མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་སོགས་ལ་དོ་སྣང་དགོས་པ་གལ་ཆེན་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༦ ནས་བཟུང་ཉིན་ཤས་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ཁུལ་དུ་སྲིད་གཞུང་གི་རོགས་དངུལ་དང་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་དང་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་ལ་མཇལ་མོལ་གནང་གི་ཡོད་འདུག

སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་འབྱོར་བྱུང་སྐབས་ཕེབས་བསུ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡ ནས་ ༡༧ ཙམ་བར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར།  ཕྱི་ཚེས་ ༢ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)མཆོག་གི་དབུས་ཨ་རིའི་བདེ་འཇགས་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐུ་ཞབས་རོབ་བྷར་ས་ཆིན་སི་ཀི་(Rob Berschinsk) ལགས་བཅས་ལ་མཇལ་འཕྲད་གནང་ཡོད་པ་དང་། ཕྱི་ཚེས་ ༣ ནས་ ༥ བར་སྲིད་སྐྱོང་མཆོག་ཨ་རིའི་གྲོང་ཁྱེར་ཅི་ཀ་གྷོ་ཁུལ་དུ་ཕེབས་ཏེ། ཁུལ་དེའི་ས་གནས་བོད་རིགས་མང་ཚོགས་ལ་སྲིད་སྐྱོང་མཆོག་ནས་ཐུགས་འགན་བཞེས་ཏེ་ལོ་གཅིག་དང་ཟླ་བ་བརྒྱད་སོང་རིང་སྐབས་ ༡༦ པའི་བཀའ་ཤག་གི་སྤྱི་ཡོངས་ཀྱི་དགོངས་པ་བཞེས་ཕྱོགས་དང་། ད་བར་གཞིས་ཆགས་སྲ་བརྟན་དུ་གཏོང་ཆེད་གཞིས་ཆགས་ཀྱི་དགོས་མཁོ་ཇི་ཡིན་མཁྱེན་རྟོགས་གནང་སྟངས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་བརྟན་པོ་ཇི་ལྟར་བཟོ་ཐབས་གནང་བའི་སྐོར།  གཞུང་ཞབས་ལས་བྱེད་པའི་ནུས་ཤུགས་སྔར་ལས་ཆེ་རུ་གཏོང་ཐབས།  ས་ཁང་སྒྲིག་གཞི་བསྐྱར་བཅོས་བྱས་པའི་དགོས་དམིགས།  དེ་བཞིན་བཀའ་ཤག་སྐབས་ ༡༦ པས་འདས་པའི་ལོ་ཤས་ནང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་ནས་གོ་སྐབས་ཇི་ཡོད་དམ་འཛིན་གནང་སྟངས་དང་། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་གནང་བ།  བོད་ནང་གི་གནས་སྟངས་རྒྱུས་ལོན་ཐད་ཐབས་ཤེས་དང་ཤུགས་སྣོན་གནང་གི་ཡོད་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ན་དང་འབྲེལ་དྲི་བ་རྣམས་ལ་ལན་འདེབས་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་ཨ་རིའི་ཝི་སི་ཀོན་སིན་གྱི་རི་དྭགས་དགའ་ཚལ་གླིང་དགོན་པར་བོད་རིགས་དང་བོད་དོན་གཉེར་ཅན་རྣམས་ལ་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར

ཕྱི་ཚེས་ ༤ ཉིན་ཝིས་ཀོན་སིན་རི་དྭགས་དགའ་ཚལ་གླིང་དགོན་པར་འཚམས་གཟིགས་སུ་ཕེབས་ཏེ་ཁུལ་དེའི་བོད་རིགས་གཞོན་སྐྱེས་དང་ཆེད་ལས་པ། ཕྱི་རྒྱལ་དོ་སྣང་ཅན་སོགས་ལ་བོད་སྐོར་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་མ་འོངས་བོད་ཀྱི་བདག་པོ་ཡིན་པའི་བོད་རིགས་གཞོན་སྐྱེས་དང་མཉམ་དུ་མཇལ་མོལ་གྱི་མཛད་རིམ་སྒྲིག་དགོས་དོན་གཙོ་བོ་ནི།  བོད་རིགས་གཞོན་སྐྱེས་ཚོས་ཕྱི་མི་རྣམས་ལ་བོད་ཀྱི་སྐོར་འགྲེལ་བརྗོད་བྱེད་སྐབས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པར་གཏོང་རྒྱུ་དང་།  བོད་རིགས་གཞོན་སྐྱེས་ཚོའི་བོད་སྐོར་གྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་ཡིན་པ་རེད། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དང་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་མ་ཐག་གི་འཕགས་བོད་འབྲེལ་བ།  ཨ་རི་དང་བོད་དབར་གྱི་ལོ་རྒྱུས་འབྲེལ་བ།  ༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་ཨ་རིའི་ནང་བོད་དོན་ལ་ཚད་མཐོའི་རྒྱབ་སྐྱོར་ཇི་ལྟར་བྱུང་བའི་འཕེལ་རིམ་སྐོར། ལོ་ལྟར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་བྱེད་བཞིན་པའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་གལ་ཆེ་བའི་འབོད་སྐུལ་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་ཨ་རིའི་གཟའ་མཇུག་སློབགྲྭའི་འཛིན་གྲྭ་ཁག་ལ་འཚམས་གཟིགས། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་བླངས།

ཁ་སང་ཕྱི་ཚེས་ ༥ ཉིན་ཅི་ཀ་གྷོ་ཁུལ་གྱི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་སྦྲགས་དྲི་བ་དྲིས་ལན་ཁག་ལན་འདེབས་གནང་སྐབས། བོད་ཀྱི་ས་བབ་ཆགས་ཚུལ་དང་བོད་ཀྱི་ལོ་རྒྱུས་ཤེས་པ་ཡིན་ན་མི་གཞན་ལ་བོད་ཀྱི་སྐོར་ངོ་སྤྲོད་དང་།  རྒྱ་ནག་གཞུང་གིས་བོད་ཀྱི་སྐོར་ལ་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་པ་དེར་དོན་དངོས་དང་མཐུན་པའི་ལན་འདེབས་བྱེད་ཐུབ་རྒྱུ་ཕན་ཐོགས་ཆེན་པོ་ཡོད་སྟབས། གཞོན་སྐྱེས་ཚོས་བོད་ཀྱི་སྐོར་དོ་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་གང་ཡོད་འདུག དེ་རྗེས་གཟའ་མཇུག་སློབ་གྲྭའི་འཛིན་གྲྭ་ཁག་ལ་འཚམས་གཟིགས་གནང་ཡོད་འདུག

གསར་འགྱུར་ཕྱོགས་བསྡུས་པ་བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༠ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༡ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese