མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་ ༦ སྤྱི་མོས་གཏན་འབེབ་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ ༦ སྤྱི་མོས་གཏན་འབེབ་གནང་།

དེ་རིང་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་གཉིས་པའི་ཉིན་རྒྱབ་ཏུ།   བོད་གནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་  ༦ སྤྱི་མོས་གཏན་འབེབས་གནང་སོང་བ་དང་། ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ལུགས་ཀྱི་ཉེས་མིང་གཡོགས་ཏེ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྩོམ་པ་པོ་དང་སྐད་སྒྱུར་བ་ཟངས་དཀར་འཇམ་དབྱངས་ལགས་སུ་གཞུང་འབྲེལ་གྱི་ཐོག་ནས་གདུང་སེམས་མཉམ་སྐྱེད་བྱ་དགོས་པའི་གླེང་སློང་བཅས་གནང་སོང་།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐད་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་ལོ་གཅིག་དང་ཕྱེད་ཀའི་ནང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མི་ཡོད་ས་ཕལ་ཆེ་བར་འབྱོར་སོང་། བརྒྱུད་རིམ་དེའི་ནང་དུ་གཞིས་ཆགས་ཁག་ ༢༠ ཙམ་དང་། སློབ་གྲྭ་ཁག་ ༡༡ ནང་དུ་འགྲོ་རྒྱུ་བྱུང་ཡོད་པ་མ་ཟད་གནད་དོན་མང་པོའི་ཐོག་དོ་སྣང་ཡང་མང་པོ་བྱུང་། འབྱུང་འགྱུར་གྱི་ལོ་ལྔ་དང་བཅུའི་ནང་དུ། བོད་མིའི་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས། བཙན་བྱོལ་བོད་མིའི་གནས་བབ་ཀྱི་ཐོག་མདུན་བསྐྱོད་ཀྱི་གྲ་སྒྲིག་བྱེད་དགོས་པའི་དུས་ལ་བབ་འདུག དེ་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སློབ་གྲྭ དགོན་པ། གཞིས་ཆགས་ཁག བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ལྷན་འཛོམས་ཀྱིས་བོད་ཀྱི་ཐོག་མཐའ་བར་གསུམ་ལ་རྒྱང་བཤེར་ཡག་པོ་ཞིག་བྱེད་ཐུབ་ཚེ། མ་འོངས་བོད་ཀྱི་རྒྱུད་འཛིན་གྱི་ཁ་ཕྱོགས་གསར་བ་རྙེད་ཐུབ་སྐོར་དང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་ལས་ཡུན་ཐེངས་གསུམ་པའི་མགོ་ཚུགས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་གྱི་དུས་ཡུན་ཡུན་རིང་གནས་པའི་ཆེད་དུ། བོད་དང་། ནང་སོག ཤིན་ཅང་། ཡུ་གུར་བཅས་ཀྱི་མི་རིགས་ཀྱི་ངོ་བོ། རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་འཆར་གཞི་ལྡན་པའི་ཐོག་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་བློ་འཚབ་དང་ངོ་རྒོལ་ཡོད། དེ་བཞིན་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་གཙང་བཟོའི་སྲིད་ཇུས་ལམ་ལྷོང་བྱུང་མེད་པ་མ་ཟད། རྒྱ་ནག་མི་མང་གིས་ངོ་རྒོལ་བྱས་ཡོད་པ་དང་།  དེང་སང་རྒྱ་ནག་ནང་ཁུལ་གྱི་གནས་སྟངས་ག་འདྲ་ཆགས་ཡོད་པ་མིག་མཐོང་ལག་ཟིན་རེད་ལ། བོད་ནང་དུའང་རྒྱ་གཞུང་གིས་ཉེན་ཚབས་ཆེ་བའི་དྲག་སྤྱོད་སྤེལ་བཞིན་ཡོད་པ་གསར་བ་མིན་ཡང་། ཉེ་ཆར་རྒྱ་གཞུང་གིས་ཧམ་པས་རྒྱལ་སྤྱིའི་སྟེང་དུའང་ལག་པ་བརྐྱང་གི་ཡོད་པ་སོགས་ཀྱི་ཐད་ལ་གླེང་སློང་བྱ་དགོས་གལ་ཆེ་སྐོར་གསུངས་སོང་།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་བྱེད་པའི་སྐབས་སུ། བཙན་བྱོལ་ནང་གི་གནད་དོན་ཁ་ཤས་ལ་བལྟས་པ་ཙམ་གྱིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་བཞིན་པ་ཞིག་མཐོང་གི་འདུག རྒྱ་ནག་གཞུང་ཚབ་ཁང་གི་གོ་སྒྲིག་བྱེད་བཞིན་པའི་དུས་སྟོན་ཐོག་ཏུ་བཙན་བྱོལ་བོད་མི་ཁག་ཅིག་མངོན་སུམ་འཛེམས་མེད་ཐོག་འཛུལ་ཞུགས་བྱས་ཡོད་པ་མ་ཟད། འཛེམས་ཟོན་མེད་པར་དྲ་ལམ་དུ་བཀྲམས་པ་དང་དེའི་ཐོག་མཆན་འདེབས་མཁན་དག་གིས་དབུ་མའི་ལམ་གྱི་ཐོག་ནས་དེ་ལྟར་བྱས་ན་འགྲིག་གི་ཡོད་པའི་རྣམ་པ་བསྟན་འདུག་པ་དེ་ཡིད་སྐྱོ་བ་དགོས་པ་ཞིག་ཡིན་སྐོར་དང་།  སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། བོད་ནང་གི་ཛ་དྲག་གནས་སྟངས་དཀའ་ལས་ཁག་པོ་ཆགས་ཡོད་པ་ཚང་མས་ཤེས་ཀྱི་ཡོད་པས། བཙན་བྱོལ་ནང་གི་བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་འགན་འཁུར་དགོས་ཀྱི་འདུག དེང་སང་སྤྱི་ཚོགས་སྟེང་དུ་དེའི་འགན་འཁུར་མཁན་མི་ཁ་ཤས་ལ་མ་གཏོགས་ཇུས་གཏོགས་མེད་པའི་སྲོལ་ཞིག་ཏུ་ཆགས་ཡོད་པས། བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་སྟངས་ངོ་མ་དེ་བོད་ཀྱི་སྐད་དང་ཡི་གེའི་སྤྱོད་སྒོ་ཇེ་མང་དུ་གཏང་རྒྱུ་དང་། ད་ལྟའི་སློབ་གྲྭ་ཁག་ནང་བོད་ཕྲུག་རྣམས་ཀྱི་བོད་སྐད་ཡིག་མུ་མཐུད་དུ་འཐུས་ཤོར་དུ་ཕྱིན་ཚེ། བོད་མི་རིགས་ཀྱི་སྐད་ཡིག་ནམ་ཡང་ཡར་རྒྱས་གཏོང་ཐུབ་ཀྱི་མེད་པས། བཅན་བྱོལ་དུ་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་ཡིག་སྦྱང་བརྩོན་བྱ་རྒྱུ་ནི་བོད་མི་དག་གི་སྐད་ཡིག་སྲུང་སྐྱོང་བྱེད་སྟངས་ཆེས་ཡག་ཤོས་ཤིག་ཡིན་སྐོར་སོགས་གསུངས་སོང་།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་ཡིག་ཁས་ལེན་བྱས་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཁྲིམས་ཡིག་གང་འཚམ་གཏན་འབེབས་བྱས་ཡོད་ཀྱང་། ཡིག་ཐོག་ཏུ་འཁོད་པའི་ཁྲིམས་ཡིག་རྩིས་མེད་དུ་བཏང་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་གྱིས་རྒྱ་ནག་གཅིག་ཅན་དུ་བསྒྱུར་བཞིན་ཡོད། རྒྱལ་སྤྱིའི་ཐོག་ནས་གདོད་མའི་མི་རིགས་ཀྱི་ཐོབ་ཐང་ལ་མཐོང་ཆུང་ཁྱད་གསོད་བྱས་ཡོད་པར་དགོངས་སེལ་ཞུས་ཡོད་པའི་གནད་དོན་ཤེས་བཞིན་དུ།  བོད་པའི་སློབ་ཕྲུག་རྣམས་རྒྱ་གཞུང་གི་མི་སེར་སྤེལ་བའི་སྲིད་ཇུས་ཀྱི་གཏན་འཇགས་སློབ་གྲྭར་བཙན་གྱིས་གཏོང་མུས་ཡིན་པ་དང་། འཕྲུལ་རིག་གི་ལྟ་རྟོག་འོག་ཏུ་བོད་མིའི་འགྲོ་འདུག་དམ་དྲག་བྱེད་བཞིན་ཡོད་པ་དང་། ཚན་རིག་ལྟ་ཞིབ་ཀྱིས་བོད་མི་རིགས་ཀྱི་རིགས་རྫས་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་རིགས་རྫས་ལ་ཚོད་འཛིན་བྱེད་པའི་ཉེན་ཁ་ཆགས་འདུག་ཞེས་དང་།  བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་ནས་རྒྱལ་སྤྱིའི་ཐོག་ཏུ་བསྐྱོད་པར་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། ཡུ་རོབ་རྒྱལ་ཁབ་ཁག་གི་གལ་ཆེན་རང་བཞིན་ཤེས་པའི་ཐོག་འབྲེལ་འདྲིས་བྱེད་མུས་ཡིན་པ་དང་། ད་ལྟའི་རྒྱ་ནག་གི་རྒྱ་ནག་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་མེད་པར་བཟོས་པ་དང་། རྒྱ་ནག་གི་ཚོང་ལས་ཐོན་ཁུངས་མང་དུ་སོང་བ་དང་ཚོང་འགྲིམ་བྱེད་ཡུལ་ཇེ་ཉུང་དུ་སོང་བ། ཨ་རྒྱ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་པའི་དབང་གིས། རྒྱ་ནག་གི་ཚོང་རྭ་ཡུ་རོབ་ནང་དུ་འཁོར་རྒྱུག་བྱེད་པར་འབད་པ་བྱེད་ཀྱི་ཡོད་པ། དེ་བཞིན་རྒྱ་ནག་གིས་ཨུ་རུ་སུ་ལ་འབྲེལ་བ་བྱེད་བཞིན་ཡོད་པ་དེས་ཡུ་རོབ་ལ་ཚོང་འབྲེལ་བྱེད་པར་རྒྱལ་སྤྱིའི་ཐོག་ནས་ཡིད་ཆེས་རྙེད་ཐུབ་ཀྱི་མེད་སྐོར་སོགས་གསུངས་སོང་།

གསར་འགོད་པ། དཔལ་ལྡན། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦
སྲིད་སྐྱོང་མཆོག་ནས་ཀོ་ལིམ་བྷི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བཞིན་པ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༡༠།༠༣
Mobile App

སྲིད་སྐྱོང་མཆོག་གིས་བོད་ནང་གི་ཆོས་ལུགས་དད་མོས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་།

༢༠༢༣/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese