མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་ནང་འདི་ལོའི་གསུམ་བཅུའི་དུས་དྲན་བར་དུ་བོད་དོན་རྐང་འཁོར་སྐྱོད་སྐྱོད་བྱེད་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༨ ནས་བཟུང་འདི་ལོའི་གསུམ་བཅུའི་དུས་དྲན་བར་དུ་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་ཐའེ་ཝན་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་སྐྱོད་མགོ་འཛུགས་བྱས་པ། འབྲེལ་མཐུད་ཁང་དེའི་་པར།

གོང་ཚེས་ཉིན་ཐའེ་ཝན་གྱི་གཉིས་གཉིས་བརྒྱད་ཞི་བདེའི་སྤྱི་གླིང་ནས་འདི་ལོའི་ལས་འགུལ་མགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ནང་ཐའེ་ཝན་དང་ཧོང་ཀོང་གི་གཞོན་སྐྱེས་རང་དབང་འཐབ་རྩོད་པ་ ༡༥ མཉམ་ཞུགས་གནང་འདུག་ལ། འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར།  ཐའེ་ཝན་ལྷོ་ཕྱོགས་ནི་དམངས་གཙོ་ཡར་ཐོན་ཚོགས་པའི་མི་མང་པོ་ཡོད་པའི་རང་དབང་དང་དམངས་གཙོའི་ཐོག་ལ་དོ་སྣང་ཤུགས་ཆེན་ཡོད་པའི་ཁུལ་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་ལ་དམིགས་བསལ་གྱིས་དོ་སྣང་ཆེ་བ་ཡོད་ས་ཞིག་ཡིན་སྐོར་བརྗོད་བྱུང་།

བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ཐའེ་ཝན་གྲོས་ཚོགས་ཁང་གི་མདུན་དུ་གསར་འགོད་ལྷན་ཚོགས་ཤིག་བསྡུས་པའི་ཐོག འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ད་ལན་གཙོ་བོ་གཅིག་ནི་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་བཅུ་བཙོན་འཇུག་ཁྲིམས་ཐག་བཅད་པར་བརྟེན། ཐའེ་ཝན་གྲོས་ཚོགས་ནང་དུ་སྒོ་ཤེས་རབ་རྒྱ་མཚོའི་གནས་སྟངས་ཐད་གྲོས་འཆར་འདོན་པ་དང་། གྲོས་ཚོགས་ངོས་ནས་རྒྱལ་སྤྱི་སྤྱི་ཚོགས་སུ་འབྲེལ་ལམ་ཡོད་པའི་ཚོགས་སྡེ་ཁག་ལ་བོད་དོན་ཐོག་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། ཐའེ་ཝན་དང་ཧོང་ཀོང་གི་གཞོན་སྐྱེས་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ནི། རྒྱ་ནག་ནང་དུ་འགྱུར་བ་འགྲོ་རྒྱུ་གལ་ཆེན་པོ་མཐོང་གི་ཡོད་པ་མ་ཟད། རྒྱ་གཞུང་གིས་གདུག་རྩུབ་མནར་གཅོད་གཏོང་ས་བོད་ནང་གཅིག་པུ་མ་ཡིན་པར། རྒྱ་ནག་སྐམ་ས་དང་ཧོང་ཀོང་སོགས་ཀྱི་ནང་དུའང་ཉེན་འཚབ་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་སྟངས་དེར། རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པའི་མི་མང་གིས་གདུང་སེམས་མཉམ་བསྐྱེད་གནང་དགོས་པ་ཧ་ཅང་གལ་ཆེན་ཡིན་ལ། རྒྱ་ནག་མི་མང་གིས་ཀྱང་རྒྱ་གཞུང་གི་ལས་དོན་བྱེད་ཕྱོགས་ནོར་འཁྲུལ་ཡིན་པ་རང་དབང་གི་ཐོག་ནས་བཤད་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་དེ་སྐོར་སྐྱོད་བྱེད་བཞིན་པ། འབྲེལ་མཐུད་ཁང་གི་པར།

བོད་རང་དབང་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འདི་ནི་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་ཕྱི་ལོ་༢༠༡༤ ལོ་ནས་བཟུང་སྤེལ་མགོ་བརྩམས་ཡོད་ཅིང་། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་བོད་མི་ཚོས་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད་པ་ངོ་སྤྲོད་དང་། བོད་དང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་མེད་པར་གདུག་རྩུབ་དང་མནར་གཅོད་གཏོང་བཞིན་ཡོད་པའི་གནས་སྟངས་རྣམས་རྒྱ་ནག་ནས་ཡོང་བའི་རྒྱ་མི་དང་། ཐའེ་ཝན་མི་མང་ནང་གོ་རྟོགས་སྤེལ་སླད་དུ་མགོ་འཛུགས་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༤ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༡ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese