མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་སུག་ཝིན་ཌར་སིང་སུ་ཀུའུ་མཆོག་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་དང་སྦྲགས་མི་མང་གི་རེ་འདོད་ཇི་བཞིན་ཕྱག་ལས་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག

HH The Dalai Lama and Himachal pradesh CM Sukhvinder Singh Sukhu

ཟླ་འདིའི་ཕྱི་ཚེས ༩ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་འོས་བསྡུའི་ཁྲོད། སྤྱི་ཁྱབ་བློན་ཆེན་ཇའེ་རམ་ཐ་ཀོར་མཆོག་གི་བྷི་ཇི་ཕི་(BJP)སྲིད་དོན་ཚོགས་པར་གཞུང་འཛིན་འོས་བསྡུའི་ཁྲོད་ཕམ་ཁ་བྱུང་སྟེ། རྒྱ་གར་ཀོང་རི་སི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་ལྟར། ཁ་སང་ཕྱི་ཚེས ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སུག་ཝིན་ཌར་སིང་སུ་ཀུའུ་(Sukhvinder Singh Sukhu ) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ།

དེ་ཡང་འཚམས་འདྲིའི་གསུང་འཕྲིན་ནང་། རྒྱ་གར་ནི་ངོས་རང་མི་ལོ་ ༦༢ ལྷག་གནས་སྡོད་བྱ་ཡུལ་གྱི་གཞིས་ཁྱིམ་དུ་གྱུར་ཡོད་ཅིང་། ངོས་རང་གི་དུས་ཚོད་མང་ཆེ་བ་དྷ་རམ་སར་གནས་སྡོད་བྱས་ནས་སྐྱིད་པོ་བྱུང་ལ། ངས་ཁྱེད་ཉིད་ང་ཚོའི་མངའ་སྡེ་འདིའི་སྤྱིི་ཁྱབ་བློན་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། ཧི་མ་ཅལ་མངའ་སྡེའི་མི་མང་གིས་མི་ལོ་འདི་དག་རིང་ངོས་དང་ངོས་ཀྱི་རྗེས་འབྲངས་བོད་མི་རྣམས་ལ་མཛའ་བརྩེ་དང་མཐུན་རྐྱེན་སྦྱོར་བར་ཡི་རང་བྱེད་ཀྱིན་ཡོད། ངོས་རང་ཕྱི་ལོ་ ༡༩༦༠ ལོར་མེག་གྷན་དུ་འབྱོར་བ་ནས་ད་བར་དྷ་ས་ནི་མངའ་སྡེ་འདིའི་ས་གནས་གཞན་དང་མཚུངས་བར་འཕེལ་རྒྱས་དང་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་རེད། ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་ལ་ཧི་མ་ཅལ་མངའ་སྡེའི་གནས་བབ་ཞན་པའི་སྤྱི་ཚོགས་གཙོས་བྱས་པའི་མི་མང་རྣམས་མུ་མཐུད་ཡར་རྒྱས་འགྲོ་རྒྱུར་གདེང་ཚོད་ཆེན་པོ་ཡོད་ལ། ངོས་རང་གིས་མངའ་སྡེ་མི་མང་ཡོངས་ཀྱི་རེ་བ་དང་མངོན་འདོད་བསྒྲུབ་ཅིང་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་གནང་བའི་ནང་། སྐུ་ཞབས་སུག་ཝིན་ཌར་སིང་སུ་ཀུའུ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐབས་ ༡༥ པའི་ཐུགས་འགན་བཞེས་པར་སེམས་གཏིང་ནས་འཚམས་འདྲི་ཞུ་རྒྱུ་དང་། ཁོང་གི་དབུ་འཁྲིད་འོག་མུ་མཐུད་མངའ་སྡེ་ཡར་རྒྱས་སུ་འགྲོ་བཞིན་པ་མཐོང་ཐུབ་པའི་ཡིད་ཆེས་ཡོད་སྐོར་གསུངས་འདུག

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས།   རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཧི་མ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་འཐབ་རྩོད་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧི་མ་ཅལ་མངའ་སྡེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། དེ་བཞིན་བོད་མི་མང་པོ་ཞིག་གི་གནས་ཡུལ་ཆགས་ཀྱི་ཡོད་པས། ང་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན། སྐུ་ཉིད་ཀྱིས་དབུ་ཁྲིད་པའི་མངའ་སྡེའི་གཞུང་ནས་བོད་ཀྱི་འཐབ་རྩོད་དང་། བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད། སྐུ་ཉིད་ལ་སླར་ཡང་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ནས་མངའ་སྡེའི་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ད་ལྟ་དགུང་ལོ་ ༥༨ ཡིན་པའི་སྐུ་ཞབས་སུག་ཝིན་ཌར་སིང་སུ་ཀུའུ་མཆོག་ནི་ཧི་མ་ཅལ་མངའ་སྡེའི་ཧེ་མིར་པུར་(Hamirpur)རྫོང་ཁོངས་ཀྱི་ནཱ་ཊུན་(Nadaun)གྲོང་ཚོ་ནས་ཡིན་ཞིང་། ཧི་མ་ཅལ་མངའ་སྡེ་གཙུག་ལག་སློབ་ཆེན་ནས་ཁྲིམས་ལུགས་རིག་པའི་ཐོག་སློབ་གཉེར་གནང་ཡོད་འདུག ཕྱིས་སུ་ཧེ་མིར་པུར་གྲོང་སྡེའི་གྲོས་ཚོགས་འཐུས་མི་ཐེངས་ ༤ གནང་མྱོང་བ་མ་ཟད། ཕྱི་ལོ ༢༠༡༣ ནས་ ༢༠༡༩ བར་ཧི་མ་ཅལ་མངའ་སྡེའི་ཀོང་རི་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སོགས་གནང་མྱོང་ཡོད་འདུག

གསར་འགོད་པ།  དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese