མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་ཅིག་ཕེབས་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེ་ཞེ་དྲགས་ཡག་པོ་ཡོད་ལ་ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་ནས་བསྟན་པའི་བྱ་བ་མཛད་ཐུབ་པར་ངོས་ལ་ལས་འགན་ཡོད་སྐོར་སོགས་གསུངས་སོང་།

བཟོད་པ་རིན་པོ་ཆེ་མཆོག་གི་དགེ་ཕྲུག་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར།

ཉེ་ཆར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེའི་སློབ་མ་ཁག་ཅིག་ལ་ཡང་སྲིད་དང་འབྲེལ་བའི་བཀའ་སློབ་སྩལ་སྐབས། བླ་མ་བཟོད་པ་རིན་པོ་ཆེ་ནི་བློས་འཁེལ་བའི་ཆོས་གྲོགས་ཡིན། དངོས་གནས་དྲང་གནས་ཧུར་ཐག་འབད་ཐག་བྱས་སོང་། ངོས་ཀྱི་བློས་ཐུབ་ཆོས་གྲོགས་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས། ངོས་རང་དགུང་ལོ་ ༨༠ ལྷག་ཟིན་ཡོད་ཀྱང་། ད་དུང་དགུང་ལོ་བཅུ་བཅོ་ལྔ་ལྷག་སྐུ་འཚོ་བཞུགས་ཐུབ་པའི་སྟེང་དུ། བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་ཅིག་མུ་མཐུད་དུ་ཕེབས་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། རེ་བའང་ཡོད། ངོས་ཀྱི་མཚན་མ་ཡོང་སྟངས་ལ་བལྟས་པ་ཡིན་ན། དགུང་ལོ་བརྒྱ་ལྷག་བཞུགས་པ་དེ་འདྲ་ཡོང་གི་འདུག དེ་དུས་བླ་མ་བཟོད་པའི་ཡང་སྲིད་ཆེན་པོ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག བླ་མ་བཟོད་པ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་པའི་དུས་ལ་བབ་ཡོད་མེད་མོ་བརྒྱག་རྒྱུ་ཡིན་ལ། ས་གནས་རྒྱ་གར་དང་། བལ་ཡུལ། བོད། དེ་མིན་ཕྱི་རྒྱལ་གྱི་ཡུལ་ལུང་དུ་ཕེབས་ཡོད་མེད་སོགས་ཞིབ་ཚགས་ཀྱིས་མོ་བརྒྱག་རྒྱུ་ཡིན། བླ་མ་བཟོད་པ་ཞེ་དྲགས་ཡག་པོ་ཡིན། ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་ནས་བསྟན་པའི་བྱ་བ་མཛད་ཐུབ་པར་ངོས་ལ་ལས་འགན་ཡོད་ལ།  བླ་མ་བཟོད་པའི་ཡང་སྲིད་འཚུབ་པོ་ཞིག་བྱུང་ན་ངོས་ཀྱིས་འདི་གར་ཉར་རྒྱུ་ཡིན།  ཞེས་གསུངས།

 ཡང་ཁོང་གིས། བླ་མ་བཟོད་པ་རིན་པོ་ཆེ་བཞུགས་པའི་སྐབས་སུ་བསྟན་པའི་བྱ་བ་བསྒྲུབས་པ་དང་། དགེ་འདུན་གྱི་སྡེ་སྐྱོང་བར་སེམས་འཁུར་ཞེ་དྲགས་བྱེད་ཀྱི་ཡོད་པ་རེད། ང་ཚོའི་ངོས་ནས་བླ་མ་འཚོ་བཞུགས་བྱེད་པའི་སྐབས་སུ་ནང་བཞིན་རིན་པོ་ཆེའི་དགོངས་པ་བསྒྲུབ་རྒྱུ་གལ་ཆེན་པོ་རེད། ངོས་ཀྱང་བླ་མ་རིན་པོ་ཆེ་སྐུ་འཚོ་བཞུགས་བྱེད་པ་ནང་བཞིན་མཐུན་རྐྱེན་དང་རྒྱབ་སྐྱོར་ཅི་དགོས་བྱེད་ཀྱི་ཡིན། ངོས་ཀྱིས་ཁྱེད་ཚོ་བཀའ་གཏང་རྒྱུ་གང་ཡང་མེད། ཁྱེད་ཚོས་དངོས་ཡོད་གནས་ཚུལ་ལ་ཉམས་ཞིབ་ཡག་པོ་བྱས་ནས། ཕན་ཚུན་མཐུན་སྒྲིལ་གྱི་ཐོག་ནས་ལས་དོན་བྱེད་ཕྱོགས་ཡག་པོ་བྱུང་བ་ཡིན་ན། ངོས་ཀྱིས་ཀྱང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ངོས་རང་དམངས་གཙོ་ལ་དགའ་བོ་ཡོད། ༧རྒྱལ་བ་རིན་པོ་ཆེའི་དབང་ཆ་འཛིན་པ་དེ་བཞག་པ་རེད། མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཀྱི་འགན་འཁུར་རྒྱུ་དེ་རེད། ཁྱེད་ཚོས་དངོས་ཡོད་གནས་ཚུལ་ལ་རྒྱུས་མངའ་དང་ཉམས་མྱོང་ཡོད་པས། དེའི་ཐོག་ནས་ཁྱོད་ཚོས་བསམ་ཚུལ་གོ་བསྡུར་ཡག་པོ་བྱས་ནས།  དེ་ནས་ངོས་རང་ལ་བཤད་དང་ཁྱེད་ཚོ་རྒྱབ་སྐྱོར་བྱ་རྒྱུ་ཡིན། བླ་མ་བཟོད་པ་རིན་པོ་ཆེས་ཡང་སྲིད་ལ་བརྟག་དཔྱད་བྱས་ནས་ངོས་འཛིན་བྱས་ཏེ་ཆེན་པོ་ཆགས་སོང་བ་ཡིན་ན། སློབ་སྦྱོང་སྤྲད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ལོ་རྒན་པ་ཆགས་དུས་བླ་མ་བཟོད་པ་རིན་པོ་ཆེ་ཡང་སྲིད་མཚོན་པའི་གཞོན་སྐྱེས་རྣམས་ཀྱིས་རིམ་བཞིན་འགན་འཁུར་མཁན་ཞིག་ཆགས་དགོས་པ་རེད། ཞེས་གསུངས་སོང་།

 དེ་བཞིན་ཁ་སང་ཕྱི་ཚེས་ ༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧མགོན་པོ་མཆོག་གིས་དད་ལྡན་མང་ཚོགས་ཁག་ཅིག་ལ་བཀའ་སློབ་སྩལ་སྐབས། རྒྱལ་བ་རིན་པོ་ཆེས་མགོ་ཁྲིད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ངོས་ཀྱིས་བཟུང་བསྡད་ཡོད། བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་ཀྱི་སེམས་ཤུགས་ཀྱང་ངོས་བཟུང་བསྡད་ཡོད་པས། ངོས་རང་ལོ་བརྒྱ་ལྷག་ཅིག་བསྡད་རྒྱུ་ཡིན། ཤེས་སོང་ངམ། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌།། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།། ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། བློ་བདེ་པོ་དང་སེམས་སྐྱིད་པོ་བྱས་ཏེ་སྡོད། ང་ཚོ་བོད་གངས་ཅན་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཡིན་པས། སྤྱི་ཡོངས་ཀྱིས་བཤད་ན་བོད་པའི་ཕྲུ་གུ་ཆུང་ཆུང་ཚོས་ཀྱང་འབུ་མ་གསོད་ཟེར་བའི་གོམས་གཤིས་ཤིག་ཡོད་པ་རེད། ཕྱི་རྒྱལ་གྱི་ཕྲུ་གུ་ཚོས་འབུ་གསད་རྒྱུ་དེ་སྣང་མེད་རེད། བོད་པ་ཚོ་ཆུང་ཆུང་སྐབས་ནས་འབུ་མ་གསོད་ཅེས་བཤད་ཀྱི་རེད། ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྒྱུན་འཛིན་གྱི་མི་རིགས་ཤིག་ཆགས་ཡོད། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་གྱི་བཟོ་ལྟ་བུ་ཆགས་ཡོད་པས། ངོས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་བྱེད་པ་དང་། བོད་པ་ཚོའི་ཚབ་བྱས་ནས་ཞུ་སྐུལ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་མང་ཁག་ཅིག་ལ་མཇལ་ཁ་སྩལ་སྐབས། ང་ཚོས་བོད་པའི་ཆོས་དང་རིག་གཞུང་ཞེས་སྐད་བརྒྱབ་བསྡད་པ་རེད། བོད་པའི་རིག་གཞུང་གིས་གཞན་ལ་བརྩེ་བ་བྱེད་པ་དང་། ཐ་ན་འབུ་ཚུན་ཆད་ལའང་གནོད་པ་མ་བྱས་པའི་གོམས་གཤིས་ཤིག་ཡོད་བསྡད་པ་རེད་ལ། དེས་འཛམ་གླིང་ལ་ཕན་ཐོགས་ཀྱི་འདུག འཛམ་གླིང་དུ་འབུ་སྲིན་རིགས་ལ་བརྩེ་བ་མེད་པའི་སྟེང་དུ། མིའི་ནང་ཁུལ་དུ་མེ་མདའ་འཁྱེར་ནས་གསོད་རེས་བྱེད་པ་གོམས་གཤིས་ཆགས་བསྡད་ཡོད། ང་ཚོ་ཚང་མར་འབུ་སྲིན་ཚུན་ཆད་གནོད་པ་མི་བྱེད་པའི་ཕ་མེས་ནས་བརྒྱུད་པའི་གོམས་གཤིས་ཡོད་པ་དེ་རྩ་ཆེན་པོ་ཞེ་དྲགས་རེད། ཆོས་ལ་དད་པ་བྱས་དང་མ་བྱེད་ཟེར་བ་རང་དབང་རེད། གང་ལྟར་སྲོག་གཅོད་མི་བྱ་རྒྱུ་དང་། ཐ་ན་འབུ་སྲིན་ལའང་འཚེ་བ་མི་བྱེད་པའི་གོམས་གཤིས་ཤིག་ཡོད་པ་དེར། འཛམ་གླིང་དུ་ག་ལེར་ཁྱབ་སྤེལ་གཏང་རྒྱུ་ནི་བོད་པའི་ལས་འགན་རེད། སྐབས་སུ་བབ་པའི་བོད་ཀྱི་གནས་སྟངས་ཐབས་སྐྱོ་བོ་ཞིག་གི་སྟེང་དུ་བསྡད་ཡོད་ཀྱང་། དེང་སྐབས་རྒྱ་ནག་ཏུ་འགྱུར་བ་འགྲོ་བསྡད་ཡོད་པ་དང་། ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་དང་ཆབས་ཅིག་ཏཱ་ལའི་བླ་མ་ཟེར་དུས་དགའ་མོས་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག  ང་ཚོ་བོད་པའི་ཆོས་དང་རིག་གཞུང་ཡང་བོད་པའི་མི་གྲངས་ཉུང་ཤོས་ཤིག་གིས་བདག་པོ་བརྒྱབ་པ་མིན་པར། འཛམ་གླིང་མི་ཚང་མར་བྱམས་བརྩེ་ལྡན་པ་ཞིག་བཟོ་ཐུབ་པར་ང་ཚོའི་ལས་འགན་ཆགས་བསྡད་ཡོད། བོད་པར་ཡ་རབས་དང་སྤྱོད་བཟང་ཡོད་བསྡད་པ་དེ་ང་ཚོའི་རིག་གཞུང་དང་གོམས་གཤིས་རེད་ལ། དེ་བདག་པོ་རྒྱག་པར་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཚོ་མི་རབས་གསར་བ་དེ་ཚོས་སྤགས་བཟོ་ཤེས་ཀྱི་ཡོད་དམ། བོད་པའི་ཁ་ལག་གཙོ་བོ་སྤགས་རེད། ངོས་ཀྱིས་མགྲོན་ཁང་དུ་འགྲོ་དུས་ཀྱང་རྩམ་པ་མཉམ་དུ་འཁྱེར་བཞིན་ཡོད། སྤགས་རྟག་པར་ཟ་བཞིན་ཡོད། སྤགས་བྲོ་བ་ཞེ་དྲགས་ཡག་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese