མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ནང་ལ་སྔར་ལས་བཙན་གནོན་དམ་དྲག་བྱས་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༣/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས། དེ་བཞིན་མཚན་མཐུན་ཕོ་ལོག་མོ་ལོག་རྣམས་ལའང་བཙན་གནོན་དམ་དྲག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

Amnesty International report 2022-2023

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་འཛམ་གླིང་རྒྱལ་ཁབ་ ༡༥༦ ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། བུད་མེད་དང་། བྱིས་པ། བཙོན་པ་སོགས་ཀྱི་ཐོབ་ཐང་སོགས་ཀྱི་ཐད་ལ་ཞིབ་འཇུག་གནང་སྟེ་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་རྣམས་ལ་ཚད་ལས་འདས་པའི་དྲག་གནོན་དང་། ལྷག་པར་དུ་འདས་ལོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གི་སྲིད་ཇུས་འོག་ནས་མི་མང་གིས་སྡུག་བསྔལ་ཚད་མེད་མྱངས་ཡོད་སྐོར་སོགས་གསལ་འདུག་པ་མ་ཟད། རྒྱལ་སྤྱིའི་ཚོགས་པ་དང་སྒྲིག་འཛུགས་ཁག་གི་མགོ་འཁྲིད་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ལ་སྲུང་སྐྱོབ་གནང་དགོས་པའི་རེ་སྐུལ་ཞུས་འདུག

དེ་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་དབྱེ་འབྱེད་བྱས་ཏེ། བོད་མི་རྣམས་ལ་ཚད་ལས་འདས་པའི་དྲག་གནོན་བྱས་ཏེ། བོད་མིའི་སྨྲ་བརྗོད་དང་འགྲོ་འདུག་གི་རང་དབང་ལ་ཚོད་འཛིན་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ལངས་ཕྱོགས་དང་ལྟ་བ་སོགས་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་པ་ཐེར་འདོན་དང་སྦྲགས། འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གི་དཀར་མཛེས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། རྒྱལ་ཁབ་ཁ་བྲལ་གལ་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་ལུགས་ཀྱི་ཉེས་མིང་འོག རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། སྲས་རྣམ། གངས་བུ་གཡུ་བྷྲུཾ། གངས་ཚེ་རིང་སྒྲོལ་མ། བསམ་སྒྲུབ། པདྨ་རིན་ཆེན་བཅས་ལ་ལོ་དྲུག་ནས་བཅུ་བཞི་བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཁོང་རྣམས་ཀྱིས་འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཡིད་མ་རང་བའི་རྣམ་འགྱུར་བསྟན་ནས་རྩོམ་ཡིག་སོགས་བྲིས་རྐྱེན་འཛིན་བཟུང་བཀག་ཉར་བྱས་ཏེ། གཅར་རྡུང་ཚད་མེད་བཏང་ཡོད་པས་གཟུགས་གཞིའི་གནས་སྟངས་ཀྱང་ཛ་དྲག་ཏུ་གྱུར་ནས་སྨན་ཁང་དུ་བསྟེན་གཏུགས་བྱ་དགོས་བྱུང་བའི་སྐོར་དང་། རྒྱ་ནག་གཞུང་གིས་རྔ་བ་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་ཕྱི་རྒྱལ་གྱི་ཁྱིམ་མིིར་འབྲེལ་བ་བྱས་པའི་ཉེས་མིང་འོག  ཁྲིམས་རྩོད་པ་སོགས་གང་ཡང་མེད་པར་ཁོང་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་བཅས་གསལ་འདུག 

ཡང་སྙན་ཐོའི་ནང་།  རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་དང་བཀག་སྡོམ་ལན་མང་བྱེད་ཀྱི་ཡོད་པའི་ཁར། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་གྲྭ་བཙུན་དང་། ཡུ་གུར་གྱི་ཨི་མཱམ(Imams)རྒྱ་ནག་གི་རྩ་རླུང་སྒོ་སྒྲུབ་པ་སོགས་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་གཙོས་ཆོས་ལུགས་པ་མང་པོ་ཞིག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད།  ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་མི་སྒེར་མང་པོ་ཞིག་ལ་བཙན་གཡེམ་དང་འཛིན་བཟུང་བྱས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་ནས་ཏོག་དབྱིབས་གཉན་རིམས་འགོས་པའི་མི་རྣམས་བཙན་གྱིས་འཇུ་བཟུང་བྱས་ནས་ཟུར་བཀག་ཁང་དག་ཏུ་བསྐྱལ་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་འགོས་པའི་ཆེས་ཛ་དྲག་གི་ས་ཚིགས་ཁག་ཏུ་སྨན་བཅོས་ལྟ་སྐྱོང་དང་ཟས་རིགས་ཀྱི་མཐུན་རྐྱེན་ལེགས་པོ་མེད་པའི་ཁར། ཕ་མ་དང་བུ་ཕྲུག་ཀྱང་ཟུར་བཀག་ནང་དུ་ལོགས་སུ་བཞག་སྟེ།  མི་མང་གི་ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད་སྐོར་སོགས་འཁོད་འདུག 

དེ་བཞིན་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ཀྱི་འོག་ནས་རྒྱལ་ཁབ་མང་པོ་ཞིག་ཏུ་གཞུང་ལམ་གསར་རྒྱག་གི་ལས་གཞི་སྤེལ་ནས་འཛམ་གླིང་སྤྱི་ཡོངས་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་མོ་གཏོང་མུས་ཡིན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བཏང་ཡོད་སྐོར་དང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་དང་དམངས་གཙོ་དོན་གཉེར་བ་སོགས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཀྱི་ཡོད་སྐོར་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་བུད་མེད་གཙོས་བུད་མེད་མང་དག་ཅིག་ལ་བཙན་གཡེམ་དང་། བཙན་གྱིས་མངལ་ཤོར་དུ་འཇུག་གི་ཡོད་པ་མ་ཟད། མཚན་མཐུན་ཕོ་ལོག་མོ་ལོག(LGBTI)རྣམས་ལ་དམ་དྲག་དང་དྲག་གནོན་ཤུགས་ཆེན་བྱས་ཏེ། མཚན་མཐུན་ཕོ་ལོག་མོ་ལོག་བཅུ་གཉིས་ཀྱི་སྤྱི་ཚོགས་དྲ་གནས་ཀྱི་ཁ་བྱང་(account)དང་། དེ་བཞིན་གློག་བརྙན་དང་དྲ་རྒྱ་སོགས་ཀྱང་མེད་པར་བཟོས་ཡོད་སྐོར་སོགས་འཁོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Chow Hang Tung, a human rights lawyer, was arrested earlier this year and charged with promoting unauthorised assembly
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དྲུག་འཛིན་བཟུང་བྱས།

༢༠༢༤/༠༥/༢༩
ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡིས་པ་ཡུལ་ཚོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

གྲྭ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བྱས་འདུག (ནོར་བཅོས)

༢༠༢༣/༡༡/༠༧
བོད་ནང་གི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས། པར་འབྲེལ་ཡོད་ཀྱིས་འདི་གར་མཁོ་སྤྲོད་གནང་།་
Mobile App

རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ལ་ལོ་བཞིའི་ཁྲིམས་ཐག་བཅད།

༢༠༢༣/༠༣/༡༤
ཁྱིམ་ཐོ། དྲ་ལམ་གྱི་པར།
Mobile App

བོད་དུ་ཕྱིར་ལོག་བྱེད་མཁན་ཚོར་ཁྱིམ་ཐོ་མ་སྤྲད་པར་དཀའ་ངལ་འཕྲད་ཀྱི་འདུག

༢༠༢༣/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese