མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་ལོ་གཅིག་རིང་གི་མི་སྒེར་ལ་སྩལ་བའི་བཀའ་སློབ་དང་དམིགས་བསལ་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༢༣/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་གནད་ཡོད་མི་སྣར་བསྩལ་བའི་འཚམས་འདྲིའི་གསུང་འཕྲིན།

ཕྱི་ལོ་ ༢༠༢༢  ཟླ་ ༤ ཚེས་ ༢༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ལྷོ་ཤར་ཨེ་ཤ་ཡའི་གླིང་ཕྲན་རྒྱལ་ཁབ་ཨི་སི་ཊི་མོར་ (East Timor) གྱི་སྲིད་འཛིན་དུ་གསར་དུ་བདམས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཇོ་སི་མེ་ཉུལ་རཱ་མོ་སི་ཧོར་ཊ་ (José Manuel Ramos-Horta) ལགས་དང་། ཕྱི་ཟླ་ ༥ ཚེས་ ༢༢ ཉིན་ཨོ་གླིང་གི་སྲིད་བློན་ཨེན་ཐོ་ནི་ཨལ་བྷེ་ནི་སི་(Anthony Albanese) ལགས། ཕྱི་ཟླ་ ༧ ཚེས་ ༡ ཉིན་ཧྥི་ལི་པིན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་མར་ཁོ་སི་(Ferdinand Marcos Jr) ལགས།  ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱ་གར་གདོད་མའི་རིགས་རྒྱུད་རྒྱ་གར་གྱི་སྲིད་འཛིན་ལྕམ་ཤྲི་མ་ཏི་(Shrimati Droupadi Murmu)ལགས།  ཕྱི་ཟླ་༨  ཚེས་ ༦ ཉིན་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ཇག་དྷིབ་ཌན་ཀར་( Jagdeep Dhankhar )ལགས། ཕྱི་ཟླ་ ༩ ཚེས་ ༦ ཉིན་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ལྕམ་ལེ་ཛི་ཊི་རོ་སི་ (Liz Truss) ལགས། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིའི་ཚན་རིག་པ་ཨ་ལིན་ཨེ་སི་ཕེ་ཁི་ཌི་(Alain Aspect)ལགས་དང་། ཨ་རིའི་ཚན་རིག་པ་རྗོན་ཁི་ལཱ་ཟིར་(John F. Clauser)ལགས།  ཨོ་སི་ཊི་རི་ཡའི་ཚན་རིག་པ་ཨེན་ཊོན་ཛེ་ལིན་གྷིར་(Anton Zeilinger)ལགས་བཅས་དང་། ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་ཨི་ཊ་ལིའི་སྲིད་བློན་གསར་པ་ལྕམ་ཇོར་ཇི་ཡ་མེ་ལོ་ནི་ལགས། ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་དབྱིན་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་རཱི་ཤེ་སོ་ནཱག་ལགས། ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་མཱ་ལེ་ཤི་ཡའི་སྲིད་བློན་གསར་པ་ཨན་ཝར་ཨིབ་ར་ཧིམ་(Anwar Ibrahim)ལགས། ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུག་ཝིན་ཌར་སིང་སུ་ཀུའུ་(Sukhvinder Singh Sukhu ) ལགས། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡ ཉིན་བྷར་ཛིལ་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ལུ་ལ་དྷ་སིལ་ཝ་ (Lula da Silva) ལགས། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བ་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་ (Kevin McCarthy) ལགས་དང་། གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ཧ་ཁེམ་ཇའེ་ཧྥར་སི་ (Hakeem Jeffries) ལགས། ཕྱི་ཟླ་ ༡ ཚེས་ ༢༥ ཉིན་ཛེ་ལན་ཌིའི་སྲིད་བློན་ཟུར་པ་ལྕམ་ཇཱེ་སིན་ཌ་ཨར་དི་རེན་ (Jacinda Ardern) ལགས་དང་རྒྱལ་ཁབ་དེའི་སྲིད་བློན་གསར་པ་སྐུ་ཞབས་ཁི་རི་སི་ཧིབ་ཁིན་ (Chris Hipkins) ལགས་རྣམ་གཉིས་བཅས་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་ཡོད།

འཛམ་གླིང་གི་གནད་ཡོད་མི་སྣར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཕྱི་ལོ་ ༢༠༢༢ ཟླ་  ༣ ཚེས་ ༢༥ ཉིན་ཨ་རིའི་བུད་མེད་ཕྱི་སྲིད་དྲུང་ཆེ་ཐོག་མ་ལྕམ་སྐུ་མེ་ཌེ་ལིན་ཨལ་བྷི་རའེ་ཊི་ (Madeleine Albright) ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་དང་། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ཨ་སམ་ནང་ཆར་ཤུགས་དྲག་པོས་རྐྱེན་བྱས་ཏེ་དཀའ་ངལ་འཕྲད་བཞིན་པའི་ཨ་སམ་མི་མང་།  ཕྱི་ཟླ་ ༧ ཚེས་ ༢༦  ཉིན་འདས་གྲོངས་སུ་ཕྱིན་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཁྲེམ་སྦེལ་ (lord David Trimble ) ལགས་དང་། ཕྱི་ཟླ་ ༩ ཚེས་ ༡ ཉིན་འདས་གྲོངས་ཕྱིན་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཨུ་རུ་སུའི་སྲིད་ཟུར་སྐུ་ཞབས་མེ་ཁེལ་གྷོར་བྷ་ཆོབ་ལགས། ཕྱི་ཟླ་ ༩ ཚེས་ ༨ ཉིན་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་ (Queen Elizabeth II) ལགས། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢ ཉིན་ཡེ་ཤུའི་ཆོས་དཔོན་ཟུར་བ་བྷེ་ནེ་ཌིག་ཊི་ལགས་བཅས་དང་ཕྱི་ཟླ་ ༢ ཚེས་ ༧ ཉིན་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཏུར་ཀི་དང་སི་རི་ཡའི་ནང་ས་ཡོམ་ཚད་རིམ་ ༧།༨ ཅན་ཞིག་བརྒྱབ་སྟེ་གནོད་འཚེ་ཕོག་པ་རྣམས་དང་། ཕྱི་ལོ་ ༢༠༢༢  ཟླ་ ༨ ཚེས ༢༠ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ས་རུད་དང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་གྲངས་ ༢༢  འདས་གྲོངས་སུ་ཕྱིན་པ་རྣམས་དང་། ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་གར་མངའ་སྡེ་གྷོ་ཇཱོ་རེ་ཊིའི་གྲོང་ཁྱེར་མཱོར་བྷེའི་(Morbi)ནང་ཐག་ཟམ་ཆད་པའི་དོན་རྐྱེན་ཁྲོད་འདས་གྲོངས་ཕྱིན་པ་རྣམས་བཅས་ལ་ཐུགས་གསོ་མཛད།

ལྡི་ལིའི་སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་ལྔ་སྟོང་བརྒལ་བར་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྡི་ལི་གུ་རུ་གྷ་རམ་ (Gurugram) སཱལ་ཝན་མི་མང་སློབ་གྲྭ་ (Salwan Public School) རུ་དགེ་སློབ་སྟོང་ཕྲག་མང་པོར་བཀའ་སློབ་བསྩལ། ༢༠༢༢།༡༢།༢༡

ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གུ་རུ་གྷ་རམ་ (Gurugram) ཁུལ་དུ་རྟེན་གཞི་བྱས་པའི་སཱལ་ཝན་མི་མང་སློབ་གྲྭ་ (Salwan Public School) རུ་ལྡི་ལི་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ ༦༡ གི་སློབ་ཕྲུག་སྟོང་ཕྲག་མང་པོར་ཆོས་ལུགས་ལ་མ་རྟེན་པའི་བཟང་སྤྱོད་ (Secular Ethics) ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དགུན་ཁ་འཆར་ཅན་རྡོ་རྗེ་གདན་ལ་འགྲོ་ཡི་ཡོད་དུས། དེའི་ཞོར་དུ་ལྡི་ལིར་བརྟག་དཔྱད་བྱ་རྒྱུ་བྱས་ནས་ལྡི་ལིར་འགྲོ་མི་དགོས་པ་བྱས་ཡིན། ང་འདིར་ལྷོད་ལྷོད་བྱས་ནས་སྡོད་ཀྱི་ཡིན། གཟུགས་པོའི་གནས་སྟངས་བདེ་པོ་ཞེ་དྲག་ཡིན། མོ་དང་བརྟག་དཔྱད་བྱས་པ་ཡིན། འདི་ག་དྷ་རམ་ས་ལར་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན་ན་དེ་ཡག་པོ་འདུག གནས་སྐབས་ལྡི་ལི་རུ་འགྲོ་བའི་འཆར་གཞི་དེ་མི་དགོས་པ་བྱས། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་རོགས། ང་སྐུ་འབུམ་ནས་ཡོང་བའི་བླ་མ་འདིར་བདེ་ཐང་ངང་བསྡད་ཡོད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་རོགས། ཞེས་གསུངས།

གོ་ལའི་ཉིན་མོར་མཁར་གདོང་ལའི་འཁྱག་རྡོག་ཅིག་སྤྱན་འབུལ་ཞུས།

མཁར་གདོང་ལའི་འཁྱག་རྡོག་ཅིག་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས། ༢༠༢༢།༠༤།༢༢

ཕྱི་ཟླ་ ༤ ཚེས་ ༢༢ ཉིན་གོ་ལའི་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གྱི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་བ་དང་སློབ་གསོ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་སྣེ་འཁྲིད་པའི་ཚོགས་ཆུང་ཞིག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་ཞུས་ཏེ།  ལ་དྭགས་ཀྱི་རི་བོ་མཐོ་ཤོས་མཁར་གདོང་ལ་ནས་ཁྱེར་ཡོང་བའི་འཁྱག་རྡོག་ཅིག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས། སྐབས་དེར་༧གོང་ས་མཆོག་ནས་དེང་དུས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཐོག་ཐུགས་འཚབ་གནང་བ་དང་འབྲེལ། འཇིག་རྟེན་འདིའི་ནང་ང་ཚོ་ཚང་མར་སོ་སོའི་སྤྱི་ཚོགས་ལ་འགན་ཡོད་པ་དང་། ས་གནས་དང་ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པའི་ཐོག་ནས་མ་འོངས་པའི་མདུན་ལམ་གྱི་ཐོག་ལ་ཚང་མས་མཉམ་རུབ་ཀྱིས་དཀའ་ལས་བརྒྱག་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་མཛད།

 ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པས་མཇལ་བཅར་ཞུས།

༧གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛེ་ཡ་ (Uzra Zeya) མཆོག་གིས་གཙོས་ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་བསྩལ། ༢༠༢༢།༠༥།༡༩

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༩ ཉིན་གྱི་སྔ་དྲོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛེ་ཡ་ (Uzra Zeya) མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་ཆུ་ཚོད་ ༡ དང་ཕྱེད་ཀ་ལྷག་གི་རིང་བོད་དོན་སོགས་ཀྱི་སྐོར་ནས་བཀའ་མོལ་གནང་བ་དང་། དེ་ནས་གངས་ཅན་སྐྱིད་གཤོངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་སོགས་སུ་གཟིགས་སྐོར་གནང་། གཞན་ཡང་། ཕྱི་ཟླ་ ༡༢ ཚེས་ ༥ ཉིན་སྔ་དྲོར་བཞུགས་སྒར་ཕོ་བྲང་དུ། ཨ་རིའི་ཨོ་ཧའོ་མངའ་སྡེའི་ (Ohio) སིན་སིན་ན་ཊི་(Cincinnati) གྲོང་ཁྱེར་སྤྱི་ཁྱབ་པ་ཨབ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་དང་། ཀེན་ཊོར་ཀེ་མངའ་སྡེའི་གྲོང་ཁྱེར་ལོའུ་སི་ཝེལ་ (Louisville) གྱི་སྤྱི་ཁྱབ་པ་གྷི་རིག་ཧྥེ་ཤིར་(Greg Fischer)ལགས་སོགས་ཨ་རིའི་གྲོང་ཁྱེར་ཁག་བདུན་གྱི་སྤྱི་ཁྱབ་པ་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༧སྐུའི་གཅེས་པོའི་ཡང་སྲིད་མཆོག་ལ་མཇལ་ཁ་བསྩལ།

༧གོང་ས་མཆོག་གིས་སྟག་འཚེར་སྐུ་ཕྲེང་དྲུག་པའི་ཡང་སྲིད་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་ལ་གཟིམ་ཆུང་མཇལ་ཁ་བསྩལ། ༢༠༢༢།༡༡།༢༣

ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲང་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༸སྐུའི་གཅེན་པོ་སྟག་འཚེར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་དང་ཁོང་གི་སྐུ་མཆེད་ཁ་ཤས། དེ་བཞིན་སྟག་འཚེར་རིན་པོ་ཆེ་སྐུ་གོང་མའི་སློབ་ཕྲུག་ཁག་གཅིག་དང་། ཐའེ་ཝན་ནས་ཕེབས་པའི་སྦྱིན་བདག་ཁག་གཅིག་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། སྟག་འཚེར་རིན་པོ་ཆེ་ང་ཚོ་སྐུ་འབུམ་དགོན་པའི་བླ་མ་གལ་ཆེ་བ་ཞིག་རེད། འདི་གྲྭ་ས་ལ་བསྡད་ནས་འབྲས་སྤུངས་སུ་དཔེ་ཆར་བལྟས་ནས་བསྡད་ཡོད། མ་འོངས་པར་སྐུ་འབུམ་དགོན་པ་གཙོ་བོར་གྱུར་པའི་མདོ་སྨད་ཀྱི་ས་ཆ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱེད་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། དཔེ་ཆ་ཡག་པོ་བལྟ་དགོས་པ་རེད། ཅེས་བཀའ་བསྩལ།

རྒྱལ་སྤྱིའི་རང་བཞིན་གྱི་དྲ་ལམ་ཚོགས་འདུའི་ཚོགས་མགོན་དུ་ཕེབས།

ནང་བསྟན་སྡེ་བའི་ཚོགས་མགོན་དུ། ༢༠༢༢།༠༥།༡༦

ཕྱི་ཟླ་ ༥ ཚེས་ ༡༦ ཉིན་གནས་བརྟན་སྡེ་བའི་ལུགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཚིགས་གསུམ་ལྡན་གྱི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་དང་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གི་རྒྱབ་སྐྱོར་འོག་རྒྱལ་སྤྱིའི་རང་བཞིན་གྱི་དྲ་ལམ་ཚོགས་འདུ་ཞིག་འཚོགས་པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་འཛམ་གླིང་གི་ནང་པའི་བླ་ཆེན་མང་པོ་ཞིག་ཕེབས་ཏེ་བཀའ་སློབ་གནང་ཡོད་པ་དང་། ཚོགས་ཐོག་ཏུ་༧མགོན་པོ་གང་ཉིད་མཆོག་གིས། སངས་རྒྱས་ཀྱི་ཆོས་ལ་ཇི་ཙམ་དཔྱད་པ་བྱས་ན་དེ་ཚོད་ཀྱིས་སེམས་ལ་ངེས་པ་རྙེད་རྒྱུ་ཡོད་པས།  སྟོན་པའི་གསུང་གི་འཕྲིན་ལས་ལ་དོ་སྣང་དང་སློབ་སྦྱོང་ཡག་པོ་བྱས་ཏེ་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་བྱས་ཚེ། ཕྱི་ནང་གཉིས་ལ་ཞི་བདེ་ཡོང་གི་ཡོད་པ་ཚང་མས་དགོངས་པར་འཇགས་རོགས་གནང་། ཞེས་གསུངས།

དགོང་གྲངས་ ༨༧ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ་རོལ།

ཐེག་ཆེན་གཙུག་ལག་ཁང་དུ་༧སྐུའི་འཁྲུངས་སྐར་སྲུང་གཙི། ༢༠༢༢།༠༧།༦

ཕྱི་ཟླ་ ༧ ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགོང་གྲངས་ ༨༧ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་དགའ་སྟོན་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐ་གོར་( Jai Ram Thakur) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཨ་རིའི་བོད་དོན་རྒྱབ་སྐྱོར་བ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆའ་ཌི་གྷེ་རི་( Richard Gere) ལགས་ཕེབས་ཡོད་པ་རེད། འཁྲུངས་སྐར་གྱི་མཛད་སྒོའི་སྟེང་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད།  ངོས་ནས་ཉིན་ལྟར་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་དེ་སྲིད་གནས་གྱུར་བ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཟེར་ནས་སྨོན་ལམ་རྒྱག་གི་ཡོད། ཚེ་རབས་ནས་ཚེ་རབས་ཏུ་གཞན་དོན་བསྒྲུབ་ས་ཞིག་ལ་སྐྱེ་རྒྱུའི་སེམས་ཀྱི་དམ་བཅའ་བརྟན་པོ་ཡོད། ཅེས་བཀའ་སློབ་བསྩལ།

 ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་གནང་།

ཏཱ་ལའི་བླ་མ་དཔེ་དང་ཡིག་ཚགས་ཁང་དབུ་འབྱེད་མཛད། ༢༠༢༢།༠༧།༦

ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་བཞུགས་སྒར་དྷ་སའི་ལྷ་རྒྱལ་རིར་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་གནང་ཡོད་པ་དང་། ༧གོང་ས་མཆོག་གིས། ངོས་རང་ཟི་ལིང་གི་ས་ཁུག་ལུང་ཁུག་ཞིག་ནས་སྐྱེས་རྗེས་ལྷ་སར་བསླེབས་ནས་སློབ་གཉེར་བྱས། དེ་ནས་བཙན་བྱོལ་དུ་འབྱོར་ནས་མི་མང་པོར་ཐུག་པའི་གྲུབ་འབྲས་སུ་ང་ཚོ་བོད་ཀྱི་རིག་གཞུང་དང་། སེམས་ཁམས་རིག་པ། སེམས་ཀྱི་ཞི་བདེ་ག་འདྲ་བསྒྲུབ་དགོས་ཀྱི་ཡོད་མེད། དེའི་ཐོག་ནས་འཛམ་གླིང་ནང་ཞི་བདེ་ག་འདྲ་བསྐྲུན་དགོས་ཀྱི་ཡོད་མེད་དེ་དག་ང་ཚོས་གཞན་དང་མི་འདྲ་བའི་འགྲེལ་བཤད་བརྒྱབ་ཐུབ་པ་ཞིག་བྱུང་ཡོད།  ཅེས་བཀའ་སློབ་བསྩལ།

རླབས་ཆེན་གྱི་མཛད་པར་ཆེ་བསྟོད་དུ་ཕུལ་བའི་གཟེངས་རྟགས་འགའ།

ཕྱི་ཟླ་ ༩  ཕྱི་ཚེས་ ༢ ཉིན་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་མཱར་སི་ཞིབ་འཇུག་ཁང་གིས་ལོ་འཁོར་གཟེངས་རྟགས་(Alice and Clifford Spendlove Prize ) ཐེངས་ ༡༥ པ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྤྱི་ཚོགས་དྲང་བདེན་དང་། འབྲེལ་ལམ། བཟོད་སྒོམ་བཅས་ཀྱི་ཐོག་རླབས་ཆེ་བའི་མཛད་འཕྲིན་བསྐྱངས་པའི་ཆེ་བསྟོད་ཆེད་དྲ་ལམ་བརྒྱུད་ནས་ཕུལ། ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་ནལ་སན་མན་ཌ་ལ་མཆོག་རྣམ་གཉིས་ཀྱི་མཚན་ཐོག་ཏུ་བཙུགས་པའི་རྒྱ་གར་གྱི་ཐེབས་རྩ་ཁང་ཞིག་གིས། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇི་ཌ་རཱ་ཨར་ལེག་ལགས་བརྒྱུད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༢༠༡༩ ལོའི་གྷན་དྷི་མན་ཌ་ལའི་གཟེངས་རྟགས་ཐོག་མ་དེ་འབུལ་བཞེས་མཛད། ཕྱི་ཟླ་ ༡༢ ཚེས་ ༩ ཉིན་དྷ་རམ་ས་ལའི་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་བསྡུས་པའི་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཚོགས་འདུའི་ཐོག ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་བརྩེ་གོང་སྤེལ་གྱི་མཛད་འཕྲིན་རླབས་པོ་ཆེར་ཆེ་བསྟོད་ཀྱི་གཟེངས་རྟགས་ཕྱག་འཁྱེར་ཞིག་འབུལ་ལམ་ཞུས། ཕྱི་ཟླ་ ༨ ཚེས་ ༥ ཉིན་ལ་དྭགས་སན་དྷོ་གྷ་(Sindhu Ghat)རུ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ། ཕྱི་ལོ་ ༢༠༢༢ ལོའི་ལ་དྭགས་དཔལ་རྔམ་གྱི་གཟེངས་རྟགས་དེ་ཁྲེག་སེ་རིན་པོ་ཆེ་ནས་༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་ལམ་ཞུས། ལྷོ་ཨ་ཕི་རི་ཀར་རྟེན་གཞི་བྱས་པའི་འཛམ་གླིང་ཞི་བདེ་ཐེབས་རྩ་ཚོགས་པས་ (Sivananda World Peace Foundation) ཕྱི་ལོ་ ༢༠༢༢ ལོའི་ Sivananda ཞི་བདེའི་གཟེངས་རྟགས་དེ་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་དུ་༧གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད།

གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་བསྒྲིགས་བྱས།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese