མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་དགའ་ལྷ་མོའི་ལོ་རྒྱུས་བཀླགས་པ་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

བོད་ཀྱི་དཔེ་མཛོད་ཁང་ནས་རྩོམ་སྒྲིག་གནང་བའི་ཡིད་དགའ་ལྷ་མོའི་དམངས་ཀྱི་ལོ་རྒྱུས་རྒྱུ་ཆ་ཞེས་པའི་དེབ། པར་Pinterest ནས་བླངས།

དེ་རིང་ངས་གླེང་འདོད་པ་ནི། དྷ་སའི་གཙུག་ཁང་ལ་གླིང་སྐོར་འགྲོ་དུས་ལྷ་རྒྱལ་རིའི་བསང་གསོལ་བྱེད་སའི་ལག་འཁོར་འགྲམ་དེར་དཔེ་དེབ་མང་པོ་བཞག་འདུག་ཅིང་། དེའི་གསེང་ནས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་བའི་ཡིད་དགའ་ལྷ་མོའི་དམངས་ཀྱི་ལོ་རྒྱུས་རྒྱུ་ཆ་ཞེས་པའི་དེབ་གཅིག་རག་སོང་། དེ་འཁྱེར་ཡོང་ནས་དུས་ཚོད་ནམ་ཁོམ་ལ་བཀླགས་པ་ཡིན། མི་ཚེའི་བརྒྱུད་རིམ་ནང་དུ་ཡིད་དགའ་ལྷ་མོ་ལགས་སུ་དཀའ་སྡུག་སྣ་མང་འཕྲད་འདུག་ཅིང་། ལྷག་པར་བོད་ནང་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་པའི་དབང་གིས་མི་དམངས་ཉམ་ཆུང་ཚོས་དཀའ་སྡུག་ག་ཚོད་གཅིག་མྱོང་དགོས་བྱུང་བ་གསལ་པོ་བྲིས་གནང་འདུག་པ་དང་། བོད་ནང་གི་མི་དམངས་དཀྱུས་མའི་ལོ་ཆུང་སྐབས་འཚོ་བ་རོལ་སྟངས་དང་། དེ་ཡང་ཞིང་འབྲོག་གི་འཚོ་བ་རོལ་སྟངས། འབྲོག་པའི་ཐབ་ཆས་དང་ཁྱིམ་དངོས། དེ་བཞིན་ཞིང་པའི་དཔྱིད་དུས་སུ་གོན་པ་རིགས་བཟོ་རྒྱུ་དང་། ཁང་ལས་བྱ་རྒྱུ། དབྱར་ཟླའི་ནང་ཡུང་ཕྲུ་རྨོས་འདེབས་དང་། དབྱར་རྩྭ་དགུན་འབུ་བརྐོ་བ། ཞིང་ཁའི་ལྡུམ་བུའམ་རྩ་ཉོག་རྣམས་བཀོག་པ་དང་། དེ་བཞིན་སྟོན་ལས་སྐབས་ལོ་བརྔ་བ་དང་། བཅིང་བ། བམ་པོ་ཁལ་ལ་བཀལ་ཏེ་སོ་སོའི་སྡོད་ཁང་དུ་དབོར་ནས་རྩིག་པ་སོགས་བཀོད་འདུག་ཅིང་། ཞིང་པའི་ཐ་སྙད་མང་པོ་ཞིག་འདུག་ན། རང་ཉིད་ལ་མཚོན་ན་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཞིང་། སྤྱིར་བཏང་བཙན་བྱོལ་ནང་དུ་བརྩམས་དེབ་ནང་ཞིང་པའི་ཐ་སྙད་སྐོར་འཁོད་པ་ཉུང་ཉུང་ཡོད་པ་ཞིག་ང་རང་ཉིད་ཀྱི་སེམས་ནང་དུས་རྒྱུན་ནས་ཚོར་གྱི་ཡོད་མོད། ང་རང་མཐོང་རྒྱུ་ཆུང་བའི་སྐྱོན་ཡང་ཡིན་སྲིད། གང་ལྟར་སློབ་གྲྭ་ཁག་གི་སློབ་དེབ་ནང་དུ་དེ་ཙམ་ཞིག་མཐོང་རྒྱུ་མི་འདུག་བསམ་ཞིང་། ཅི་བྱས་ན་གོང་ཞུས་ལྟར་རང་ཉིད་ཀྱི་མ་མཐོང་བ་ཡིན་ཡང་སྲིད། སློབ་གྲྭ་ཁག་གི་སློབ་དེབ་ནང་དུ་བོད་ཀྱི་ཞིང་འབྲོག་གི་འཚོ་བ་རོལ་སྟངས་དང་། ཅ་དངོས་ཀྱི་ཐ་སྙད་དེ་དག་འགོད་ཐབས་བྱ་རྒྱུ་གལ་ཆེའི་རང་བཞིན་ཞིག་ཏུ་མཐོང་།

དེང་སྐབས་སྤྱི་ཚོགས་འཕོ་འགྱུར་དབང་གིས་ཞིང་འབྲོག་གི་ཐ་སྙད་མང་པོ་ཞིག་ཉམས་ཆག་འགྲོ་བཞིན་ཡོད་ལ། འབྲོག་པའི་ཐ་སྙད་སྐོར་སློབ་གྲྭའི་སློབ་དེབ་ནང་དུ་ཡག་པོ་བཀོད་འདུག་པ་དང་། ཞིང་པའི་སྐོར་གོང་དུ་ཞུས་པ་བཞིན་ཞིང་པའི་ཅ་དངོས་ཀྱི་ཐ་སྙད་དེ་དག་མདོ་དབུས་ཁམས་གསུམ་དུ་གཅིག་འགྱུར་མེད་པ་ཡིན་ནམ་གང་ལྟར་སློབ་དེབ་ཁག་ཏུ་ཡོད་པ་མ་མཐོང་། གོང་བརྗོད་ཡིད་དགའ་ལྷ་མོའི་ལོ་རྒྱུས་ནང་ཞིང་འབྲོག་གི་ཐ་སྙད་གང་འཚམས་འཁོད་འདུག་ན། དེང་གི་ན་གཞོན་ཞིང་འབྲོག་གི་ལས་ཀ་བྱ་མྱོང་མཁན་མེད་པ་རྣམས་ལ་བོད་ནང་གི་ཞིང་འབྲོག་གི་ལས་ཀ་བྱེད་སྟངས་དང་། ཞིང་འབྲོག་གི་འཚོ་བ་རོལ་སྟངས་སྐོར་ག་འདྲ་ཞིག་ཡོད་པ་གསལ་པོ་ཤེས་པར་ཕན་ཐོགས་ཡོང་བ་ནི་བརྗོད་མ་དགོས་ལ།  ལྷག་དོན་བོད་ནང་དུ་རྒྱ་དམར་བཙན་འཛུལ་སྐབས་བོད་མི་ཉམ་ཆུང་རྣམས་ཀྱིས་དཀའ་སྡུག་ག་ཚོད་མྱངས་དགོས་བྱུང་བ་སོགས་གསལ་པོ་འཁོད་འདུག་ན་དེང་གི་བྱེས་ཀྱི་ན་གཞོན་ཚོས་ཀློག་ན་ཧ་ཅང་དགེ་ཕན་ཆེན་པོ་ཞིག་ཏུ་ཡོང་ངེས་མཐོང་། དེ་དག་ནི་ཞོར་འཕྲོས་ཙམ་ཞིག་ཡིན་ནོ།།

དེ་བཞིན་དེབ་དེ་བཀླགས་པའི་བརྒྱུད་རིམ་ནང་སྔོན་དུས་ལོ་ཆུང་སྐབས་སུ་ཞིང་འབྲོག་གི་འཚོ་བ་རོལ་སྟངས་རྣམས་གསོན་པོ་སེམས་ནང་འཆར་ཡོང་བ་དང་། ལྷག་པར་རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་མེད་པ་བཟོ་ཐབས་སུ་དང་ཐོག་དམངས་གཙོ་བཅོས་བསྒྱུར་འགོ་བཙུགས་པ་དང་། དེ་ནས་རིམ་པས་ལེའུ་ལུག་ཚོགས་ཆུང་ཟེར་བ་བཙུགས་ནས་མི་རྣམས་ལ་བརྒྱབ་ལུང་བརྒྱབ་བྱས་ཏེ་ཡར་མར་བྲོས་དགོས་བཟོས་པ། སྐབས་དེ་དུས་མི་རྣམས་བཟའ་རྒྱུ་མི་རག་པ་ཉིན་གྲངས་གསུམ་བཞི་ཙམ་སྡོད་དགོས་ཐུག་གི་ཡོད། རྒྱ་དམག་གིས་མེ་མདའ་འཕེན་བཞིན་རྗེས་འདེད་གཏོང་གི་ཡོད་པས། ག་དུས་ཚེ་སྲོག་ཤོར་གྱི་ཡོད་ན་བསམ་ནས་སེམས་ནང་དངངས་སྐྲག་ངང་བྲོས་ཡིབ་བྱ་དགོས་ཐུག་ཡོད།

མཐར་རྒྱ་དམར་གྱིས་ཇུས་ངན་སྟོན་ནས་བོད་མི་རྣམས་མགོ་བཏགས་པ་ཡིན་ན་ཉེས་པ་མེད་ཚུལ་བསྒྲགས་ཡོད་རུང་། བོད་མི་རྣམས་མགོ་བཏགས་ཞུས་རྗེས་སྡུག་ལས་སྣ་ཚོགས་ཤིག་བཙན་གྱིས་བཀོལ་ནས་བོད་མི་རྣམས་མུན་དོང་དུ་བརྫངས་བ་རེད་ལ། ཉེས་མེད་བོད་མི་མང་པོའི་ཚེ་སྲོག་ཀྱང་འཕྲོག་ཡོད།  མི་ཡུལ་དུ་དམྱལ་བ་ལྟར་མྱངས་དགོས་བྱུང་ཡོད། ཉིན་མོ་ངལ་རྩོལ་དུ་བསྐུལ་ཞིང་། དགོང་མོ་སློབ་གསོ་བརྒྱབ་ཀྱི་ཡོད་ཚུལ་གྱིས་བོད་མི་ནང་ཁུལ་བཙན་གྱིས་འཐབ་འཛིང་བཏང་བཅུག་སྟེ་བོད་མི་ནང་ཁུལ་འགལ་ཟླ་བཟོ་ཐབས་ཀྱིས་ཆབ་སྲིད་ཀྱི་ཇུས་ངན་སྤེལ་ཡོད་ལ། ལྟོ་གྲོད་པ་གང་བ་ཞིག་བཟའ་རྒྱུ་མེད་པའི་གནས་སྟངས་དེ་འདྲ་ཞིག་ཏུ་ཆགས་ཡོད།  ང་ཚོའི་ལུང་པར་སེང་གེ་ཞེས་པའི་སྐྱེས་པ་ཞིག་ཡོད་ཅིང་། ཁོང་དང་མཉམ་དུ་ལུང་པའི་མདའ་ལ་དབྱར་དུས་ཞིང་ལས་བྱེད་དུས་ཁོང་གིས་ང་ལ་དེ་འདྲ་ཞིག་བརྗོད་མྱོང་ཡོད། མི་མང་མཉམ་འབྲེལ་སྐབས་སུ་ལུང་པར་ཐན་པ་བྱུང་ནས་ལུང་པའི་སྐྱེ་ཕོ་མོ་རྒན་གཞོན་ཚང་མ་ངོམས་ཆུ་ནས་ཆུ་འཁྱེར་ཏེ་ཞིང་ཁར་བླུགས་བཅུག་པ་དང་། སྐབས་དེ་དུས་ཉི་ཚ་བ་དང་། ཁ་ལག་ཀྱང་ལྟོ་གྲོད་པ་གང་བཟའ་རྒྱུ་མེད་པ་སོགས་ཀྱི་མགོ་ཡུ་འཁོར་ནས་ཐེངས་མང་སར་འགྱེལ་གྲབས་བྱེད་པ་སོགས་ཀྱིས་ད་ནི་དེ་འདྲའི་དཀའ་སྡུག་མྱོང་བ་ལས་ཤི་ན་དགའ་ས་རེད་སྙམ་ནས་ཐེངས་མང་ངོམས་ཆུ་རུ་མཆོང་གྲབས་བྱས་རུང་། ནང་གི་བུ་ཕྲུག་མིག་ནང་འཁོར་ནས་ཆུ་ནང་མཆོང་ཐུབ་མ་སོང་ཟེར། དེ་འདྲའི་དཀའ་སྡུག་མྱོང་དགོས་བྱུང་ཡོད། དེ་དང་དེ་འདྲ་བའི་བགྲེས་སོང་དེ་དག་གི་ངག་ནས་སྐབས་དེ་དུས་ཀྱི་དཀའ་སྡུག་གི་གཏམ་རྒྱུད་ཡ་ང་བ་དེ་འདྲ་གོ་དུས་སེམས་སྐྱོ་ཞིང་ཡིད་ཐང་ཆད་ནས་དམར་གཞུང་འོག་ནས་ག་དུས་ཐར་ན་བསམ་པའི་སེམས་ནང་ཐེངས་མང་དྲན་མྱོང་ཡོད།

དེ་ཡང་ཡིད་དགའ་ལྷ་མོའི་ལོ་རྒྱུས་ལས། “རེའུ་ལུག་ཚོགས་ཆུང་དང་རྒྱ་དམག་གིས་རྟག་ཏུ་རྒྱང་ཤེལ་རྒྱག་ཞོར་དང་མེ་མདའ་འཕེན་ཞོར་གྱིས་རྗེས་འདེང་བྱེད་ཀྱི་ཡོད་པ་དང་གཡས་གཡོན་དུ་མི་གསོད་པ་མཐོང་བ་དང་མི་རོ་སོགས་ཡང་ཡང་མཐོང་ཡོང་དུས་སེམས་ནང་ལ་ནམ་འཛིན་ཡོང་དང་ནམ་གསོད་འགྲོ་སྙམ་པའི་ཞེད་སྣང་ཆེན་པོ་སྐྱེས་ནས་རྟག་ཏུ་སེམས་ལ་དངངས་སྐྲག་གིས་ཁེངས་ནས་སྡོད་དགོས་བྱུང་གི་ཡོད།” ཅེས་གོང་གསལ་བརྗོད་ཚིག་དེ་དག་ལས་སྐབས་དེ་དུས་ཀྱི་གནས་སྟངས་གང་འདྲ་ཡོད་པ་ང་ཚོའི་སེམས་ནང་དུ་རོབ་ཙམ་རྟོགས་ཐུབ་པ་ཞིག་རེད་སྙམ།

ལྷག་པར་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་རིག་གནས་གསར་བརྗེ་སྐབས་སུ་ཡིན་ཞིང་། བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་དུ་མ་ཞིག་གཏོར་བཤིག་བཏང་ཡོད་ལ། རྩ་ཆེའི་གསུང་རབ་དུ་མ་ཞིག་མེར་བསྲེགས་པ། ཆུའི་ནང་གཡུགས་པ་སོགས་བྱས་ཡོད་ལ། བོད་མི་རིགས་ཀྱི་གཙུག་ཏུ་བཀུར་སའི་བླ་སྤྲུལ་དུ་མ་ཞིག་བཙན་བཀའ་བཏང་སྟེ་སྐྱ་སར་ཕབ་པ་དང་། མ་ཉན་ཚེ་རྡུང་རྡེག་བཏང་སྟེ་ཚེ་སྲོག་ཀྱང་འཕྲོག་ཡོད། བྱས་རྗེས་ཅན་གྱི་མི་སྣ་དུ་མ་ཞིག་ཉེས་མེད་རྡུང་རྡེག་དང་བཙོན་ཁང་དུ་བཅུག་པ་སོགས་བྱས་ཡོད། དེ་ཡང་ཡིད་དགའ་ལྷ་མོའི་ལོ་རྒྱུས་ལས། “ཤང་གི་ལས་བྱེད་ཀྱི་སྣེ་ཁྲིད་འོག་དང་ན་གཞོན་རང་ལོ་བཅོ་ལྔ་ཡན་ཆད་རྣམས་ཁྲིད་དེ་དགོན་པ་གཏོར་ཡོད་འདུག་ཅེས་དང་། ཡང་སྤྱིར་དགོན་པའི་ནང་གི་གསེར་དངུལ་སོགས་རིན་པོ་ཆེའི་རིགས་དང་རྩ་ཆེའི་ཅ་དངོས་རྣམས་ནི་དེ་སྔོན་དམངས་གཙོ་བཅོས་བསྒྱུར་གྱི་སྐབས་སུ་ཆ་ཚང་གཞུང་བཞེས་བཏང་ཟིན་པས་ད་ཆ་ཤུལ་དུ་དགོན་ཁང་དང་། གསུང་རབ། ས་སྐུ་དང་རྡོ་སྐུའི་རིགས་ཙམ་ལས་ལྷག་མེད།” ཅེས་དང་། ཡང་“དགོན་པའི་འདུ་ཁང་དང་གྲྭ་ཤག་ཡོངས་རྫོགས་གཏོར་བཤིག་བྱས་ནས་ཀ་གདུང་དང་གླེགས་ཤིང་། སྒོ་དང་སྒེའུ་ཁང་སོགས་ཤིང་ལྕགས་རིགས་ཀྱི་དངོས་པོ་རྣམས་མི་དམངས་སྤྱི་ཁང་དང་། ཡུལ་ཟམ། ཕྱུགས་རའི་སྡོད་ཁང་སོགས་སུ་བགོ་འགྲེམ་བྱས་ནས་སྤྱད་པ་རེད།” ཅེས་གསུང་པ་བཞིན་རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཆོས་གཞུང་མེད་པ་བཟོ་རྒྱུའི་ལས་འགུལ་ཐབས་སྡུག་གང་འདྲ་སྤེལ་ཡོད་པ་གོང་གི་བརྗོད་ཚིག་ལས་ང་ཚོ་ལམ་ཙམ་རྟོགས་ཐུབ་པ་ཞིག་རེད། ངའི་རྨོ་མོས་རིག་གནས་གསར་བརྗེ་སྐབས་ཀྱི་གནས་སྟངས་དེ་འདྲ་ཞིག་བརྗོད་མྱོང་ཡོད། ན་གཞོན་ཚོ་ཁག་ཡོང་ནས་མཆོད་ཁང་ནས་སྐུ་འདྲ་འཁྱེར་ནས་གསང་སྤྱོད་དུ་གཡུགས་པ་དང་། ཕྱག་དཔེ་འཁྱེར་ནས་མེར་བསྲེགས་བཏང་སོང་། སྐབས་དེ་དུས་ང་ནི་སྙིང་ཁར་གྲང་ལྷང་ལྷང་གྱུར་ཡང་བྱ་ཐབས་ཅི་ཞིག་ཡོད། སྤུས་མོ་བཙུགས་ཏེ་མགོ་བོ་སྒུར་ནས་སྡོད་རྒྱུ་ལས་མ་འདས། མ་ཎི་རྡོ་ཕུང་བཤིག་ནས་མི་ཡར་མར་འགྲོ་སའི་རྡོ་ཆག་སྒྲིག་ནས་དེའི་ཐོག་ཏུ་བཙན་གྱིས་འགྲོ་བཅུག་པ། གལ་སྲིད་འགྲོ་འདོད་མེད་པས་རྣམ་པ་ཙམ་ཡང་སྟོན་ཚེ་ཀླད་རྙིང་ལ་སྒྱུར་བཅོས་གཏོང་དགོས་ཟེར་ནས་ལམ་སེང་འཐབ་འཛིང་གཏོང་གི་རེད་ཟེར། ང་རང་ལོ་ཆུང་སྐབས་སུ་དྲན་པ་ཞིག་ནི། ང་ཚོའི་ལུང་པ་ནས་ཡར་ཙམ་ཁྱིམ་ཚང་ཞིག་ཡོད་ཅིང་། ཁོ་ཚོ་གྲལ་རིམ་མངའ་བདག་རེད། ཁོ་ཚོ་ལ་བུ་ཞིག་ཡོད་ཅིང་། ཁོང་ནི་ཕོ་བཟོ་འདོད་པ་ཞིག་ཡོད་པ་དང་། ཁོང་ལ་མ་ཉེས་ཁ་གཡོག་བཙུགས་ནས་གཡས་གཡོན་ལུང་པ་ཚང་མར་ཁྲིད་ནས་འཐབ་འཛིང་བཏང་བ་རེད། སྐབས་དེ་དུས་ང་ཚོའི་ལུང་པ་ལའང་ཁྲིད་བྱུང་། མི་དམངས་ཚོགས་འདུ་ཚོགས་ནས་གྲལ་རིམ་ཞ་མོ་ཡོད་མཁན་ཚང་མ་མི་མང་ཚོགས་འདུ་ཚོགས་སར་སྤུས་མོ་བཙུགས་ནས་བཞག །དེ་ནས་མགོ་ཁྲིད་ཀྱིས་གཏམ་བཤད་ཚར་རྗེས་ཡར་ཐོན་པ་འགའ་ཤས་ཀྱིས་ངར་ངར་ཤོར་ཤོར་གྱིས་ཁོང་ལ་རྡོག་རྒྱག་གཞུས་པ་དང་། ཁུ་ཚུར་བཞུ་བ། སྐྲ་ནས་བཟུང་སྟེ་ཡར་མར་དྲུད་པ་སོགས་བྱས་ནས་ཁ་ནས་ཁྲག་དམར་ཐོན་རུང་ད་དུང་སྙིང་རྗེ་མེད་པར་འཐབ་འཛིང་བཏང་སོང་། ཁོང་ནི་སྐད་ངན་ཙམ་ཡང་ཤོར་གྱི་མི་འདུག་ལ། འཇིགས་སྣང་སྤུ་ཙམ་ཡང་བྱེད་ཀྱི་མི་འདུག་པས། རྗེས་སུ་ལུང་པའི་མི་རྣམས་ཁོང་གི་སྙིང་སྟོབས་ལ་ཧང་སངས་འདུག །དེ་ནས་རིམ་པའི་གྲལ་རིལ་གྱི་ཞ་མོ་ཡོད་མཁན་རྣམས་ལ་འཐབ་འཛིང་བཏང་སོང་བས། སྐབས་དེར་ངའི་ཨ་ཕར་གྲལ་རིམ་གྱི་ཞ་མོ་ཡོད་པ་སོང་སྤུས་མོ་བཙུགས་མགོ་བོ་སྒུར་ནས་བསྡད་ཡོད། ང་ནི་ལོ་ཆུང་ཡིན་དུས་མི་དམངས་མཉམ་དུ་སྡོད་ཆོག་གི་རེད། ཡིན་ནའང་དངངས་སྐྲག་དང་སེམས་སྐྱོ་བཞིན་མགོ་བོ་སྒུར་ནས་སྡོད་རྒྱུ་ལས་བྱ་ཐབས་གང་ཞིག་ཡོད། དེ་དག་མཐོང་དུས་ངའི་སེམས་ནང་དུ་དབུལ་ཕོངས་ཀྱི་་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་ན་ད་གཟོད་དཀའ་སྡུག་དེ་དག་མྱོང་དགོས་མ་རེད་བསམ་པ་ཐེངས་མང་དྲན་མྱོང་ཡོད། དེ་འདྲའི་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་རིགས་ལ་དཀའ་སྡུག་མྱོང་དགོས་བྱུང་རུང་། ད་དུང་འཇིགས་ཞུམ་མེད་པར་གནས་ཡོད། རྒྱ་དམར་གྱིས་གཡོ་སྒྱུ་སྣ་ཚོགས་ག་ཚད་བྱས་རུང་བོད་མི་རིགས་རང་ཚུགས་བརྟན་པོའི་ཐོག་ནས་གནས་ཡོད།

རིམ་གྱིས་བོད་ལ་ཆབ་སྲིད་ཀྱི་གུ་ཡངས་ཕྲན་བུ་བཏང་བའི་ཁུལ་གྱིས་ཆོས་དད་རང་དབང་ཡིན་ཚུལ་སོགས་བསྒྲགས་རུང་། བོད་མི་རྣམས་ཀྱིས་ཡིད་ཆེས་བྱེད་ཀྱི་མེད། བོད་ལྗོངས་ཉིན་རེ་གསར་འགྱུར་རེད། ཉིན་མ་རེར་འགྱུར་བ་གཏོང་ཡོང་གི་རེད་ཟེར་ནས་ཡིད་ཆེས་མི་བྱེད་ལ། ང་རང་ལོ་ཆུང་སྐབས་སུ་བགྲེས་སོང་འགའ་ཤས་ཀྱིས་ངག་ནས་སྲིད་གཞུང་འདི་ལ་ཡིད་ཆེས་བྱ་ས་རྩ་བ་རང་ནས་ཡོད་མ་རེད་ཅེས་མང་པོ་ཐོས་མྱོང་ཡོད་ཅིང་། ཡང་འགའ་ཤས་ཀྱིས་ང་ཚོ་ཉམས་ཚོད་ལེན་ས་ཡིན་རྒྱུ་རེད་བསམ་ནས་དོགས་པའི་འོག་བོད་མི་སུ་ཞིག་གིས་ཀྱང་ཡིད་མི་ཆེས། རིམ་གྱིས་བོད་མི་རིགས་ལ་བཀའ་དྲིན་ཆེ་བའི་པཎ་ཆེན་པོ་ཆེ་བོད་ཀྱི་ས་ཁུལ་གང་སར་ཆིབས་སྒྱུར་གནང་ཞིང་།  མང་ཚོགས་ལ་བཀའ་སློབ་ལམ་སྟོན་གནང་བས། ད་གཟོད་གཞི་ནས་བོད་མི་རྣམས་བློ་སེམས་ཕྲན་བུ་བདེ་རུ་ཕྱིན་ནས་དགོན་པ་གསར་བཞེངས་སོགས་བྱས་ཡོད། དེ་མ་གཏོགས་རྒྱ་གཞུང་ལ་བོད་མི་སུ་ཞིག་གིས་ཡིད་ཆེས་མི་བྱེད་ཅིང་། བོད་མི་ཚོའི་སེམས་ནང་རྒྱ་གཞུང་གི་སྲིད་ཇུས་ནི་ངེས་གཏན་མེད་པའི་སྲིད་གཞུང་ཞིག་ལ་ངོས་འཛིན་དང་ལྟ་སྟངས་དེ་འདྲ་ཞིག་འཛིན་གྱི་ཡོད་པ་རེད། དེ་བཞིན་རྒྱ་གཞུང་གི་ལས་བྱེད་གུང་ཁྲན་ཏང་ཡོན་བོད་རིགས་ཚོ་ཡང་རྒྱ་གཞུང་ལ་ཡིད་ཆེས་དེ་ལས་ཀྱང་མི་བྱེད། ཡིན་ནའང་ལས་དབང་གིས་རྒྱ་གཞུང་གི་ལམ་སྟོན་འོག་མ་འགྲོ་ཀ་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད།

གང་ལྟར་གནས་སྟངས་དེ་འདྲ་ཞིག་འོག་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཐུག་འཕྲད་དུ་འགྲོ་འོང་ཆོག་པའི་གོ་སྐབས་ཤིག་ཤར་བ་དང་བསྟུན། བཙན་བྱོལ་ནས་སྐུ་ཚབ་ཚོགས་ཆུང་བོད་ནང་ལྟ་སྐོར་ཕེབས་པ་དང་། སྐབས་དེ་དུས་རྒྱ་དམག་གི་འགོ་ཁྲིད་འགའ་ཤས་ཀྱིས་ཁྱོད་ཚོ་བོད་དུ་འགྲོ་དུས་གཟབ་གཟབ་བྱོས་མ་གཏོགས་བོད་མིས་རྡོ་དང་གཡུག་པ་བཞུ་ཡོང་ཞེས་བརྗོད་རབ་བཤད། བོད་མི་ཚོས་དེ་ལས་ལྡོག་སྟེ་བཙན་བྱོལ་བོད་མིའི་སྐུ་ཚབ་ཚོ་ལ་ཕེབས་བསུ་ཞུ་མཁན་མི་དམངས་བརྒྱ་ཕྲག་དུ་མ་ཞིག་འདུ་འཛོམས་གནང་ཞིང་། མིག་ཆུ་གཏོང་བཞིན་རིག་གནས་གསར་བརྗེའི་སྐབས་ཀྱི་དཀའ་སྡུག་མྱོང་རབས་ཞུས་ཡོད། རྒྱ་དམར་སྲིད་གཞུང་ཧོན་ཐོར་དགོས་པ་བཟོས་ནས་ཁོ་པ་ཚོའི་དམིགས་ཡུལ་ནང་བཞིན་བྱུང་མེད་པ་གསལ་པོ་རྟོགས་ཐུབ་པ་བྱུང་ཡོད། དེ་བཞིན་ཕ་ཡུལ་དམངས་ཁྲོད་ཀྱི་མགུར་མོ་དང་། གླུ་ཤགས། གཏམ་དཔེ་སོགས་འཁོད་གནང་འདུག་ན་དེ་དག་ནི་ཧ་ཅང་དོན་སྙིང་ལྡན་ལ། ལྷག་དོན་བོད་གངས་ལྗོངས་ནི་གླུ་གར་གྱི་རྒྱ་མཚོ་ཞེས་གྲགས་པ་ནི་དམངས་ཁྲོད་ཀྱི་གླུ་ཤགས་དེ་དག་ལས་བོད་མི་རིགས་གླུ་གར་ལ་དགའ་མོས་ག་ཚོད་ཡོད་པ་མཚོན་དོན་ཞིག་རེད་ལ། རྩ་བ་ཆེན་པོ་ཞིག་ཀྱང་རེད་སྙམ།

རིམ་གྱིས་ནང་ཆེན་ཨ་མ་ལགས་ཀྱང་རེ་བ་དང་དམིགས་ཡུལ་ཞིག་འཛིན་ནས་ལ་ལུང་བརྒལ་ནས་བཙན་བྱོལ་དུ་ཡོང་ཞིང་། འཕགས་ཡུལ་གནས་ཆེན་ཁག་སྐོར་བ་དང་། བུ་མོ་ཡང་སློབ་གྲྭ་བཏང་། དེ་བཞིན་རང་གཞུང་ལ་ཁ་ལྡང་ནས་མ་བཞུགས་པར་ཞར་དང་ཞོར་ལ་ལས་ཀ་ཙག་ཙིག་གནང་སྟེ་རང་ཁ་རང་གསོ་གནང་ཞིང་། མདོར་ན་རང་ནུས་ཡོད་ཚད་སྟོན་ནས་ལས་དོན་གནང་འདུག་པ་དང་། མི་ཡུལ་ལུང་པར་ས་ཆུ་མ་འཕྲོད་ནས་དཀའ་སྡུག་སྣ་མང་ཁག་ལ་གདོང་ལེན་གནང་དགོས་བྱུང་རུང་། གཞན་སུ་ཞིག་ལའང་ཟུར་ཟ་དང་སྐྱོན་བརྗོད་མེད་པ་དེ་འདྲའི་ནང་ཆེན་ཨ་མར་སྦྱང་བའི་སློབ་སྦྱོང་གི་གོ་སྐབས་མ་རག་རུང་། རང་བཞིན་གྱིས་སྐྱེས་སྟོབས་ཀྱི་ཤེས་བྱ་དང་། མི་རིགས་ལ་བཅངད་བའི་ལྷག་བསམ་དང་སྙིང་སྟོབས་ག་ཚོད་ཡོད་མེད་ལོ་རྒྱུས་དེ་ཉིད་ཐེངས་གཅིག་བཀླག་ཚེ་ཤེས་ངེས་སྙམ། ད་ནི་དེ་ཙམ་ཞིག་ཡིན། ནོར་འཁྲུལ་འདྲ་མཆིས་ཚེ་བཟོད་གསོལ་ཞུ་རྒྱུ་ལས་མ་འདས་སོ།།

མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་། བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་གསལ་བར་སྨོན་འདུན་ཞུའོ།། །།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༧ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese