མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌས་རྒྱ་ནག་གི་གཞུང་ཚབ་མི་སྣ་ཕྱིར་ཕུད་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌས་རྒྱ་ནག་གི་གཞུང་ཚབ་མི་སྣ་ཀྲའོ་ཝི་ཟེར་བས་ཁེ་ན་ཌའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་ངོས་ལེན་བྱེད་ཐབས་མེད་པའི་ངོས་འཛིན་འོག་རྒྱ་ནག་ཏུ་ཕྱིར་ཕུད་བཏང་ཡོད་འདུག

Canadian Foreign Minister Melanie Joly declared a Chinese diplomat ‘persona non grata’

ཉེ་ལམ་ནས་ཁེ་ན་ཌ་དང་རྒྱ་ནག་གཉིས་བར་ཕྱི་སྲིད་འབྲེལ་ལམ་གྱི་ཐོག་ནས་གདོང་ཐུག་བྱུང་དང་འབྱུང་གི་ཡོད་པ་ལྟར། དེ་རིང་ཁེ་ན་ཌ་གཞུང་གིས་གྲོང་ཁྱེར་ཊོ་རོན་ཊོ་རུ་གནས་སྡོད་བྱེད་བཞིན་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཀྲའོ་ཝི་(Zhao Wei)ཟེར་བས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྒེར་བ་ཞིག་ལ་འཇིགས་སྐུལ་བྱས་པའི་ངོས་འཛིན་འོག ཁེ་ན་ཌ་ནས་ཕྱིར་ཕུད་བཏང་བ་ཡོངས་བསྒྲགས་བྱས་འདུག

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཱལ་ནེ་ཇའོ་ལེ་  (Mélanie Joly) ལགས་ཀྱིས། ང་ཚོས་ཁེ་ན་ཌའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཁན་གྱི་ཕྱིའི་ཤུགས་རྐྱེན་གཅིག་ཀྱང་ཐར་བ་གཏོང་གི་མིན་ལ། ང་ཚོས་ཁེ་ན་ཌའི་ནང་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྐུ་ཚབ་མི་སྣ་སུ་ཞིག་གིས་ཁེ་ན་ཌའི་ནང་སྲིད་ལ་ཐེ་གཏོགས་བྱས་ཚེ། ཐད་ཀར་ཕྱིར་ཕུད་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད། ཅེས་བརྗོད་འདུག

ཁེ་ན་ཌའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཁེ་ན་ཌའི་རྒྱ་ནག་གཞུང་ཚབ་མི་སྣ་ཕྱིར་ཕུད་གཏོང་བའི་ཐག་གཅོད་དེར་ངོས་ལེན་རྩ་བ་ནས་མེད་པ་དང་། རྒྱ་ནག་གིས་རྔ་ལ་དཔག་པའི་འཆམ་ཟེར་བ་ནང་ལྟར་ཡ་ལན་བསློག་རྒྱུ་མ་ཟད། གནད་དོན་འདིའི་མཇུག་འབྲས་ཡོད་ཚད་ཁེ་ན་ཌས་འགན་འཁུར་དགོས་པའི་ལན་འདེབས་བྱས་འདུག

ཐེངས་འདིའི་ཁེ་ན་ཌ་དང་རྒྱ་ནག་བར་གྱི་ཕྱི་སྲིད་འབྲེལ་ལམ་གྱི་གནད་དོན་དེ་ནི། ཉེ་སྔོན་རྒྱ་ནག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་མེ་ཁལ་ (Michael Chong) ལགས་དང་ཧོང་ཀོང་དུ་ཡོད་པའི་ཁོང་གི་ནང་མིའི་རྒྱབ་ལྗོངས་གནས་ཚུལ་སོགས་མཁོ་སྒྲུབ་བྱས་ཏེ། གྲོས་ཚོགས་འཐུས་མི་ཁོང་ནས་མགོ་བརྩམས་ཏེ་འབྱུང་འགྱུར་ཁེ་ན་ཌའི་ནང་རྒྱ་ནག་ཐོག་དགག་པ་རྒྱག་མཁན་གྱི་གནད་ཡོད་མི་སྣའི་རིགས་བཀག་འགོག་བྱེད་ཐབས་བྱས་པ་བརྟེན་ནས་བྱུང་བ་ཞིག་ཡིན་ཡང་། སྐབས་དེར་ཁེ་ན་ཌའི་སྲིད་བློན་ཇ་སི་ཊིན་ཊུ་རུ་ཌོ་ (Justin Trudeau) ལགས་ཀྱིས། ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱིས། རྒྱ་ནག་གིས་ཁེ་ན་ཌའི་ནང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པའི་གནད་དོན་ཁུངས་སྐྱེལ་ཐུབ་མེད་སྐོར་བརྗོད་ཡོད་པ་དང་། ད་ལྟ་གནད་དོན་དེ་ཁེ་ན་ཌའི་གཞུང་འཛིན་དང་ཁ་གཏད་སྲིད་དོན་ཚོགས་པ་གཉིས་ཀྱི་གནད་དོན་ཞིག་ཀྱང་ཆགས་བཞིན་པ་སི་ཨན་ཨན་གསར་ཁང་གིས་འགྲེལ་བརྗོད་བྱས་འདུག

སྤྱིར་ཁེ་ན་ཌ་དང་རྒྱ་ནག་བར་ཕྱི་སྲིད་འབྲེལ་ལམ་གྱི་ཐོག་ནས་གདོང་ཐུག་མང་ཅིག་བྱུང་བ་དང་། ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌས་རྒྱ་ནག་གི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་(Huawei) ཡི་ནོར་དོན་སྤྱི་གཉེར་བ་མིན་ཝན་ཀྲུའུ་(Meng Wanzhou) འཛིན་བཟུང་བྱས་པ་དང་། རྒྱ་ནག་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་མའེ་ཁེལ་ (Michael Kovrig) དང་མའེ་ཁེལ་སི་པཱ་ཝོར་ (Michael Spavor) གཉིས་འཛིན་བཟུང་གིས་ཁེ་ན་ཌར་རྒོལ་ལན་བསླགས་ཡོད་ལ། ཕྱི་ལོ་ ༢༠༢༢ ལོར་ཁེ་ན་ཌས་རྒྱ་ནག་ཏུ་འཚོགས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་སྐུ་ཚབ་གཅིག་ཀྱང་བཏང་མེད་པ་སོགས་རྒྱལ་ཁབ་གཉིས་བར་ཕྱི་སྲིད་དང་ཚོང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་སོགས་ཀྱི་ཐད་ནས་འགལ་ཟླ་མང་དག་ཅིག་བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

ཆུ་ཚོད་ ༡༨ སྔོན་ལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese