མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་བཙུགས་ནས་ལོ་ངོ་ ༡༠ འཁོར་བའི་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་༡༢ པའི་ཡིག་ཚད་ནང་བོད་ཡིག་བརྒྱ་ཆ་༩༥ ལོན་མཁན་སློབ་མ་ ༣༦ ཙམ་ལ་ཧིན་སྒོར་ ༥༠༠༠ རེ་དང་ལག་འཁྱེར། མི་ལོ་ ༢༥ རིང་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན་ ༥༠ ལ་བཀའ་དྲིན་རྗེས་དྲན་ཆེད་ལེགས་གསོལ་ཕྱག་འཁྱེར་བཅས་ཕུལ་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་བཙུགས་ནས་ལོ་ངོ་ ༡༠ འཁོར་བ། བོད་ཀྱི་དུས་བབ་ཀྱི་པར། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༦ ཉིན།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་བཙུགས་ནས་མི་ལོ་ཧྲིལ་བོ་ ༡༠ འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་སོང་། ཐེངས་འདིའི་མཛད་སྒོའི་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་རྒན་ན་ག་སངས་རྒྱས་བསྟན་དར་ལགས། བོད་ཁྱིམ་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས། སྨོན་ལམ་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལེགས་བཤད་ཉི་མ་ལགས་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ལྷན་འཛོམས་གནང་འདུག མཛད་སྒོའི་ཐོག་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་དེང་རབས་དང་མཐུན་པའི་བོད་ཀྱི་སྐད་ཡིག་དར་སྤེལ་དང་ཡུན་གནས་ལ་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པའི་ཆེ་བསྟོད་གཟེངས་རྟགས་དང་། རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་༡༢ པའི་ཡིག་ཚད་ནང་བོད་ཡིག་བརྒྱ་ཆ་༩༥ ལོན་མཁན་སློབ་མ་ ༣༦ ཙམ་ལ་ཧིན་སྒོར་ ༥༠༠༠ རེ་དང་ལག་འཁྱེར། མི་ལོ་ ༢༥ རིང་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན་ ༥༠ ལ་བཀའ་དྲིན་རྗེས་དྲན་ཆེད་ལེགས་གསོལ་ཕྱག་འཁྱེར་བཅས་ཕུལ་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་སྐབས་བཞི་བའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་ཚོགས་པའི་སྐོར་ལ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཐོག་མའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་རྒྱ་གར་གྲོས་ཚོགས་ནང་དུ་ཁྲིམས་མཐུན་གྱི་ངོས་འཛིན་ཡོང་བའི་ཆེད་དུ་གླེང་སློང་བྱུང་ཡང་། རྗེས་སུ་རྐྱེན་མང་པོ་ཞིག་གིས་རྒྱ་གར་གྲོས་ཚོགས་ནང་དུ་གླེང་སློང་དེ་ཞི་འཇམ་དུ་གྱུར་བ་རེད། བོད་ཀྱི་སྐད་ཡིག་འདི་དམངས་གཙོའི་རྒྱལ་ཁབ་ཞིག་གི་ནང་དུ་ཁྲིམས་མཐུན་གྱི་ཐོག་ནས་སྲུང་སྐྱོབ་དང་རྒྱབ་སྐྱོར་ཐོབ་པར་གལ་ཆེན་ཡིན་པར་མཐོང་ནས་ལས་འགུལ་སྤེལ་བ་ཡིན་ཡང་། ང་ཚོ་སྐྱབས་བཅོལ་གནས་བབས་ཀྱི་ཐོག་ནས་རྒྱ་གར་གྱི་ཁྲིམས་ལ་ལག་པ་འཆིང་བའི་གནས་སྟངས་མེད་པ་ཞིག་རེད། སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་བོད་སྐད་ཡིག་ནང་སྐད་ཡིག་གཞན་གྱི་ཤུགས་རྐྱེན་ཐེབས་ནས་བཙན་བྱོལ་སྤྱི་ཚོགས་དཀའ་ལས་ཁག་པོ་ཆགས་ཡོད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད་པས། བོད་པའི་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་ལ་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེན་དུ་མཐོང་ནས་ཚོགས་པའི་ངོ་བོ་ནས་ལས་འགུལ་སྤེལ་མགོ་བཙུགས་པ་ཞིག་ཡིན། ད་ལྟའི་ཆར་རྒྱ་གཞུང་གིས་བོད་པའི་སྐད་ཡིག་གཏོར་བཤིག་གཏོང་བའི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། བོད་མི་ཡོད་དོ་ཅོག་ལ་རྣམ་དཔྱོད་དང་རིག་པ་ག་རེ་ཡོད་ན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པར་གྲ་སྒྲིག་ཨང་གསར་དགོས་པ་མ་ཟད། འཛམ་གླིང་ཡུལ་གྲུ་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་ཆོས་ཚོགས་མང་པོ་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་སྤྱི་སྐད་བོད་ཀྱི་སྐད་ཡིག་ཏུ་གཏན་འབེབ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་བོད་ཀྱི་སྐད་ཡིག་འཁོར་བསྐྱོད་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་འབད་བརྩོན་བྱེད་གལ་ཆེ་སྐོར་གསུངས་སོང་།

སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས།  ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གང་ལ་གང་འཚམ་གྱི་ཉར་ཚགས་བྱས་ཡོད་ཅིང་། དེང་དུས་ཀྱི་སྤྱི་ཚོགས་ཟང་ཟིང་གི་དབང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉིན་རེ་བཞིན་ཉམས་ཆག་འགྲོ་བཞིན་ཡོད་པས། བོད་ཀྱི་མཐོ་སློབ་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མ་མཉམ་རུབ་ཀྱི་ཐོག་ཏུ་སྲུང་སྐྱོབ་བྱེད་དགོས་པ་ལས། མི་རེ་ཟུང་གིས་སྒྲུབ་ཐུབ་པ་ཞིག་མིན་པས་ཚང་མ་མཉམ་འབྲེལ་བྱེད་དགོས་སྐོར་གསུངས་སོང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། བཙན་བྱོལ་གྱི་མི་རབས་རྒན་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སྤུས་དག་པོ་བྱས་ཡོད་རེད། ད་ནི་ང་ཚོའི་མི་རབས་ཀྱི་ཕྲག་ཏུ་འགན་ཞིག་ཡོད་པ་ནི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་སྐད་ཡིག་སྲུང་སྐྱོབ་རེད།  དེང་རབས་འཕྲུལ་རིག་གིས་ཉིན་དང་ཟླ་བ་རེའི་སྤྱི་ཚོགས་ཡོངས་སུ་འགྱུར་བ་ཐེབས་ཀྱི་ཡོད། ཏོག་དབྱིབས་གཉན་རིམས་སྐབས་སུ་མི་མང་ཡར་མར་འགྲིམ་འགྲུལ་བྱེད་མི་ཆོག་པའི་དབང་གིས་བརྡ་འཕྲིན་དང་འཕྲུལ་རིག་གིས་སྤྱི་ཚོགས་སུ་ཧང་སངས་པའི་འགྱུར་བ་ཐེབས་སུ་བཅུག་ཡོད་པ་མངོན་གསལ་དོད་པོ་རེད།  ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོས་མ་འོངས་པ་མིའི་ཀླད་པ་ལས་གློག་གི་ཀླད་པ་བདེ་སྤྱོད་མང་ཤོས་སུ་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་བཞིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པར་བོད་མི་ཚང་མ་མཉམ་རུབ་མ་བྱས་ཚེ་ཉེན་འཚབ་ཀྱི་གནས་སྟངས་སུ་འགྱུར་བཞིན་ཡོད་ན། ང་ཚོས་ཀྱང་དེང་རབས་དང་མཐུན་པའི་ལག་རྩལ་ཐོག་ནས་སྲུང་སྐྱོབ་དགོས་པ་དང་། འཛམ་གླིང་གི་ཁ་ཕྱོགས་གང་དུ་འགྲོ་བཞིན་ཡོད་ན་ང་ཚོའི་སྐད་ཡིག་གི་ཁོར་ཡུག་ཞིག་བསྐྲུན་དགོས་པ་དེར་མི་ཟུང་གིས་འུར་བརྒྱབ་པ་ཙམ་གྱིས་ཡོང་གི་མི་འདུག་ཅེས་གསུངས་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནི་ཕྱི་ལོ་ ༢༠༡༢ ལོ་མཇུག་ཏུ་སྐད་འཕྲིན་དྲ་རྒྱ་ལས་གསར་འཛུགས་བྱས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཚོགས་པ་ཞིག་ཡིན་ཅིང་། འདས་པའི་མི་ལོ་ཧྲིལ་བོ་ ༡༠ བརྒྱུད་རིམ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་རྒྱུན་མ་ཆད་པར་སྤེལ་ཡོད་པ་བཞིན། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་སྐད་བཤད་སྐབས་གཞན་སྐད་མཉམ་བསྲེས་བྱས་ནས་སྦྲགས་སྐད་བཤད་པ་སྐྱོན་དུ་ལྟ་བའི་སྤྱི་ཚོགས་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་མཐོང་མུས་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese