མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་འདེམས་ཐོན་སྲིད་འཛིན་གསར་པར་འཚམས་འདྲི་ཞུས་པ།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་པེ་ཌར་པཱ་ཝལ་ (Petr Pavel)མཆོག་ལ་ཁོང་གིས་སྲིད་འཛིན་ཟུར་པ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་རྒྱུན་སྐྱོང་གནང་ཐུབ་པའི་སྨོན་འདུན་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཅེག་གི་སྲིད་འཛིན་གསར་པ་Petr Pavelམཆོག པར་བཟོ་སྒྲིག་བྱས།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་བྱས་ཏེ་སྐུ་ཉིད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་རྟེན་འབྲེལ་ཞུ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་བུ་གླིང་གི་རྒྱལ་ཁབ་གང་དུའང་མེད་པའི་དམངས་གཙོའི་ལམ་ལུགས་ཀྱི་རིན་ཐང་དང་། རྩ་དོན་གཞིར་བཟུང་ཐོག་དབུ་ཁྲིད་ལམ་སྟོན་གནང་ཡོད་ཅིང་། སྐུ་ཉིད་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ལས་ཡུན་རིང་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་གི་ལས་དོན་མུ་མཐུད་དུ་གོང་འཕེལ་གྱིས་གཞན་གྱི་དཔེ་མཚོན་དུ་འགྱུར་བའི་གདེང་སྤོབས་ཡོད། སྐུ་ཉིད་ཀྱིས་སྲིད་འཛིན་ཟུར་པ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་རྒྱུན་སྐྱོང་བྱེད་ཐུབ་པ་མ་ཟད། ཡུ་རོབ་གླིང་དང་འཛམ་གླིང་ཡོངས་སུ་ཞི་བདེའི་ལས་དོན་དོན་སྨིན་ཡོང་བའི་རེ་འདུན་ཞུ་ཞེས་གསུངས་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་བའི་ནང་། ངས་བོད་མི་མང་སྤྱི་འཐུས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། སྐུ་ཉིད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ། ༧གོང་ས་མཆོག་དང་སྲིད་འཛིན་ཟུར་པ་ཝཱ་ཁི་ལཱ་ཝ་ཧཱ་ཝལ་མཆོག་གཉིས་ཀྱི་རྒྱུན་རིང་བའི་མཛའ་བཤེས་ཀྱིས་བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་བར་དུ་འབྲེལ་ལམ་ཟབ་མོ་བྱུང་ཡོད། སྐུ་ཉིད་ཀྱི་སྲིད་འཛིན་ལས་ཡུན་རིང་སྲིད་འཛིན་ཟུར་པ་ཝཱ་ཁི་ལཱ་ཝ་ཧཱ་ཝལ་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དང་། དྲང་བདེན། རིག་གཞུང་ཤུལ་བཞག་བཅས་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་རྒྱུན་སྐྱོང་གནང་བའི་རེ་བཞག་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ཐོག་དུས་ཡུན་རིང་བོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་དང་། སྐུ་ཉིད་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རེ་འདུན་བཞིན་བྱ་བཞག་ཐམས་ཅད་འབྲས་བུ་གཡུར་དུ་ཟ་བའི་སྨོན་འདུན་ཞུ། ཞེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་ཅེག་གི་སྲིད་འཛིན་གསར་པ་Petr Pavel མཆོག པར་བཟོ་སྒྲིག་བྱས།

ཕྱི་ཟླ་ ༡ ཚེས ༢༨ ཉིན་སྐུ་ཞབས་པེ་ཊར་པཱ་ཝལ་མཆོག་ཅེག་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་བསྡུ་འཆར་ཡོད་འདུག ཁོང་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་འདེམས་ཐོན་སྲིད་འཛིན་སྐབས་བཞི་པ་དང་། དམག་མིའི་ཁྱིམ་རྒྱུད་ཀྱི་རྒྱབ་ལྗོངས་ཡོད་པའི་སྲིད་འཛིན་གཉིས་པ་དེ་ཆགས་ཡོད་འདུག ཁོང་ཕྱི་ལོ་ ༡༩༦༡ ལོའི་ཟླ་ ༡༡ ཚེས་ ༡ ཉིན་པ་ལཱ་ནཱ་རུ་དམག་མིའི་ཁྱིམ་རྒྱུད་ཞིག་ཏུ་སྐྱེས་ཤིང་། འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་རྗེས་ཅེག་མི་མང་དམག་མིར་ཞུགས་པ་དང་། ཕྱི་ལོ་ ༡༩༨༥ ལོར་ཅེག་སྤྱི་མཐུན་ཚོགས་པའི་ནང་དུ་ཞུགས། ཝེལ་ཝེ་ཊ་གསར་བརྗེའི་སྐབས་སུ་ཁོང་ཅེག་དམག་མིའི་ཁོངས་སུ་འཛུལ་ཏེ། ཅེག་དང་སི་ལོ་ཝཱ་ཁི་གཉིས་ཀྱི་དམག་མི་མཉམ་འབྲེལ་ཀྱིས་ཁི་རོ་ཌི་ཡ་རུ་ཧྥ་རན་སི་དམག་མི་མཐར་སྐྲོད་གཏོང་སྐབས་པཱ་ཝལ་ལགས་ལ་སྐད་གྲགས་རྒྱས་ཏེ་རྒྱལ་སྤྱིའི་ཐོག་ཁོ་རང་ངོ་ཤེས་པར་གྱུར། ཕྱི་ལོ ༢༠༡༢ ནས་ ༢༠༡༥ བར་ཅེག་རྒྱལ་ཁབ་ཀྱི་དམག་སྤྱི་གནང་བ་མ་ཟད། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་དུ་བྱང་ཆིངས་མཉམ་འབྲེལ་སྒྲིག་འཛུགས་(NATO) ཀྱི་དམག་དོན་དབུ་ཁྲིད་དུ་འདེམས་ཐོན་བྱུང་འདུག  ཁོང་གིས་བྱང་ཆིངས་མཉམ་འབྲེལ་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་ཡུ་རོབ་གླིང་དུ་་ཡུ་ཁི་རིན་ལ་རྒྱབ་སྐྱོར་བྱེད་དགོས་པའི་གླེང་སློང་ཤུགས་ཆེན་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese