མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡ་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཝེ་ཌི་ནམ་དང་། རྒྱ་ནག བྱང་ཀོ་རི་ཡ་བཅས་ནི་གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་གསུམ་དུ་གྱུར་ཡོད་པ་ཐེར་འདོན་བྱས་འདུག

world Press Freedom Day 2023 (Image Credits:Freepik)

ལོ་ལྟར་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གསར་འགོད་པ་མང་པོ་ཞིག་དམར་གསོད་དང་བཙན་གཡེམ། དེ་བཞིན་ཉེས་མེད་བཙོན་འཇུག་སོགས་བྱེད་ཀྱི་ཡོད་པ་ལྟར། དེ་རིང་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དང་བསྟུན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders) ཀྱིས་འཛམ་གླིང་གི་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་ ༡༨༠ ནང་གསར་འགོད་རང་དབང་ཐད་ཞིབ་འཇུག་བྱས་པ་བརྒྱུད།   ཨེ་ཤ་ཡའི་ཝེ་ཌི་ནམ་དང་། རྒྱ་ནག བྱང་ཀོ་རི་ཡ་བཅས་ནི་གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་གསུམ་དུ་གྱུར་ཡོད་པ་ཐེར་འདོན་བྱས་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འཛམ་གླིང་གསར་འགོད་རང་དབང་གི་དཀར་ཆག་ (World Press Freedom Index) ནང་། ཕྱི་ལོ  ༢༠༢༣ ལོར་འཛམ་གླིང་གི་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་ ༡༨༠ ནང་། ཝེ་ཌི་ནམ་དང་། རྒྱ་ནག བྱང་ཀོ་རི་ཡ་བཅས་ནི་གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་གསུམ་དུ་གྱུར་ཡོད་པ་གསལ་སྟོན་བྱས་འདུག འཛམ་གླིང་གི་རྒྱལ་ཁབ་ ༣༡ ནང་གསར་འགོད་རང་དབང་ཛ་དྲག་དང་། རྒྱལ་ཁབ་ ༤༢ ནང་དཀའ་ཁག་ཧ་ཅང་ཆེན་པོ། རྒྱབ་ཁབ་ ༥༥ ནང་དཀའ་ཁག་ཆེན་པོ། དེ་བཞིན་རྒྱལ་ཁབ་ ༥༢ ནང་འདོད་བློ་ཚིམས་པ་ཞིག་ཡོད་པའི་ཁྲོད། ནོར་ཝེ་དང་། ཨ་ཡེ་ལེན་ཌི་ (Ireland)། ཌན་མག ནི་ཐར་ལེན་ཌི་རྣམས་འཛམ་གླིང་གི་གསར་འགོད་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་ཀྱི་འདུག  དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་གྲགས་པའི་རྒྱ་གར་ལྟ་བུར་མཚོན་ན། སྲིད་བློན་མུ་དྷི་མཆོག་གི་སྲིད་གཞུང་དང་འབྲེལ་བའི་གནས་ཚུལ་སྤེལ་བར་དམ་དྲག་དང་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་སྟབས། འདས་ལོར་འཛམ་གླིང་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་གྱི་ཁྲོད་ནས་ཨང་རིམ ༡༥༠ ཡིན་ཡང་། འདི་ལོར་ཇེ་སྡུག་ཏུ་ཕྱིན་ཏེ་ཨང་རིམ་ ༡༦༡ པར་ཟགས་འདུག

གཞན་ཡང་། དེ་རིང་ཡུ་རོབ་མཐུན་ཚོགས་ཀྱིས་དེ་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་། འཛམ་གླིང་ཁྱོན་ཡོངས་ཀྱི་རང་དབང་དང་། ཁེ་ཕན། དམངས་གཙོ་ཚད་ལྡན་ཞིག་ཡོང་བར་དྲང་ཚུགས་ལྡན་པའི་གསར་ཁང་ནི་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ལ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ཅིང་།  ལྷག་པར་གསར་འགོད་རང་དབང་ནི་དེང་གི་འཇིག་རྟེན་གྱི་སྲོག་ཤིང་ལྟ་བུ་ཞིག་ཏུ་གྱུར་ཡོད། གསར་འགོད་པ་དང་། གསར་ཁང་ཁག་གི་ལས་མི་སོགས་དྲང་ཚུགས་ལྡན་པའི་གསར་འགྱུར་སྤེལ་མཁན་དག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན། དམར་གསོད་དང་། རྐུ་འཕྲོག དྲག་རྒོལ་བྱེད་མཁན་སོགས་ཐེར་འདོན་བྱས་ནས། མི་མང་ལ་དངོས་ཡོད་གནས་ཚུལ་མང་དག་ཅིག་མཁོ་སྤྲོད་དང་གསལ་སྟོན་བྱེད་ཐུབ་ཀྱི་ཡོད་སྐོར་དང་། དེ་བཞིན་ཉེ་ལམ་ཡུ་ཀེ་རེན་དང་། བྷེ་ལ་ར་སི་(Belarus) ཨབ་གྷ་ནི་སི་ཐན་སོགས་སུ་གསར་འགོད་པ་རྣམས་ལ་དྲག་རྒོལ་དང་འཛིན་བཟུང་བྱེད་ཀྱི་ཡོད་སྐོར་སོགས་འཁོད་འདུག

 ཡང་བསྒྲགས་གཏམ་དེའི་ནང་། བུད་མེད་གསར་འགོད་པ་རྣམས་ལ་མངོན་ལྐོག་གཉིས་ནས་འཇིགས་སྐུལ་དང་། དྲག་གནོན་སོགས་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་མ་ཟད། མངོན་གསལ་དོད་པོའི་ཐོག་ནས་མགོ་སྐོར་དང་། ནག་ཉེས་གཡོགས་པ། བཙན་གཡེམ། ཐ་ན་དམར་གསོད་སོགས་གཏོང་གི་ཡོད་ལ། ད་བར་བུད་མེད་གསར་འགོད་པའི་བརྒྱ་ཆ་ ༧༣ ཙམ་ལ་དྲ་ལམ་ནས་འཇིགས་སྐུལ་དང་། ཕྱི་ནང་གཉིས་ནས་བཙན་གཡེམ་དང་ཆགས་སྲེད་ཀྱི་དོན་རྐྱེན་མང་དག་ཅིག་འབྱུང་གིན་ཡོད་སྟབས། ཡུ་རོབ་མཐུན་ཚོགས་ཀྱིས་གསར་འགོད་པ་རྣམས་ལ་བཙན་གཡེམ་དང་། འཇིགས་སྐུལ། དམར་གསོད་གཏོང་མཁན་གྱི་གཞུང་སྒེར་ཚང་མར་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་ཁར། སླད་མར་རྒྱལ་ཁབ་གང་སར་སྨྲ་བརྗོད་རང་དབང་གི་ཁེ་ཕན་སྲུང་སྐྱོབ་ཀྱི་ཐོག་ནས། གསར་འགོད་པའི་དྲང་ཚུགས་ལྡན་པའི་ལས་དོན་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་གནང་འདུག  དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱལ་མཚམས་མེད་པའི་ཐོག་ནས་གསར་འགོད་རང་དབང་གོང་སྤེལ་དང་སྲུང་སྐྱོབ་སླད། གཞུང་སྒེར་གྱི་ཚོགས་པ་དང་སྒྲིག་འཛུགས་ཁག་དང་ལྷན་དུ་མཉམ་ལས་བྱས་ནས། རྒྱལ་ཁབ་རིམ་པ་དང་། ས་ཁུལ་རིམ་པའི་ནང་གསར་འགོད་རང་དབང་གི་ཁེ་ཕན་སྲུང་སྐྱོབ་དང་གོང་མཐོར་གཏོང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་གསལ་འདུག

 ཡང་དཀྱིལ་ཤར་ཨེ་ཤ་ཡའི་ཨུ་ཛི་བྷེ་ཀི་སི་ཐན་ (Uzbekistan) ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཇོ་ན་ཐན་ (Jonathan Henick) ལགས་ཀྱིས། ཨ་རིའི་གཞུང་ཚབ་ཀྱིས་རྒྱལ་ཁབ་དེའི་ནང་གསར་འགོད་རང་དབང་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅིང་། ཨ་རིའི་གཞུང་ཚབ་ཁང་གི་མགོ་ལས་ཡོངས་ཀྱིས་ས་གནས་གསར་འགོད་པ་དང་། གསར་ཁང་ཁག་གི་འཐུས་མི་རྣམས་ལ་རྒྱབ་སྐྱོར་བྱས་ཏེ། ཁོང་ཅག་ལ་ཟབ་སྦྱོང་དང་ཤེས་ཡོན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱ་འདོད་ཆེན་པོ་ཡོད་སྐོར་སོགས་བརྗོད་འདུག

                            གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༣ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese