མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་རྒྱ་ནག་གིས་ཕྱི་རྒྱལ་ཉེན་རྟོག་ལས་ཁུངས་ཟེར་བ་བཙུགས་པར་ངོ་རྒོལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོང་ཁྱེར་སན་ཧྥི་རན་སི་ཁོའི་རྒྱ་རིགས་ཤེས་ཡོན་ཅན་དང་སློབ་ཕྲུག་ཚོས། རྒྱ་ནག་གཞུང་གིས་ཨ་རིའི་ནང་ཕྱི་རྒྱལ་ཉེན་རྟོག་ཁང་དང་ཞབས་ཞུ་ཁང་ཟེར་བ་གཉིས་བཙུགས་པར་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག

People from all walks of life in the San Francisco Bay Area of ​​the United States held a press conference in Chinatown on May 4.

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་གྲོང་ཁྱེར་སན་ཧྥི་རན་སི་ཁོར་ (San Francisco) ཡོད་པའི་རྒྱ་གྲོང་ (Chinatown) དུ་རྒྱ་ནག་གི་སློབ་གཉེར་བ་དང་ཤེས་ཡོན་ཅན་རྣམས་ཀྱིས། རྒྱ་ནག་གཞུང་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྒྱ་རིགས་དང་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་མཁན་རྣམས་ལ་དམིགས་པའི་ཉེན་རྟོག་ཁང་གསར་འཛུགས་བྱས་པར་ངོ་རྒོལ་མཚོན་པའི་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཡོད་འདུག

གསར་འགོད་ལྷན་ཚོགས་སྐབས་ཧོང་མན་(Hongmen) གི་མགོ་ཁྲིད་ཀྲའོ་ (Zhao Bingxian) ཡིས། དེ་རིང་གསར་འགོད་ལྷན་ཚོགས་ཚོགས་དགོས་པའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གིས་ནེའུ་ཡོག་ཏུ་ཧྥུ་ཀྲུའུ་ཕྱི་རྒྱལ་ཉེན་རྟོག་ཁང་ (Fuzhou Overseas Police Station) དང་རྒྱ་ནག་གི་ཕྱི་རྒྱལ་ཞབས་ཞུ་ཁང་ཟེར་བ་གཉིས་གསར་འཛུགས་བྱས་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་དྲག་སྤྱོད་པའི་ཚོགས་པ་ཞིག་རེད། ཅེས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རིའི་ཉེས་དཔྱོད་ལས་ཁུངས་ཀྱིས། ཨ་རིའི་ནང་ཡོད་པའི་ (Changle Association) ཚོགས་པའི་ཚོགས་གཙོ་ཟུར་པ་ལུ་ཅན་ཝང་ (Lu Jianwang) དང་སྤྱི་ཁྱབ་དྲུང་ཆེ་ཁྲན་ཅིན་པིིང་ (Chen Jinping) གཉིས་ཀྱིས་ཨ་རིའི་གྲོང་ཁྱེར་(Manhattan) གྱི་རྒྱ་གྲོང་ནང་ཉེན་རྟོག་ས་ཚིགས་བཙུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

ཕྱི་ལོ་ ༡༩༨༩ ལོའི་རྒྱ་ནག་གི་སློབ་མའི་ངོ་རྒོལ་གྱེན་ལངས་ལས་འགུལ་གྱི་མགོ་ཁྲིད་ཧྥང་ཚུང་དི་ (Feng Congde) ཡིས། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་སུ་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་གོང་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་ཡོངས་ལ་སྟངས་འཛིན་བྱ་འདོད་ཡོད་པ་རེད། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ནི་ཕུགས་མདུན་གཅིག་པའི་མིའི་སྤྱི་ཚོགས་ཤིག་རེད། ཅེས་བརྗོད་ཀྱི་ཡོད་པ་རེད། དེ་ཡང་ཁོང་ཚོས་མི་གཅིག་དབང་སྒྱུར་རིང་ལུགས་བེད་སྤྱོད་བྱེད་པའི་ཐོག་ནས་མི་རྣམས་ལ་སྟངས་འཛིན་བྱ་འདོད་ཡོད་པ་རེད།  ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་ཕྱག་རོགས་ཁྲིམས་ཞིབ་སྤྱི་ཁྱབ་པ་མེ་ཐིའུ་ཨོལ་སན་ (Matthew G. Olsen) ལགས་ཀྱིས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གསང་བའི་ཉེན་རྟོག་ས་ཚིགས་གསར་འཛུགས་བྱས་ཏེ། ཕྱོགས་འགལ་བ་དང་རྒྱ་ནག་གཞུང་ལ་ཉེན་ཚབས་ཆེ་བའི་མི་རྣམས་ལ་སོ་ལྟ་དང་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་ལྷན་ཚོགས་སྟེང་ཨ་རིའི་གཞུང་ལ་རྒྱབ་སྐྱོར་མཚོན་ཆེད་དུ་སན་ཧྥ་རན་སི་ཁོ་རུ་ཡོད་པའི་རྒྱ་ནག་གི་ཤེས་ཡོན་པ་དང་སློབ་ཕྲུག་སྡེ་ཁག་གིས་མཉམ་འབྲེལ་གྱི་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྒང་རྒྱ་ནག་གི་ཉེན་རྟོག་ས་ཚིགས་དང་ཞབས་ཞུ་ཁང་ཟེར་བ་གཉིས་གསར་འཛུགས་བྱས་པར་སྐྱོན་འཛུགས་དང་ངོ་རྒོལ་བྱེད་བཞིན་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་ལུ་ཅན་ཝང་ (Lu Jianwang) དང་ཁྲན་ཅིན་པིང་ (Chen Jinping) གཉིས་འཛིན་བཟུང་བྱས་པར་རྒྱབ་སྐྱོར་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་རྒུ་བཏོན་ནས་ཨ་རིའི་ནང་སིམ་འཛུལ་གྱིས་གནས་ཚུལ་རྫུན་བཟོ་དང་། སྤྱི་ཚོགས་ཁ་བྲལ།  གྱེན་ལོག་པར་ངན་པ་ཁོག་རྒྱོང་སོགས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

སྐར་མ ༢༨ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༥ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༢༤ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤
པར་འདི་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese