མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ནི་ཀི་ཧེ་ལི་ལགས་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་བ་ཡོངས་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་པན་ཇབ་ཀྱི་མི་རྒྱུད་ཡིན་པ་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ལྕམ་སྐུ་ནི་ཀི་ཧེ་ལི་ལགས་ཕྱི་ལོ་ ༢༠༢༤ ལོའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་བ་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག

Nikki Haley. PHOTO: WADE VANDERVORT/AFP VIA GETTY

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན་རང་ལོ་ ༥༡ ཡིན་པའི་ཨ་རིའི་ལྷོ་ཁེ་རོ་ལི་ན་ (South Carolina) མངའ་སྡེའི་སྤྱི་ཁྱབ་ཟུར་པ་དང་། རྒྱ་གར་གྱི་མི་རྒྱུད་ཡིན་པ་ལྕམ་སྐུ་ནི་ཀི་ཧེ་ལི་ (Nikki Haley) ལགས་ཀྱིས་ཁོང་མོ་ཕྱི་ལོ་ ༢༠༢༤ ལོའི་སྤྱི་མཐུན་ཚོགས་པའི་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་བ་ཡོངས་བསྒྲགས་གནང་འདུག་ལ། འདས་ལོར་ཨ་རིའི་སྲིད་འཛིན་ ༤༥ པ་ཊོམ་ཕུ་ལགས་ཀྱིས་ཁོང་ཕྱི་ལོ་ ༢༠༢༤ ལོའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་བ་གསལ་བསྒྲགས་གནང་ཟིན་ཡོད་སྟབས། མ་འོངས་པར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་བར་འགྲན་རྩོད་བྱ་དགོས་པ་དང་། མཐའ་མའི་རྒྱལ་ཁ་ཐོབ་མཁན་གྱི་འོས་མི་དེ་ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ནང་གི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྲིད་དོན་ཚོགས་པ་ཁག་གི་སྲིད་འཛིན་འོས་མི་དང་ལྷན་དུ་རྩོད་ལེན་གནང་དགོས་ཀྱི་ཡོད་པ་རེད།

ལྕམ་སྐུ་ནི་ཀི་ཧེ་ལི་ལགས་ཀྱིས་བརྙན་ལམ་བརྒྱུད་དེའི་སྐོར་གཏམ་བཤད་ཐུང་ཐུང་ཅིག་གནང་བའི་ནང་། ཁོང་མོ་རྒྱ་གར་ནས་གནས་སྤོ་བྱས་པའི་ཁྱིམ་ཚང་ཞིག་གི་བྱིས་པ་ཡིན་ལ། ད་ལྟ་ནི་མི་རབས་གསར་པས་སྣེ་འཁྲིད་དེ་འགན་འཁུར་ལེན་པའི་དུས་ཚོད་ཅིག་ཡིན་ལ། རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོབ་དང་། སོ་སོའི་རྒྱལ་ཁབ་ལ་ཞེན་ཁོག དེ་བཞིན་རྒྱལ་ཁབ་ཀྱི་ནུས་སྟོབས་གོང་སྤེལ་དང་སྲ་བརྟན་དུ་གཏོང་རྒྱུའི་ཐད་ལ་བསམ་བློ་གསར་པ་དགོས་སྐོར་སོགས་བརྗོད་འདུག

ཡང་ཁོང་མོས། ང་རང་རྒྱ་གར་ནས་གནས་སྤོ་བྱས་པའི་བུ་མོ་སྤོབས་པ་དང་ལྡན་པ་ཞིག་ཡིན། ང་རང་མི་རིགས་ནག་པོ་མིན་ལ་མི་རིགས་དཀར་པོའང་མིན། ང་གཞན་དང་མི་འདྲ་བ་ཞིག་ཡིན། འོན་ཀྱང་ངའི་ཨ་མ་ལགས་ཀྱིས་ཉིན་ལྟར་ངའི་ལས་འགན་ནི་ཁྱད་པར་དང་དབྱེ་བ་ལ་མི་ལྟ་བར་མཚུངས་པའི་ཆ་ལ་ལྟ་དགོས་སྐོར་དང་། ང་དང་ངའི་སྤུན་མཆེད་རྣམས་ཨ་རིའི་ནང་གནས་སྡོད་བྱེད་ཐུབ་པ་ནི་བསོད་ནམས་ཆེན་པོ་རེད་ཅེས་རྗོད་ཀྱི་འདུག་ལ།  མི་ཁག་ཅིག་གིས་འདས་པའི་ལོ་རྒྱུས་ལ་བལྟས་ནས་ཨ་རིའི་གཞི་རྩའི་ལམ་ལུགས་སྡུག་ཅག་ཡིན་པ་དང་། རང་དབང་སྤྲོད་རྒྱུའི་ཁས་ལེན་བྱས་པ་ལས། དོན་དངོས་སུ་མི་རིགས་དབྱེ་འབྱེད་དང་མི་རིགས་རིང་ལུགས་ཤུགས་ཆེན་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ལྕམ་ནི་ཀི་ཧེ་ལི་ལགས་ཀྱི་ཕ་མ་གཉིས་རྒྱ་གར་པན་ཇབ་མངའ་སྡེ་ནས་ཡིན་ཞིང་། དང་པོ་ཁེ་ན་ཌར་ཕྱིན་པ་དང་། དེ་ནས་ཕྱི་ལོ་ ༡༩༦༠ ལོར་ཨ་རིའི་ནང་གནས་སྤོ་བྱས་ཡོད་འདུག ཕྱི་ལོ་ ༢༠༡༡ ཟླ་ ༡ པོའི་ནང་ཁོང་མོ་ལྷོ་ཁེ་རོ་ལི་ན་མངའ་སྡེའི་སྤྱི་ཁྱབ་ཏུ་འདེམས་ཐོན་བྱུང་ཡོད་པ་དང་། ཁོང་མོ་ནི་མངའ་སྡེ་དེའི་སྤྱི་ཁྱབ་བུད་མེད་ཐོག་མ་དེ་ཆགས་པ་མ་ཟད། མངའ་སྡེ་དེའི་སྤྱི་ཁྱབ་ཐེངས་གཉིས་གནང་། ཨ་རིའི་སྲིད་གཞུང་སྐབས་སྔོན་མ་སྟེ་ཊོམ་ཕུའི་སྐབས་སུ་ལྕམ་ནི་ཀི་ཧེ་ལི་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༡ ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ཏུ་བསྐོ་བཞག་བྱུང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese