མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ད་དུང་རྙེད་མེད་པར་བཤད།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

—–འདི་ག་དུས་བབ་གསར་ཁང་གི་འཛམ་གླིང་ཐོག་གནོད་སྐྱོན་ཆེ་ཤོས་ཀྱི་ནད་འབུ་ཞེས་པའི་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྐོར་གྱི་དམིགས་བསལ་ཚགས་པར་ལས་འདིར་བཀོད།

ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་དང་འགོས་ཁྱབ་ཀྱི་དཔེ་རིས། Photo Credit: Springer Link

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༠ བར་གླིང་ཕྲན་རྒྱལ་ཁབ་རེ་ཟུང་མ་གཏོགས་འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་ཕྱིན་ཏེ། མི་གྲངས་ས་ཡ་ ༦༥༠ (༦༥༠༣༣༢༨༩༩)ལྷག་ལ་ནད་འབུ་འགོས་ཡོད་པ་དང་། མི་གྲངས་ས་ཡ་ ༦ ལྷག་འདས་གྲོངས་སུ་ཕྱིན་ནས་མི་རྒྱུ་གཉིས་ལ་བསམ་ཡུལ་ལས་འདས་པའི་གོད་ཆག་ཆེན་པོ་བསླངས་ཡོད་པར་བརྟེན། ཨ་རི་དང་དབྱིན་ཡུལ། ཨོ་གླིང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་སོགས་ཀྱིས། སྔ་གཞུག་ཏུ་ཏོག་དབྱིབས་ནད་འབུ་དེ་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ (Wuhan Institute of Virology) ནས་ཕྱིར་ཤོར་བ་ཡིན་མིན་སོགས་ཁ་གསལ་བཟོ་དགོས་པའི་རེ་སྐུལ་དང་རྒྱ་ནག་གཞུང་ལ་བརྡ་འདེད་གཏོང་གི་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྣེ་འཁྲིད་འོག་ཉུང་མཐར་ཐེངས་ ༡༠ ལྷག་ལ་རྒྱ་ནག་ཏུ་བསྐྱོད་དེ་ཞིབ་འཇུག་བྱས་ཡོད་ཀྱང་ཏོག་དབྱིབས་ཀྱི་འབྱུང་ཁུངས་ད་ལྟའང་ཁ་གསལ་བཟོ་མ་ཐུབ་པར་ལྷག་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་ཀྱི་འབྱུང་ཁུངས་སམ་རང་བཞིན་སོགས་ངོ་སྤྲོད་བྱེད་པར་བཀག་སྡོམ་ཤུགས་ཆེན་བྱས་པའི་ཁྲོད།  ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་ཚུལ་ཐོག་མར་ཕྱིར་གྱར་མཁན་སྨན་པ་ལི་ཝིན་ཉིང་ (李文亮) ལགས་སུ་ཉེས་མེད་ཉེས་འཛུགས་བྱས་ཏེ་མཐར་འདས་གྲོངས་སུ་ཕྱིན་པ་དང་། གསར་འགོད་པ་ཀྲང་ཀྲན་ (张展) ལགས་ཀྱིས་ཝུའུ་ཧན་གྲོང་ཁྱེར་ནང་གི་ཏོག་དབྱིབས་གནས་ཚུལ་ཕྱི་བསྒྲགས་བྱེད་མཁན་སྨན་པ་དང་གསར་འགོད་པ། ད་དུང་མི་ཚོགས་ཀྱིས་ཁེངས་པའི་སྨན་ཁང་དང་མི་མང་སོགས་གང་བྱུང་འཛིན་བཟུང་བྱེད་པའི་གནས་ཚུལ་རྣམས་དཔའ་ངར་ཆེན་པོས་བརྒྱུད་སྤེལ་བྱས་པར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༥ ནང་ཁོང་མོ་གར་སོང་ཆ་མེད་དུ་གྱུར་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་དོན་མེད་རྩོད་རྙོག་བསླངས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས། ཕྱི་ལོ་ ༢༠༡༩ ནས་བཟུང་རྒྱ་ནག་གཞུང་གིས་ཏོག་དབྱིབས་སྐོར་གྱི་གནས་ཚུལ་རིགས་ཁྱབ་སྤེལ་ལ་བཀག་སྡོམ་དང་དོགས་ཟོན་ཤུགས་ཆེན་བྱས་ཡོད་པར་བརྟེན།  རྒྱལ་སྤྱིའི་སྟེང་ཏོག་དབྱིབས་ཀྱི་འབྱུང་ཁུངས་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ཡིན་པའི་དོགས་པ་ཆེ་རུ་ཕྱིན་ཏེ་བརྟག་དཔྱད་མཐིལ་ཕྱིན་པ་བྱ་དགོས་པའི་འབོད་ཚིག་ཤུགས་ཆེར་ཕྱིན།

ཕྱི་ལོ་ ༢༠༢༠ ཟླ་ ༤ ནང་རྒྱ་ནག་གི་ནད་འབུའི་ཆེད་མཁས་པ་རྒྱ་མོ་ལི་མེན་ཡཱན་ (Li-Meng Yan) ཧོང་ཀོང་ནས་ཨ་རིར་བྲོས་བྱོལ་དུ་ཕྱིན་པ་དང་བསྟུན། མོས་དབྱིན་ཇིའི་ (Loose Women) ཞེས་པའི་གླེང་སྟེགས་ཀྱི་གཙོས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། རང་ཉིད་ལ་ཏོག་དབྱིབས་གཉན་རིམས་དེ་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་ནས་བཟོས་པ་ཡིན་པའི་དཔང་རྟགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ཟླ་ ༡༢ དང་ཕྱི་ལོ་ ༢༠༢༠ ཟླ་ ༡ ནང་མོས་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་དུ་ཡོད་པའི་རང་ཉིད་ཀྱི་འབྲེལ་ལམ་དག་བརྒྱུད་ནས་ཏོག་དབྱིབས་སྐོར་ལ་ཕྱོགས་གཉིས་ནས་ཞིབ་འཇུག་བྱས་ཡོད་པ་དང་།  ཞིབ་འཇུག་གྲུབ་དོན་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཁོངས་སུ་ཡོད་པའི་རང་ཉིད་ཀྱི་སློབ་སྟོན་པར་ཡར་ཞུ་བྱས་ཀྱང་བརྡ་ལན་མ་འབྱོར་བས། སྐབས་དེར་མོ་རང་གི་ངོ་ཤེས་པ་དག་གིས་ཁུ་སིམ་མེར་སྡོད་མ་ཚུགས་པ་ཡིན་ན་སྲོག་ཀྱང་ཤོར་ཉེན་ཡོད་པའི་ཉེན་བརྡ་བཏང་སྐོར་སོགས་བསྒྲགས་ཡོད།

སྨན་པ་ལི་མེན་ཡཱན་ལགས་ཨ་རིར་བྲོས་བྱོལ་དུ་ཕྱིན་རྗེས། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ ཉིན་མོས་རྒྱ་ནག་ནང་ལོགས་ནས་འཁྱེར་ཡོང་བའི་ཏོག་དབྱིབས་སྐོར་གྱི་རྒྱུ་ཆ་དག་ལས་ཏོག་དབྱིབས་གཉན་རིམས་མིས་བཟོས་པ་དང་། ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ནས་ཕྱིར་ཤོར་ཡོད་ཚུལ་ཙམ་མ་ཟད། དེའི་ཉེན་ཁ་སོགས་ཧ་ཅང་ཚབས་ཆེ་བས་ཡིད་གཟབ་དགོས་པ་སོགས་ཚུད་པའི་རྩོམ་ཡིག་ཅིག་རྒྱལ་སྤྱིའི་ (Zenodo) སྟེང་དུ་སྤེལ་སྐབས། ཨ་རིའི་ཇོན་སི་ཧོ་པུ་ཁིན་སི་ (Johns Hopkins) དང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་རྩེ་གྲས་ཀྱི་ཚན་རིག་པ་དག་གིས་སྨན་པ་ལི་མེན་ཡཱན་གྱི་དཔྱད་རྩོམ་དོན་དངོས་ཀྱི་གཞི་རྩ་མེད་པ་དང་ཚན་རིག་གི་རྒྱུ་མཚན་ལྡན་མེད་པ་སོགས་ཀྱི་དཔྱད་བརྗོད་སྤེལ། འོན་ཀྱང་། ཡུན་རིང་མ་འགོར་བར་མོའི་རྩོམ་ཡིག་དེར་ཊེ་ཝི་ཊར་དང་ཡུ་ཊུབ་སོགས་ཀྱི་ཐོག་ལྟ་ཀློག་བྱེད་མཁན་ས་ཡ་མང་པོ་བྱུང་བ་མ་ཟད། སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་འདོན་པ་སི་ཊི་ཧྥན་བྷ་ནོན་ (Steve Bannon) སོགས་ཀྱིས་དྲིལ་བསྒྲགས་ཁྱབ་སྤེལ་ཤུགས་ཆེན་བྱས་པ་རེད་ལ། སྨན་པ་ལི་མེན་ཡཱན་གྱིས་ཀྱང་ཏོག་དབྱིབས་གཉན་རིམས་ནི་རྒྱ་ནག་གི་སྐྱེ་དངོས་མཚོན་ཆ་ཡིན་པས། ཏོག་དབྱིབས་ཀྱི་ལེ་བདའ་ཡོད་ཚད་རྒྱ་ནག་གཞུང་ལ་བཀལ་དགོས་པའི་འབོད་ཚིག་བསྒྲགས།

སྨན་པ་ལི་མེན་ཡཱན་ནི་རྒྱ་ནག་ཧའོ་ནན་ཞིང་ཆེན་གྱི་རྒྱལ་ས་ཁྲང་ཧྲ་ (Changsha) ཡི་ཀྲུང་ནན་ (中南大学) གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སྨན་ཐོག་གཙུག་ལག་རབ་འབྱམས་པ་ཐོན་པ་དང་ཕྱི་ལོ་ ༢༠༡༤ ལོར་ནན་ཧྥང་གསོག་རིགས་སློབ་ཆེན་ (南方医科大学) ནས་མིག་གཤག་བཅོས་ཀྱི་ཆེད་མཁས་ཐོག་འབུམ་རམས་པ་ཐོན་ཞིང་། དེ་རྗེས་ཕྱི་ལོ་ ༢༠༢༠ བར་ཧོང་ཀོང་གཙུག་ལག་སློབ་གྲྭ་ (HKU) ཆེན་མོར་ལས་ཀ་གཉེར། མོས་ཕྱི་ལོ་ ༢༠༢༠ ཡི་ལོ་མཇུག་ནས་ ༢༠༢༡ ཟླ་ ༣ པའི་བར་ཏོག་དབྱིབས་གཉན་རིམས་སེམས་ཅན་ནས་བྱུང་བ་མིན་པར་བརྟག་དཔྱད་ཁང་རང་ནས་བཟོས་ཡོད་སྐོར་གྱི་དཔྱད་རྩོམ་བཞི་སྤེལ་ཡོད་པ་དང་།  དཔྱད་རྩོམ་དེ་དག་ལ་བརྟེན་ནས་རྒྱལ་སྤྱིའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་ཞིབ་བྱ་དགོས་པའི་མེ་ཤུགས་སྔར་ལྷག་སྤར་སྣོན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ཀྱི་འབྱུང་ཁུངས་རྩད་ཞིབ་ཀྱི་ལས་དོན་མུ་མཐུད་རྒྱུན་སྐྱོང་བྱས་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་དང་པོའི་ཚེས་ ༢༡ དང་ ༢༢ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཨེ་ཤ་ཡ་དང་རྒྱ་ནག་གི་ས་ཁུལ་རིམ་པའི་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་དུ་བསྐྱོད་དེ། ཝུའུ་ཧན་གྲོང་ཁྱེར་གྱི་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་རྟོག་ཞིབ་ཐོག་མ་དེ་བྱས། དེ་བཞིན་ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊའེ་ཌོར་སི་ (Tedros Adhanom Ghebreyesus) ལགས་ཀྱིས་སྣེ་འཁྲིད་པའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཉམས་ཞིབ་པའི་ཚོགས་ཆུང་ཞིག་རྒྱ་ནག་ནང་བསྐྱོད་དེ། ཞི་ཅིན་ཕིན་དང་ཐུག་འཕྲད་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་རྒྱུ་རྫས་སོགས་མཁོ་སྤྲོད་གནང་དགོས་པའི་རེ་སྐུལ་གནང་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚན་རིག་པ་རྩེ་གྲལ་གྱི་ཚོགས་ཆུང་ཞིག་རྒྱ་ནག་ནང་ཆེད་གཏོང་གིས་ཞིབ་འཇུག་བྱས་ཏེ་གདོང་ལེན་བྱེད་ཚུལ་དང་། བསམ་ཚུལ་བརྗེ་རེས་དང་ཉམས་གསོག་སོགས་བྱེད་དགོས་པའི་རེ་སྐུལ་འཕྲོད་བསྟེན་སྒྲིག་འཛུགས་ལ་ཕར་ཞུས། ཕྱི་ཟླ་ ༢ ཚེས་ ༩ ཉིན་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བསྐོ་འཛུགས་བྱས་པའི་ཞིབ་འཇུག་ཚོགས་པ་ཞིག་སླར་ཡང་རྒྱ་ནག་ཏུ་སོང་སྟེ། ཉིན་ལྔའི་རིང་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་དང་རྒྱལ་ཡོངས་རིམས་ནད་སྟངས་འཛིན་དང་སྲུང་སྐྱོབ་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ལྷན་དུ་ཏོག་ནད་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་རེད།

Peter Daszak and Thea Fischer, members of the World Health Organization team tasked with investigating the origins of the coronavirus disease, sit in a car arriving at Wuhan Institute of Virology in Wuhan, China, Feb. 2, 2021.

ཕྱི་ཟླ་ ༢ ཚེས་ ༡༦ ནས་ ༢༤ བར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱ་ནག་ཟུང་འབྲེལ་གྱི་ཆེད་མཁས་པའི་ཞིབ་འཇུག་ཚོགས་པ་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ཝུའུ་ཧན་གྲོང་ཁྱེར། དེའི་ཉེ་འཁྲིས་གྲོང་ཁྱེར་གཉིས་བཅས་ཀྱི་ནང་རྟོག་ཞིབ་ཏུ་བསྐྱོད་ཡོད་ཅིང་། ཞིབ་འཇུག་ཚོགས་པ་དེའི་ནང་ཁེ་ན་ཌ་དང་འཇར་མན། ཉི་ཧོང་། ནེ་ཇི་རི་ཡ། ལྷོ་ཀོ་རི་ཡ། ཨུ་རུ་སུ། སིང་གྷ་པོར། ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་ ༢༥ དང་རྒྱལ་སྤྱིའི་འཕྲོད་བསྟེན་ཆེད་མཁས་མི་སྣ་འཛོམས་ཡོད་པ་དང་། ཞིབ་འཇུག་ཚོགས་པ་དེས་ཤོག་ངོས་ ༢༦ ཅན་གྱི་སྙན་ཐོ་ཞིག་ཀྱང་བཏོན་ཡོད་འདུག་ལ། ཞིབ་འཇུག་སྙན་ཐོ་དེའི་ནང་དོན་གཙོ་བོ་ནི། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་གསལ་བོ་མེད་པ་དང་། རྒྱ་ནག་ནང་ལོགས་ཀྱི་གནས་སྟངས་ལ་གཞིགས་ན། ཏོག་དབྱིབས་གཉན་རིམས་སེམས་ཅན་ཕ་ཝང་ངམ་ཆུར་གནས་སེམས་ཅན་པེང་གོ་ལིན་ (pangolin) ནས་བྱུང་བའི་ཚོད་དཔག་ཙམ་ལས་དོན་དངོས་ཐོག་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་དངོས་ཤེས་རྟོགས་ཐུབ་མེད་སྟབས། ཚོགས་པ་དེས་མུ་མཐུད་ཞིབ་འཇུག་བྱེད་དགོས་སྐོར་བཤད།

ལོ་དེའི་ཕྱི་ཟླ་ ༧ ཚེས་ ༡༠ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་མཁས་པ་ཁག་ཅིག་ཡང་བསྐྱར་རྒྱ་ནག་ཏུ་བསྐྱོད་དེ། ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་སེམས་ཅན་ཡིན་པ་དང་། སེམས་ཅན་ནས་མིར་ཇི་ལྟར་འགོས་ཁྱབ་བྱུང་བའི་སྐོར་ནས་ཞིབ་འཇུག་བྱས་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཞིབ་འཇུག་ཚོགས་པ་དེས་ཤོག་ངོས་ ༩ ཅན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ཏོག་དབྱིབས་ནད་འབུ་དེར་ཐོག་མ་ཉིད་ནས་མིར་འགོས་ཁྱབ་ཐུབ་པའི་ནུས་པ་ལྡན་ཞིང་། ཕ་ཝང་དང་པིང་གྷོ་ལིན་(pangolin)གཉིས་ནས་ཐད་ཀར་མིར་འགོས་ཡོད་སྲིད་པས། སེམས་ཅན་དེ་གཉིས་ཀྱི་རྒྱུ་རྫས་ལ་བརྟག་དཔྱད་བྱས་ཏེ་མིར་འགོས་སྲིད་པ་བརྒྱ་ཆ་ ༩༦ དང་ ༩༢ ཀྱི་གྲུབ་དོན་ཐོན་ཡོད་ཀྱང་། ཐོག་མར་མིར་འགོས་པའི་གནས་དང་དུས་ཚོད། སེམས་ཅན་གང་ནས་འགོས་པ་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་དང་། ཁོ་ཚོས་སེམས་ཅན་རིགས་མི་འདྲ་བ་ ༥༠༠ ལ་བརྟག་དཔྱད་བྱས་ཏེ། ཞི་མི་དང་བྱི་སྲེ། སྲམ་ནག་དང་ཕག་སོགས་ལ་ཏོག་དབྱིབས་འགོས་ཁྱབ་ཐུབ་པའི་ནུས་པ་ལྡན་ཞིང་། འཛམ་གླིང་རྒྱལ་ཁབ་ཁག་ཅིག་ནང་སེམས་ཅན་དེ་དག་རྐྱེན་བྱས་ནས་ཏོག་ནད་འགོས་པའི་གནས་ཚུལ་ཐོན་ཡོད་པ་ཤེས་རྟོགས་བྱུང་སྐོར་སོགས་བརྗོད་ཡོད།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༤ ཉིན་རྒྱལ་སྤྱིའི་ཚན་རིག་པ་ ༡༧ ལས་གྲུབ་པའི་ཞིབ་འཇུག་ཚོགས་པ་ཞིག་རྒྱ་ནག་ཏུ་ཏོག་དབྱིབས་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་སླད་དུ་བསྐྱོད་དེ་ཉིན་གྲངས་ ༢༨ རིང་རྒྱ་ནག་ཚན་རིག་པ་ཁྱོན་ ༡༧ དང་ལྷན་དུ་ཞིབ་འཇུག་བྱས་ཡོད་ཅིང་། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ཞིབ་འཇུག་ཚོགས་པ་དེས་ཤོག་ངོས་ ༡༢༠ ཅན་གྱི་ཞིབ་འཇུག་གྲུབ་དོན་ཞིག་ཡོངས་བསྒྲགས་བྱས་པའི་ནང་།  ནད་འབུ་དེ་ཐོག་མར་འགོས་ཁྱབ་བྱུང་སྐབས་དམིགས་བསལ་ཛ་དྲག་གི་གནས་སྟངས་གང་ཡང་མེད་པར་རྒྱུན་ལྡན་གྱི་ཆམ་ནད་ལྟ་བུ་བྱས་ནས་འགོས་ཁྱབ་བྱུང་ཡོད་པས།  དོན་དངོས་ཐོག་ནད་རྟགས་དང་པོ་མ་ཐོན་གོང་ནས་ནད་འབུ་ཁྱབ་གདལ་དུ་སོང་ཡོད་སྲིད་པའི་གནད་དོན་ལ་ཞིབ་འཇུག་བྱ་གལ་ཆེ་བ་དང་། ཏོག་དབྱིབས་གཉན་རིམས་དེ་སེམས་ཅན་ཕ་ཝང་ནས་བྱུང་ཡོད་སྲིད་པ་ཞིག་ཡིན་སྐོར་ལས། རྒྱ་ནག་ནང་ལོགས་ཀྱི་ཆེས་ཐོག་མའི་ནད་འབུའི་བརྟག་འབྲས་ཁག་རག་གི་མེད་སྟབས། ཞིབ་འཇུག་གི་གྲུབ་དོན་གསར་པ་མེད་པ་དང་། སྐབས་དེར་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊི་ཌོ་རོ་སི་ལགས་ཀྱིས། ཏོག་དབྱིབས་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པར་དུས་ཚོད་དགོས་པ་དང་། ང་ཚོས་ཚན་རིག་ལ་བརྟེན་ནས་ཏོག་དབྱིབས་ཀྱི་འབྱུང་ཁུངས་འཚོལ་རྒྱུ་ཡིན་པ་མ་ཟད།  གནམ་ས་མགོ་རྟིང་སློག་དགོས་བྱུང་རུང་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་ཁ་ཕོ་ཆེན་པོ་བསྒྲགས་ཡོད་ཀྱང་།  ལོ་དེའི་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཀྱི་འབྱུང་ཁུངས་ཞིབ་འཇུག་ཐེངས་གཉིས་པ་བྱ་རྒྱུ་དང་ལེན་བྱས་མེད་པ་རེད། འཕྲོད་བསྟེན་སྒྲིག་འཛུགས་ནས་ཞིབ་འཇུག་རིམ་པ་བྱས་ཀྱང་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་རྩད་གཅོད་མ་ཐུབ་པར་བརྟེན། ཕྱི་ལོ་ ༢༠༢༡  ཟླ་ ༡༠  ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་པ་ཁྲན་ཞོ་ (Chen Xu) ཟེར་བ་དེས། རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པས་རྒྱ་ནག་ནང་ཏོག་དབྱིབས་ཀྱི་སྐོར་ལ་ཞིབ་འཇུག་ཐེངས་གཉིས་བྱས་ཏེ།  དེའི་གྲུབ་འབྲས་ཡོངས་གྲགས་ཆགས་ཡོད་པས། ད་ལྟ་ཞིབ་འཇུག་ཚོགས་པ་དེས་འཛམ་གླིང་རྒྱལ་ཁབ་གཞན་གྱི་ནང་དུའང་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་རྟོག་ཞིབ་ཆེད་བསྐྱོད་དགོས་སྐོར་བཤད།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༣  ཉིན་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་འཚོལ་ཞིབ་ལམ་སྟོན་ཚོགས་པ་(SAGO) ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང་།  ཚོགས་པའི་ནང་འཛམ་གླིང་རྒྱལ་ཁབ་ ༢༤ ཡི་ཚན་རིག་པ་ཁྱོན་ ༢༦ ཡོད་ཅིང་། ཚོགས་པའི་ལས་འགན་གཙོ་བོ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ཐོག་ལམ་སྟོན་གནང་རྒྱུ་གཙོ་བྱས་པའི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱ་རྒྱུ་དང་། ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་ནད་ཡམས་གཞན་ཁྱབ་གདལ་གྱི་དཀའ་ངལ་སོགས་སེལ་རྒྱུ་དེ་ཡིན་པ་རེད། ལོ་དེའི་ཟླ་ ༡༡ ཚེས་ ༢༤  ཉིན་ལམ་སྟོན་ཚོགས་པ་དེའི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ཚོགས་འདུ་ཐོག་མ་དེ་ཚོགས་པ་ནས། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༠ བར་དེ་སྔ་འཕྲོད་བསྟེན་སྒྲིག་འཛུགས་རྒྱ་ནག་ཏུ་བསྐྱོད་དེ་ཏོག་དབྱིབས་གཉན་རིམས་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་རིགས་ལ་བསྐྱར་ཞིབ་བྱས་ཡོད། འོན་ཀྱང་། བསྐྱར་ཞིབ་ཁྲོད་ལམ་སྟོན་ཚོགས་པ་དེར་རྒྱུ་ཆ་མང་པོ་ལག་སོན་བྱུང་ཡོད་ནའང་། མ་འོངས་པའི་ཞིབ་འཇུག་བྱེད་ཐབས་ཙམ་ལས་དོན་དངོས་ཐོག་ཏོག་དབྱིབས་ཀྱི་འབྱུང་ཁུངས་རྩད་ཞིབ་ཐུབ་པའི་གནས་སྟངས་ཤིག་བྱུང་མེད་པ་དང་། ཚོགས་པ་དེ་བཙུགས་པ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ བར་ཚོགས་འདུ་ཐེངས་ ༢༠ ཚོགས་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱ་ནག་གཞུང་གཉིས་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་འབྲེལ་བ་རིམ་པ་བྱས་ཏེ། དེ་སྔའི་རྒྱ་ནག་གཞུང་དང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ཀྱི་ཏོག་དབྱིབས་འབྱུང་ཁུངས་ཞིབ་འཇུག་སྐབས་ཁ་མ་ཚང་བའི་རྒྱུ་ཆ་སོགས་བསྡུ་ལེན་བྱས་ཡོད་པ་ལས། ལམ་སྟོན་ཚོགས་པ་དེ་ཉིད་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་དམིགས་བསལ་ལས་དོན་གང་ཡང་བྱས་མི་འདུག་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ཀྱི་འབྱུང་ཁུངས་རྩད་ཞིབ་ཀྱི་བརྒྱུད་རིམ་ཁྲོད་ཏོག་ནད་རྒྱ་ནག་ནས་མཆེད་པའི་དཔང་རྟགས་གང་ཡང་རེག་མེད་པ་རེད། འོན་ཀྱང་ད་ལྟ་ད་དུང་ཨ་རི་དང་རྒྱ་ནག་གཉིས་བར་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་དང་འབྲེལ་ནས་རྩོད་པ་རྒྱག་མུས་ཡིན་པ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་གཞན་མང་པོ་ཞིག་གིས་ཀྱང་རྒྱ་ནག་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཡིན་པའི་དོག་གནད་ཁག་ལ་མུ་མཐུད་ཞིབ་འཇུག་བྱ་དགོས་པ་དང་ནམ་ཞིག་རྒྱ་ནག་གི་རྫུན་རྐུབ་བརྡོལ་རྒྱུ་ཡིན་པའི་རེ་བ་བཅང་གི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese