མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་དམག་མིའི་གདོང་ཐུག་ཞི་འགྲིག་ཆགས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ཡང་རྩེ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོག་ཡོད་ཀྱང་། ད་ལྟ་ཕྱོགས་གཉིས་བར་གྲོས་མོལ་བྱས་ཏེ་ཞི་འགྲིག་ཆགས་ཡོད་སྐོར་བརྗོད་འདུག

The face-off happened along LAC in Tawang sector in Arunachal Pradesh ( Image Source : Getty Images )

ད་ལྟ་རྒྱ་དཀར་ནག་གཉིས་བར་གྱི་རྒྱལ་འབྲེལ་ཐིག་མཚམས་ཁྱོན་ཀེ་ལོ་མེ་ཊར་ ༣༠༠༠ ལྷག་ཡོད་པ་ལས། ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་ཡང་རྩེ་ས་ཁུལ་དུ། རྒྱ་ནག་གི་དམག་མི་འབོར་ཆེན་ཞིག་རྒྱལ་འབྲེལ་ཐིག་མཚམས་ལས་བརྒལ་ཏེ། རྒྱ་གར་གྱི་ས་ཐོག་ཏུ་བསྐྱོད་པར། རྒྱ་གར་དམག་མིས་བཀག་འགོག་བྱས་ཏེ།   རྒྱལ་ཁབ་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་ཡོད་ཅིང་། གདོང་ཐུག་སྐབས་རྒྱ་གར་གྱི་དམག་མི་ ༦ ལ་རྨས་སྐྱོན་ཕོག་པ་དང་རྒྱ་ནག་གི་དམག་མི་ ༩ ཙམ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག

དེ་འབྲེལ་རྒྱ་གར་དུས་བབ་གསར་ཁང་གི་གནས་ཚུལ་ནང་། རྒྱ་དཀར་ནག་གི་དམག་མིའི་གདོང་ཐུག་སྐབས། ཕྱོགས་གཉིས་ཀྱི་དམག་མི་ཚོས་དབྱུག་པ་དང་ལྕགས་གྲིན་གྱིས་གཞུ་རེས་བྱས་ཏེ་ལག་འཛིང་ཤོར་ཡོད་པ་དང་། སྐབས་དེར་རྒྱ་ནག་ལ་དམག་མི་ཁྱོན་ ༣༠༠ ཙམ་ཡོད་པ་དང་། རྒྱ་གར་དམག་མི་ ༧༠ ནས་ ༨༠ བར་ཡོད་སྐོར་དང་། ལག་འཛིང་ཁྲོད་ཕྱོགས་གཉིས་ཀྱི་དམག་མི་ཁག་ཅིག་ལ་རྨས་སྐྱོན་བཟོས་པ་ཙམ་ལས་ཛ་དྲག་གི་གནས་སྟངས་གང་ཡང་བྱུང་མེད་སྐོར་སོགས་བརྗོད་འདུག

རྒྱ་གར་གྱི་དམག་མིས། ས་ཁུལ་དེའི་རྒྱ་གར་དམག་གི་བཀོད་འདོམ་དཔོན་གྱིས། རྒྱ་ནག་གི་དམག་དཔོན་དང་ལྷན་དུ་གྲོས་མོལ་བྱས་རྗེས། རྩོད་རྙོག་བྱུང་ཡུལ་ནས་ཕྱོགས་གཉིས་ཀྱི་དམག་མི་རྣམས་ཕྱིར་འཐེན་བྱས་ཟིན་པ་རེད། ཅེས་བརྗོད་ཡོད་པ་དང་། དེ་རིང་རྒྱ་གར་གྱི་བདེ་སྲུང་བློན་རཱ་ཇེ་ན་ཐི་སིན་ལགས་ཀྱིས་རྒྱ་གར་གྲོས་ཚོགས་ལ། རྒྱལ་ཁབ་གཉིས་ཀྱི་དམག་མིའི་གདོང་ཐུག་སྐབས་རྒྱ་གར་གྱི་དམག་མིར་རྨས་སྐྱོན་དང་གནོད་སྐྱོན་ཚབས་ཆེན་བཟོས་མེད་པ་དང་ད་རེས་ཀྱི་གདོང་ཐུག་དེ་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་གནད་དོན་ཞིག་ལ་ཐུག་ཡོད་པའ་འགྲེལ་བརྗོད་བྱས་ཡོད་འདུག རྒྱ་ནག་ཕྱོགས་ནས་གནད་དོན་དེའི་ཐད་ལན་འདེབས་གང་ཡང་བྱས་མེད་འདུག

ད་རེས་རྒྱ་དཀར་ནག་གཉིས་ཀྱི་དམག་མི་ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ཀྱི་གྷ་ཝན་ལོང་གཤོངས་སུ་གདོང་ཐུག་བྱུང་རྗེས་ཀྱི་ཐོག་དང་པོ་ཡིན་པ་དང་། རྟ་དབང་གི་ཡང་རྩེ་ས་ཁུལ་གྱི་རྒྱ་དཀར་ནག་གི་རྩོད་རྙོག་དེ་ནི་ཕྱི་ལོ་ ༢༠༠༦ ལོ་ནས་ཡོད་པ་ཞིག་ཡིན་པ་དང་དེ་ནི་ཕྱོགས་གཉིས་བར་རྒྱལ་འབྲེལ་ཐིག་མཚམས་ངོས་འཛིན་བྱེད་ཕྱོགས་ཐད་འགའ་ཟླ་བྱུང་གི་ཡོད་པས་ཡིན་འདུག

ཟླ་སྔོན་མའི་ནང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ཞི་ཅིན་ཕིན་གཉིས་བྷ་ལིར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་ཐུག་འཕྲད་བྱུང་ཡོད་ཀྱང་། རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཚོར་ཤུགས་སྐྱེན་པའི་བརྗོད་གཞིའི་སྐོར་ནས་གླེང་སློང་གང་ཡང་བྱས་མེད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༥ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 1

  1. སྐྱབས། says:
    ལོ་ 4 སྔོན།

    རྒྱ་དཀར་ནག་གི་ས་མཚམས་མ་རེད། ཧིན་བོད་ས་མཚམས་རེད། སྔར་ཡིན་ན་མཚོ་སྣ་རྫོང་སྡོད་ཀྱི་ས་ཁུལ་རེད། འདི་ལ་བོད་རིགས་གསར་འགོད་པ་ཚོས་ངེས་པར་དུ་དོ་ནན་བྱེད་དགོས་འདུག མ་འོངས་པར་གསར་འགྱུར་འདི་རིགས་ཀྱང་ལོ་རྒྱུས་ཀྱི་དཔྱད་གཞིར་འཛིན་ངེས་པས། གསར་འགྱུར་འགོད་དུས་གཞན་ནས་དཔེ་བཤུས་རྐྱང་རྐྱང་མ་ཡིན་པར་གསར་འགོད་པའི་རྣམ་དཔྱོད་བེད་སྤྱོད་གཏོང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese