད་འདུག ཕྱི་ལོ་ ༢༠༢༣ ནང་སྤྱི་ཚོགས་ཚན་རིག་སློབ་ཁྲིད་བྱེད་པའི་སློབ་གྲྭ་འགའ་འདེམས་སྒྲུག་གནང་སྟེ་མགོ་བརྩམ་པའི་འཆར་གཞི་ཡོད། སྤྱི་ཚོགས་ཚན་རིག་གི་སློབ་ཚན་ནང་དོན་དང་བོད་ཡིག་གཉིས་ཡག་པོ་ཡོད་ན་སློབ་ཁྲིད་བྱེད་པར་སྟབས་བདེ་བོ་འདུག སྤྱི་ཚོགས་ཚན་རིག་བོད་ཡིག་ཐོག་ཏུ་མ་འཁྲིད་ཚེ། བོད་ཀྱི་སྐད་ཡིག་སློབ་ཚན་གྱི་ནང་དུ་སྐད་ཡིག་མ་གཏོགས། རྒྱལ་རབས་དང་ཆོས་འབྱུང་འཁྲིད་པའི་གོ་སྐབས་མེད་ཙང་། སྤྱི་ཚོགས་ཚན་རིག་གང་མགྱོགས་སློབ་ཁྲིད་བྱེད་པའི་འཆར་གཞི་ཡོད་པ་དང་། མ་འོངས་གཞིས་ཆགས་ཁག་ཏུ་ཕྲུ་གུ་རྣམས་ཕ་མ་མཉམ་དུ་འཇོག་པར་འབད་བརྩོན་བྱ་རྒྱུ་དང་། ཕྲུ་གུ་ཕ་མ་མཉམ་དུ་འཚར་ལོངས་བྱུང་དགོས་པ་གལ་ཆེན་ཡིན་པ་མ་ཟད། གཞིས་ཆགས་ཁག་གི་མ་འོངས་བའི་སྲ་བརྟན་དང་བོད་དོན་འཐབ་རྩོད་སོགས་ཉམས་ཆག་མི་འགྲོ་བར་ཕན་ཐོགས་ཀྱི་འདུག ཅེས་གསུངས་སོང་།

ཐེངས་འདིའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ལོ་འཁོར་འགན་འཛིན་ཚོགས་འདུའི་སྟེང་དུ། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་(BEP)ལག་བསྟར་དང་འབྲེལ་བའི་གནད་དོན་དང་རྒྱ་གར་དབུས་གཞུང་ནས་གཏན་འབེབས་ཟིན་པའི་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཁག་གི་ཤེས་ཡོན་སྲིད་བྱུས་(NEP-2020)ལག་བསྟར་གནང་ཐབས་ཅི་དགོས་སྐོར་དང་། ཁྱབ་ཁོངས་སློབ་ཁག་སོ་སོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁོངས་སུ་དེབ་སྐྱེལ་(CBSE registration)་གནང་ཕྱོགས་དང་། ས་གནས་སོ་སོའི་སློབ་ཁག་གི་མིང་འགྱུར་དང་འབྲེལ་བའི་གནད་དོན་སྐོར། དེ་བཞིན་འགན་འཛིན་དང་སློབ་དགེ་རྣམ་པའི་ཉིན་རེའི་ཚོགས་ཐེངས་ལེན་ཕྱོགས་དང་ཚོགས་ཐེངས་ཚད་གཞི་དེ་ཁྱབ་ཁོངས་སློབ་ཁག་ནང་གཅིག་མཚུངས་གཏན་འབེབས་སོགས་ཀྱི་བརྗོད་གཞིའི་ཐོག་གོ་བསྡུར་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༠ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese