མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་ཀྱི་ཆོས་ལུགས་ཚང་མའི་ཐུན་མོང་ཐོག་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཤིག་འབུལ་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལི་རུ་རྒྱ་གར་རྒྱལ་ཡོངས་ཀྱི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་ཞིག་འཚོག་འཆར་ཡོད་པ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཕེབས་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་མཛད་ཡོད་འདུག

རྒྱ་གར་གྱི་སིག་དང་། གཅེར་བུ་བ། ཧིན་རྡུ་བཅས་ཆོས་ལུགས་ཀྱི་བླ་ཆེན་ཁག་ཅིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ། ༢༠༢༣།༥།༤

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྒྱ་གར་གྱི་སིག་དང་། གཅེར་བུ་བ། ཧིན་རྡུ་བཅས་ཀྱི་བླ་ཆེན་གསུམ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་ཆེན་འཚོག་འཆར་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་མཛད་ཡོད་འདུག

མཇལ་བཅར་གྲུབ་རྗེས་གཅེར་བུ་བའི་བླ་ཆེན་ལོ་ཀེ་ཤི་མུ་ནི་ཇི་ (Lokesh Muni Ji) མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཡོངས་ལ་ཞི་བདེ་དང་བྱམས་སྙིང་རྗེ་གོང་སྤེལ་གྱི་བཀའ་སློབ་ལམ་སྟོན་མཛད་ཀྱི་ཡོད་པར་བརྟེན། ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་དེའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཚེ་མེད་ཞི་བའི་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད། ཅེས་དང་། འཛམ་གླིང་ནང་དཀའ་ངལ་གང་འདྲ་ཞིག་འཕྲད་རུང་དམག་འཁྲུག་དང་འཚེ་བའི་ལམ་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་པར་བརྟེན། ཞི་བའི་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐུབ་ཀྱི་ཡོད་སྐོར་དང་། གྲོས་མོལ་གྱི་ལམ་ནས་ཨུ་རུ་སུ་དང་ཡུ་ཀེ་རེན་གྱི་དམག་འཁྲུག་ཀྱང་མཚམས་འཇོག་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་བྱུང་།

ཡང་བླ་ཆེན་ཁོང་གིས། མཇལ་འཕྲད་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཁོང་ཉིད་དགེ་སློང་དཀྱུས་མ་ཞིག་ཡིན་ལ། འཛམ་གླིང་འདི་ལ་ཞི་བདེ་ཡོང་བ་དང་། ཆོས་ལུགས་མཐུན་སྒྲིལ།  བྱམས་སྙིང་རྗེའི་སྒོ་ནས་འགྲོ་བ་མི་ལ་ཕན་ཐོགས་བསྒྲུབ་རྒྱུ་སོགས་ཁོང་ཉིད་ཀྱི་ལས་འགན་ཡིན་པས། ཕན་ཐོགས་ཀྱི་ཕྱག་ལས་ག་རེ་ཡིན་ནའང་གནང་རྒྱུ་ཡིན་སྐོར་གྱི་བཀའ་སློབ་སྩལ་ཡོད་སྐོར་གསུངས་བྱུང་།

ཐེངས་འདིའི་མཇལ་བཅར་གོ་སྒྲིག་ཞུ་མཁན་ཧི་མ་ལ་ཡའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་ཕུན་ཚོགས་ལགས་ཀྱིས། ང་ཚོས་སྔོན་མ་ནས་གཅེར་བུ་བའི་བླ་ཆེན་དེ་ངོ་ཤེས་ཀྱི་ཡོད། དེ་སྔ་ནས་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མཇལ་དགོས་ཡོད་ཟེར་གྱི་ཡོད་པ་རེད། དེར་བརྟེན། དེ་རིང་གོ་སྐབས་བཟུང་བའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་ཆེན་འཚོག་འཆར་ཡོད་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་མཛད་སོང་ལ། ཐུགས་མཉེས་པོ་གནང་སོང་། ཞེས་བརྗོད་བྱུང་།

ཡང་ཁོང་གིས། ང་ཚོ་བོད་མི་ཡོངས་ཀྱིས་སོ་སོའི་དཔག་ཚོད་ལ་གང་ཐུབ་ཐུབ་ཀྱིས་ཞབས་ཕྱི་ཞུ་རྒྱུའི་འགན་འཁུར་ཡོད་པ་རེད། ང་ཚོས་འགན་འཁུར་ལེན་མ་ལེན་ཞིག་རེད། ཀུན་སློང་ཡག་པོ་ཡོད་པའི་ཐོག་ནས་སོ་སོའི་ཕྱོགས་ནས་གང་ཐུབ་ཐུབ་བྱེད་ན་ལས་ཀ་ཡག་པོ་འགྲུབ་ས་རེད། ཅེས་དང་། རྒྱ་གར་རྒྱལ་ཡོངས་ཀྱི་ཆོས་ལུགས་ཡོངས་རྫོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་འཆར་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese