མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་ལྟ་བར་དུ་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་གང་ཙམ་ཞིག་བསྒྲུབས་ཡོད་པ་དང་ད་དུང་ཡང་ལོ་བཅུ་ཕྲག་གཅིག་གཉིས་རིང་ཏན་ཏན་ཞབས་འདེགས་བསྒྲུབ་ཐུབ་ཀྱི་ཡོད་པ་གསུངས།

སྐུ་པར་༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་བླངས། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༨ ཉིན།

དེ་རིང་གནས་མཆོག་རྡོ་རྗེ་གདན་གྱི་དཔལ་ཡུལ་རྣམ་གྲོལ་གླིང་དུ་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་གིས་བོད་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཕལ་ཆེར་བྱེད་ཐུབ་ཀྱི་འདུག དེ་སྔ་སངས་རྒྱས་བསྟན་པ་གོ་ཐོས་མེད་སའི་ལུང་པ་ཚོར་ཡང་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་གསར་པ་བསླེབས་ཡོད། མདོར་ན་ཡེ་ཤུའི་ཆོས་པའི་ནང་ལའང་སོ་སོའི་ལྟ་གྲུབ་མི་འདྲ་བ་རེད་དེ། བྱམས་པ་དང་བརྩེ་བ། བཟོད་པ་སོགས་ཀྱི་ཐོག་ལ་དགའ་མོས་ཞེ་དྲགས་བྱེད་ཀྱི་འདུག དེར་བརྟེན་ངོས་རང་གིས་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་ཙམ་མ་ཡིན་པར། འཛམ་བུ་གླིང་འདིའི་སྒང་གི་གཉུག་མར་གནས་པ་དང་བློ་གཟུ་བོར་གནས་པའི་ཆོས་དད་མེད་མཁན་རྣམས་ཀྱིས་ཀྱང་། དངོས་གནས་དྲང་གནས་ཀྱིས་ངོས་ལ་དགའ་པོ་བྱེད་ཀྱི་འདུག་པས། ངོས་རང་ལ་ཆ་བཞག་ནའང་འཛམ་བུ་གླིང་འདིའི་སྒང་གི་མི་མང་པོར་སེམས་དགའ་པོ་བཟོ་རྒྱུ་དང་། བསླབ་བྱ་གཙོ་བོ་དེ་སེམས་བཟང་པོ་བྱ་རྒྱུ་འཆད་དུས། མི་མང་པོ་ལ་ཕན་ཐོགས་ཡོང་གི་འདུག ངོས་རང་ལའང་ཡེ་ཤུའི་ཆོས་པའི་ནང་ལ་ངོ་ཤེས་པ་མང་པོ་ཞིག་ཡོད། སོ་སོའི་ཆོས་ཀྱི་ལྟ་གྲུབ་ཀྱི་གནས་ཚུལ་ཁག་ཁག་རེད། དེ་ངོས་ནས་རྩོད་པ་རྒྱག་གི་མ་རེད་ལ། རྩོད་པ་བརྒྱག་དགོས་དོན་ཡང་ཡོད་མ་རེད། གང་ལྟར་སེམས་བཟང་པོ་བྱ་རྒྱུ་དང་། ཉམས་ཐག་གི་མི་རྣམས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེའི་གྲས་ལ་དངོས་གནས་དྲང་གནས་ཡེ་ཤུའི་ཆོས་པ་དེ་ཚོའི་གྲས་ཧ་ལས་པ་ཡག་པོ་རེད་གདའ། དེ་སྔ་དགའ་ལྡན་ཕོ་བྲང་གི་གཞུང་གི་མཛད་སྒོ་ལ་ལྷ་སར་ཡོད་པའི་ཁ་ཆེ་ཚོ་འཆར་ཅན་ཡོང་གི་རེད། ངོས་རང་ཆུང་ཆུང་སྐབས་སུ་ཁ་ཆེ་ཚོ་མཇལ་གར་ཡོང་དུས་ས་ལམ་ཟེར་གྱི་ཡོད་པས། ངོས་རང་ལའང་ཆུང་ཆུང་ནས་དེ་གོམས་བསྡད་ཡོད། གང་ལྟར་ངོས་རང་གི་མི་ཚེ་འདིར་ཆོས་སྡེ་འདྲ་མི་འདྲ་མང་པོ་ཞིག་གིས་དགའ་པོ་བྱས་བསྡད་ཡོད། ཆོས་དད་མེད་མཁན་གྱི་ཚན་རིག་པ་སོགས་ཀྱིས་ཀྱང་ངོས་རང་ལ་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག ཅེས་གསུངས་སོང་།

༧གོང་ས་མཆོག་གིས། བོད་གངས་ཅན་ལྗོངས་ལ་སོ་སོའི་ལས་དང་སྨོན་ལམ་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་དུས། ངོས་རང་གིས་བོད་གངས་ཅན་གྱི་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་དངོས་གནས་དྲང་གནས་དངོས་དང་བརྒྱུད་པའི་ཐོག་ནས་ཞབས་འདེགས་ངེས་ཅན་ཞིག་བསྒྲུབ་ཐུབ་ཀྱི་ཡོད་པ་རེད། བོད་གངས་ཅན་པ་ཚོས་ངོས་རང་ལ་དགའ་མོས་དང་དད་པ། ཞེན་ཁོག་ཞེ་དྲགས་བྱེད་ཀྱི་འདུག བོད་ཆོལ་ཁ་གསུམ་གྱི་བོད་རིགས་གཙོ་བོ་གྱུར་བའི་ཧི་མ་ཡའི་རི་རྒྱུད་ཀྱི་བོད་རིགས་དེ་དག་ཚང་མས་ངོས་རང་ལ་གུས་པ་དང་བརྩེ་བ་ཤུགས་ཆེན་པོ་ཡོད་བསྡད་པ་ཞིག་རེད། ངོས་རང་གིས་དེ་དག་མཐོང་དུས་ངོས་རང་གི་རྨི་ལམ་དུ་ལོ་བརྒྱ་ཕྲག་ལྷག་བསྡད་རྒྱུའི་ཚད་མ་ཞིག་ཡོང་གི་འདུག་ལ། ངོས་རང་གིས་ཡུན་རིང་པོ་ཞིག་འཚོ་བསམ་པའི་སེམས་ཤུགས་སྐྱེད་བསྡད་ཀྱི་ཡོད། ད་ལྟ་ཆ་བཞག་ན་གཟུགས་པོ་ཡག་ཐག་ཆོད་ཡོད། ཨེམ་ཆི་ཚོས་ལྟ་དུས་གཟུགས་པོ་ཡག་པོ་ཞེ་དྲགས་འདུག་ཟེར། གོམ་པ་སྤོས་ནས་ཕར་ཚུར་འགྲོ་དུས་པུས་མོ་ཧྲག་ཙམ་བྱེད་པ་ལས་གཞན་དག་ག་གལ་ཡོད་མ་རེད། ངོས་རང་གིས་ད་ལྟ་བར་དུ་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་གང་ཙམ་ཞིག་བསྒྲུབས་ཡོད་པ་རེད་ལ། ངོས་རང་གིས་ད་དུང་ཡང་ལོ་བཅུ་ཕྲག་གཅིག་གཉིས་རིང་ཏན་ཏན་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད། བྱས་ཙང་ཁྱེད་རང་ཚོ་ཚང་མ་ཐུགས་བློ་བདེ་པོ་བྱས་ནས་བཞུགས་རོགས་གནང་། ཞེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་ཀྱིས། ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ་ངོས་རང་གིས་འཛམ་བུ་གླིང་འདིའི་སྒང་གི་རིས་སུ་མ་ཆད་པའི་བསྟན་པ་སྤྱི་དང་ལྷག་པར་བོད་གངས་ཅན་གྱི་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་དེ་དག་མི་ཉམས་གསོ་བཅོས་ཉམས་པ་གོང་འཕེལ་ཡག་པོ་ཡོང་ཐུབ་རྒྱུ་ཞིག་དང་། དེ་རིང་ཁ་སང་འཛམ་བུ་གླིང་འགྱུར་བ་ཞེ་དྲགས་འགྲོ་བསྡད་ཀྱི་འདུག ངོས་རང་གི་མི་ཚེའི་ནང་གི་དཀའ་ངལ་ཆེན་པོ་མྱོང་བའི་ལེའུ་དེ་རྫོགས་འགྲོ་ཡི་ཡོད་པའི་ཟོལ་འདྲ་བོ་ཞིག་འདུག ཅེས་དང་། ད་དངོས་ཡོད་ཀྱི་གནས་སྟངས་ཇེ་གསལ་ཇེ་གསལ་ཕྱིན་པའི་སྐབས་འདིར་བོད་ཀྱི་བདེན་མཐའ་སེལ་ཡོང་རྒྱུ་ཞིག་ཆགས་ཡོང་གི་འདུག ངོས་རང་གིས་བོད་ཀྱི་བདེན་མཐའ་སེལ་ཟེར་ནས་རང་བཙན་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་འདི་བོད་རང་གིས་བདག་པོ་གཙང་མ་ཞིག་བརྒྱབ་ཐུག་པའི་རང་སྐྱོང་མིང་དོན་མཚུངས་པ་དེ་འདྲ་ཞིག་གི་ཐོག་ནས། རྒྱ་ཧོར་བོད་གསུམ་ཚང་མར་ངོས་རང་གིས་བསྟན་པའི་ཞབས་འདེགས་བསྒྲུབ་བསམ་པ་ཞིག་གི་སེམས་ཤུགས་སྐྱེད་བསྡད་ཀྱི་ཡོད། ངོས་རང་གིས་བསམ་བློ་གུ་དོག་པོ་གཏོང་གི་མེད། རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་འགྲོ་བསྡད་དུས། ངོས་རང་མི་ཚེ་རིང་པོར་བསྡད་ནས་བོད་གངས་ཅན་པ་གཙོ་བོར་གྱུར་བའི་ཧི་མ་ཡ་ལའི་རི་རྒྱུད་དང་། འཛམ་བུ་གླིང་གི་མི་ཚང་མར་སེམས་ཀྱི་ཞི་བདེ་ཡོང་བར་འབད་བརྩོན་བྱས་བསྡད་ཡོད། ངོས་རང་གིས་གོ་མཚོན་གང་ཡང་མེད་པར་འཛམ་གླིང་ཞི་བདེ་ཡོང་བར་སྨོན་ལམ་རྒྱག་གི་ཡོད་ལ། ཕལ་ཆེར་འགྲུབ་རྒྱུའི་ཟོལ་ཞིག་འདུག ཅེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཚེ་མཆོག་དང་འབྲེལ་བའི་ཐོག་ནས་བརྟན་བཞུགས་གནང་བ་རེད། དེས་སྐུ་གེགས་ཀྱི་བར་ཆད་ཞི་ནས་ཚེ་རིང་དུ་གནས་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་རེད། ཁྱེད་རང་ཚོས་ཀྱང་གཙོ་བོ་དད་པ་དང་དམ་ཚིག་གཡོ་བ་མེད་པ་བྱས་ནས་གནང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་པ་གཙོ་བོར་གྱུར་བའི་ངོས་རང་ལ་དགའ་མོས་བྱེད་མཁན་རྣམས་ཀྱིས། ངོས་རང་ལ་དགའ་མོས་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་སོ་སོའི་མི་ཚེ་བཟང་པོ་ཞིག་ལས། ཕྲག་དོག་དང་། ང་རྒྱལ། འགྲན་སེམས་ཀྱི་ཐོག་ནས་ཕྱིན་པ་ཡིན་ན། ངོས་རང་དགའ་མོས་བྱས་པའི་དོན་དག་ཚང་གི་མེད། དངོས་གནས་དྲང་གནས་བྱམས་པ་དང་བརྩེ་བ་ཡི་ཐོག་ནས་མི་ཚེ་སྐྱེལ་ན། ངོས་རང་ལ་དགའ་མོས་བྱས་པ་མིང་དོན་མཚུངས་པ་ཞིག་ཡོང་གི་ཡོད། ཅེས་དང་། དེ་བཞིན་༧མགོན་པོ་གང་ཉིད་ཀྱིས། རིམ་པས་ང་ཚོས་རྒྱ་གར་ས་ཁུལ་ཁག་ལ་ཚོགས་པ་ནང་བཞིན་བོད་གངས་ཅན་གྱི་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འདབས། རྩེ་ཕོ་བྲང་གི་མདུན་གྱི་བཞུགས་ཁྲི་གླིང་ག་ཟེར་ནས་རྒྱ་ཆེན་པོ་ཞིག་ཡོད། དེར་ང་ཚོ་རུག་རུག་བྱས། ཁྱེད་རང་ཚོས་ཀྱང་བརྟན་བཞུགས་ཀྱི་ཚེ་མཆོག་དེ་འདྲ་གསུངས། ངོས་རང་གིས་སྨོན་ལམ་ཡག་པོ་ཞིག་བརྒྱབ་པའི་དུས་ཚོད་བཟང་པོ་ཞིག་ཕལ་ཆེར་ཡོང་རྒྱུའི་རེ་བ་ཡོད་པའི་ཟོལ་ཞིག་འདུག ངོས་རང་ཡང་སེམས་ཤུགས་སྐྱེད་བསྡད་ཡོད། ཁྱེད་རང་ཚོ་ཚང་མས་སྙིང་སྟོབས་ཡར་སྐྱེད་ནས་ཧུར་ཐག་འབད་ཐག་གནང་ཤོག་ཨ། ཞེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༤ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese