མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་སྐུ་པེ་ལོ་སི་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱིས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་གཞུང་འབྲེལ་གྱི་ཐོག་ནས་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་འཚོག་འཆར་ཡོད་འདུག

US Speaker of the House Nancy Pelosi visiting His Holiness the Dalai Lama in Dharamsala, HP, India on March 21, 2008. (Photo by Tenzin Choejor/OHHD

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་བཞི་པའི་ཚོགས་ཐུན་དང་པོའི་སྟེང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་སྐུ་ནེན་སི་པེ་ལོ་སི་ ( Nancy Pelosi) མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུ་བའི་གྲོས་ཆོད་དོན་ཚན་གསུམ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་སོང་བ་དང་། སྐབས་དེར་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ལྕམ་སྐུ་པེ་ལོ་སི་མཆོག་ནི་རྒྱུན་དུ་བོད་དོན་ཐོག་ལ་དུས་ཡུན་རིང་པོར་རྒྱབ་སྐྱོར་གནང་མཁན་གྱི་ཆེ་མཐོ་མི་སྣ་གཙོ་གྲས་ཤིག་ཡིན་ལ། དེ་སྔ་བོད་ནང་དུ་ཕེབས་ནས་བོད་ནང་གི་བོད་མི་རྣམས་ཀྱི་དངོས་ཡོད་ཀྱི་གནས་སྟངས་ལ་གཟིགས་ཞིབ་ནན་མོ་གནང་ཡོད་པ་མ་ཟད།  ཕྱི་ལོ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་ལངས་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་མང་དག་དམར་གསོད་གཏོང་སྐབས་ཀྱང་། རྒྱ་གར་དུ་ཕེབས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་འཕྲད་གནང་ནས། གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད། ཁོང་ཉིད་ཨ་རིའི་གྲོས་ཚོགས་ཀྱི་ཆེ་མཐོའི་མི་སྣ་ཞིག་རེད་དེ། སྐུ་སྒེར་གྱི་ཁེ་ཕན་སོགས་ལ་ཅི་ཡང་མི་དམིགས་པར་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་རྒྱབ་སྐྱོར་དང་རོགས་འདེགས་ཚད་མཐོ་བོ་གནང་ཡོད་པ་མ་ཟད། འདས་ལོར་ཨ་རིར་འཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ཕེབས་ནས་བཀའ་སློབ་ཟབ་རྒྱས་གནང་ཡོད་པས། ད་ལན་གྱི་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དེ་ཁོང་མོར་འོས་འཚམས་ཡིན་སྐོར་སོགས་གསུངས་སོང་།

ཡང་སྤྱི་འཐུས་ཁག་ཅིག་གིས། ཕྱི་ལོ་ ༡༩༨༧ ལོར་ལྕམ་སྐུ་པེ་ལོ་སི་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་ཊོམ་ལན་ཊོས་(Tom Lantos) སུ་མཇལ་ཁ་ཐོག་མར་ཞུས་པ་ནས་བཟུང་། འདས་པའི་མི་ལོ་སོ་ལྔ་ལྷག་གི་རིང་མངོན་ལྐོག་རྒྱབ་མདུན་མེད་པར་ཨ་རིའི་གྲོས་ཚོགས་དང་གསར་ལམ་ཁག་སོགས་གོ་སྐབས་རག་ཚོད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་མཛད་རྗེས་སོགས་ལ་བསྔགས་བརྗོད་དང་ཡི་རངས་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དུ་མནར་གཅོད་གཏོང་མུས་ཡིན་པའི་སྡུག་རྩུབ་ཅན་གྱི་སྲིད་ཇུས་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་ནས། བོད་དང་བོད་མིའི་བདེན་པའི་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པའི་ཁར།  ཨ་རིའི་བོད་དོན་ཐད་ལ་བཟུང་བའི་སྲིད་ཇུས་མང་པོ་ཞིག་ཏུ་ཁོང་གིས་རྒྱབ་སྐྱོར་དང་གླེང་སློང་ཤུགས་ཆེན་གནང་ཡོད་པ་མ་ཟད། ད་ལྟ་ཨ་རིའི་གྲོས་ཚོགས་སུ་ལག་བསྟར་བྱེད་མུས་ཡིན་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སོགས་ཀྱི་ཐད་ལ་སྐུ་ངལ་ཚད་མེད་སྐྱོན་ཡོད་སྐོར་དང་། ཁོང་མོ་ནི་ཨ་རིའི་མང་གཙོའི་ལམ་ལུགས་ལ་སྲུང་སྐྱོབ་དང་། བུད་མེད་ཀྱི་ཐོབ་ཐང་། བུད་མེད་ཀྱི་རྩུབ་སྤྱོད་རིགས་ལ་འགོག་སྡོམ་གནང་མཁན་ཞིག་ཡིན་པའི་ཁར། བོད་དང་། ཐའེ་ཝན། ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཐུགས་ཁུར་དང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་ཉིད་ཆེད་དུ་བཞུགས་སྒར་དྷ་སར་གདན་དྲངས་ནས། གཞུང་འབྲེལ་གྱི་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཟབ་རྒྱས་ཤིག་འཚོག་ཐུབ་ན་དགེ་མཚན་ཆེ་སྐོར་སོགས་གསུངས་སོང་།

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས།  ཕྱི་ལོ་ ༢༠༠༨ ལོར་ལྕམ་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས་སུ། བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་ཁྲིམས་སྒྲིག་ལ་ངོ་རྒོལ་སོགས་ཀྱི་སླད། དབུས་བོད་མིའི་སྒྲིག་འཛུགས་སུ་ཆེད་ཕེབས་གནང་བ་སོགས་འདས་པའི་མི་ལོ་མང་པོ་ཞིག་གི་རིང་བོད་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་དང་། དེ་བཞིན་རྒྱ་གར་གཙོས་བོད་མིར་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་དང་རོགས་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ཀྱི་གནད་དོན་དེ་ཨ་རིའི་ཕྱི་འབྲེལ་ལས་དོན་ལ་ངོས་འཛིན་བྱས་ནས། ཨ་རིའི་ཕྱི་ལོ་ ༢༠༠༢ ལོར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་བྱས་ཏེ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་པ་སོགས་བོད་མིར་རྒྱབ་སྐྱོར་ཚད་མཐོ་བ་གནང་ཡོད་པས། ད་ལན་གྱི་གོ་སྐབས་འདི་བརྒྱུད་ནས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཡི་རངས་ཡོད་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས།  ཕྱི་ལོ་  ༡༩༨༧ ལོར་ལྕམ་སྐུ་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ནང་གསར་པ་ཕེབས་ཚར་ཙམ་ཡིན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྗེས་འཇུག་པ་ལྟ་བུ་ཞིག་ཏུ་གྱུར་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་དང་། ལམ་སྟོན་སོགས་ལ་དཔེ་བླངས་ནས་ཁོང་མོའི་ཆབ་སྲིད་ཀྱི་ལས་དོན་ལའང་ཁེ་ཕན་བླ་མེད་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༨༧ ལོར་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་གསལ་བསྒྲགས་བསྐྱངས་པ་ནས། ཨ་རིའི་གྲོས་ཚོགས་སོགས་སུ་བོད་དོན་ཐད་དམིགས་བསལ་གོ་རྟོགས་དང་དོ་སྣང་གསར་པ་ཞིག་བསླེབས་ཐུབ་པར་བྱུང་ཡོད་ཅིང་། ཨ་རིའི་གནད་ཡོད་མི་སྣ་དེ་དག་གི་རྒྱབ་སྐྱོར་སོགས་ཀྱི་འོག་ནས་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཇོ་ཇི་བྷུ་ཤི་མཆོག་དང་མཇལ་འཕྲད། དེ་བཞིན་བོད་མི་ ༡༠༠༠ ལྷག་ཨ་རིར་གནས་སྤོར་བྱེད་ཐུབ་པ་བྱུང་།  དེ་བཞིན་ཨ་རིའི་བོད་དོན་ཐད་ཀྱི་ཁྲིམས་འཆར་དང་རོགས་འདེགས་སོགས་དང་། ༧གོང་ས་མཆོག་ལ་ཕུལ་བའི་ཨ་རིའི་གསེར་གྱི་གཟེངས་རྟགས་སོགས་སུའང་ལྕམ་སྐུ་མཆོག་གིས་ཆ་ཤས་ཆེན་པོ་བླངས་ཡོད་པ་མ་ཟད། ཁོང་ཉིད་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འགན་ཁུར་བ་ནས་བཟུང་བོད་དོན་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་བས། བཀའ་ཤག་གིས་ཁོང་གིས་བོད་མི་ཚུད་པའི་མི་མང་རྣམས་ལ་རྒྱབ་སྐྱོར་ཚད་ལྡན་གནང་བ་ལ་ཡི་རངས་དང་བསྔགས་བརྗོད་ཀྱི་སླད། བཞུགས་སྒར་དུ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་འཚོག་རྒྱུར་ཡིག་ངག་གཉིས་ཀྱི་ཐོག་ནས་བརྡ་ལན་ཕུལ་ཡོད་སྐོར་སོགས་གསུངས་སོང་།

ལྕམ་སྐུ་པེ་ལོ་སི་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཁྲོད། ལྕམ་སྐུ་ནེན་སི་པི་ལོ་སི་(Nancy Pelosi) མཆོག་ཨ་རིའི་ལོ་རྒྱུས་སུ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མཁན་བུད་མེད་ཐོག་མ་དང་ད་བར་བུད་མེད་ཀྱི་ཚོགས་གཙོ་གནང་མཁན་ཁོང་ལས་བྱུང་མྱོང་མེད། མང་གཙོ་དང་། རྩ་ཁྲིམས་སྲུང་སྐྱོབ། བྱིས་པའི་ཐོབ་ཐང་། གནམ་གཤིས་དང་ཁོར་ཡུག སྨྲ་བརྗོད་རང་དབང་གི་གླེང་སྟེགས་མེད་པ་བཅས་ཀྱི་མགྲིན་ཚབ་པ་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་སྙན་གྲགས་ཅན་ཞིག་ཡིན་པ་མ་ཟད། ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། བོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་རླབས་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་རྒྱུ། དེ་བཞིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་ནང་གདུག་རྩུབ་ཆེ་བའི་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པའི་སྐབས་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་བོད་རྒྱ་ཞི་མོལ་ལམ་ནས་དངོས་ཡོད་དཀའ་ངལ་རྣམས་སེལ་ཏེ་བོད་ནང་ཆོས་དད་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་རྒྱ་གཞུང་ལ་སྐྱོན་བརྗོད་དང་། དམ་དྲག་ཤུགས་ཆེ་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པའི་གཞེན་བསྐུལ་ཡང་ཡང་གནང་བ་དང་། དེ་བཞིན་ཁོང་གིས་འགན་འཁུར་ཆེ་བཞེས་ཀྱིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ནས་རྒྱབ་སྐྱོར་གྱིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ཁག་ནི་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རེ་བ་དང་སྤོབས་པ་སྦྱིན་པར་མཛད་པའི་ཧ་ཅང་རིན་ཐང་ལྡན་པའི་བྱས་རྗེས་བཞག་ཡོད། ཅེས་དང་།  ལྕམ་སྐུ་མཆོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་སྔ་ཕྱི་བར་གསུམ་དུ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་སྦྲགས། སླད་མར་ལྕམ་སྐུ་མཆོག་སྐུ་ཁམས་གསལ་ཞིང་སྐུ་ཚེ་རིང་བ། རླབས་ཆེན་གྱི་ཐུགས་འདུན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཡིད་ཆེས་དང་བཅས་ཐུགས་རྗེ་ཆེ་ཞུའི་སྤྱི་མོས་གྲོས་ཆོད་དུ། ཞེས་འཁོད་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese