མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་སིཌ་ནི་རུ་མགོའི་སྐྲ་བྲེགས་ནས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་སྨོད་ཞུས་པར་ངོ་རྒོལ་ཆེད་ཨོ་གླིང་སིཌ་ནི་གྲོང་ཁྱེར་ནང་མི་གྲངས་ ༥༠༠ ལྷག་གིས་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་ཁང་བར་ཞི་བའི་གོམ་བགྲོད་བྱས་པ་དང་ལས་འགུལ་བ་ ༨ ཀྱིས་མགོ་སྐྲ་བྲེགས་ཏེ་སེམས་གཏིང་གི་ན་ཟུག་དང་བདེན་པ་དག་སྐྱེལ་མཚོན་པར་བྱས་ཡོད་འདུག

ཨོ་གླིང་དུ་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ། ༢༠༢༣།༥།༩ འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

 ཁ་སང་ཕྱི་ཚེས་ ༨ ཉིན་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག གསར་ཁང་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་སྨོད་ཞུས་པར་ངོ་རྒོལ་ཆེད། སིཌ་ནི་ཡི་མ་ཌན (Martin) ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་།  ལས་འགུལ་དེའི་ནང་བོད་དོན་ལྷན་ཁང་གི་འགན་འཛིན་ལྕམ་ཛོ་ཡེ་བྷེ་ཌི་ཧྥོ་ཌི་(Zoe Bedford) ལགས་དང་། བོད་མི་མང་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་གཙོས། ཌེ་ཝེ་དང་། རི་སྔོན་པོ། གནས་མཁར་གསར། ནོར་ར། ཁེམ་བྷེལ་ཊོན་སོགས་ནས་བོད་མི་ལྔ་བརྒྱ་ལྷག་གིས་མཉམ་ཞུགས་གནང་ཡོད་འདུག 

 དེའི་ཐད་སུཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། ཁ་སང་ཨོ་གླིང་གི་ས་གནས་མི་འདྲ་བ་ཁག་མང་པོ་ཞིག་ནས་བོད་མི་གྲངས་ ༥༠༠ ལྷག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུས་བར་ངོ་རྒོལ་ཆེད། ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་ཅིང་།  སྐབས་དེར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་རྒན་གཞོན་བར་གསུམ་གྲངས་ ༨ ཀྱིས་ཆུང་ནས་སྐྱེས་བའི་སྐྲ་ལོ་བྲེགས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་དང་སྙོན་འཛུགས་བྱས་པར་ངོ་རྒོལ་བྱས་ཡོད། སྤྱིར་བོད་ཀྱི་གོམས་གཤིས་དང་ལུགས་སྲོལ་གྱི་ཁྲོད་དུའང་སྐྱེས་པ་དང་སྐྱེས་མ་དག་གིས་སོ་སོའི་མི་ཚེའི་ཁྲོད་དྭང་ལེན་དཀའ་བའི་གནས་ཚུལ་བྱུང་སྐབས། རང་གི་སྐྲ་བྲེག་པའི་གོམས་གཤིས་ཡོད་སྐོར་དང་། ཁ་སང་གི་ལས་འགུལ་དེ་བརྒྱུད་ནས་དེ་སྔ་གསར་ཁང་ཁག་ཅིག་གིས་ཁུངས་མེད་ལུངས་མེད་ཀྱི་གནས་ཚུལ་རྫུན་མ་སྤེལ་ཡོད་པ་ཐེར་འདོན་བྱས་ནས། ཨོ་གླིང་གི་མི་སེར་དང་ལས་ཁུངས་ཁག་གི་གནད་ཡོད་མི་སྣ་རྣམས་ལ་གནས་ཚུལ་གསལ་བཤད་བྱས་ཡོད་ལ། ས་གནས་མང་ཚོགས་དང་ཚོགས་པ་སྒྲིག་འཛུགས་ཁག་མང་པོ་ཞིག་གིས་ཀྱང་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་དང་དྲང་བདེན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་སྐོར་སོགས་བརྗོད་བྱུང་། 

 ཡང་ཁོང་གིས། ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བརྩེ་བ་ཆེན་པོས་གནང་བའི་མཛད་པ་ཞིག་དང་འབྲེལ་ནས། རྒྱ་ནག་གཞུང་གཙོས་རྒྱ་གཞུང་དང་ངན་པ་ལག་འབྲེལ་བྱེད་མཁན་གྱི་མི་སྣ་ཁག་ཅིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་མེད་པ་བཟོ་ཐབས་སླད། བརྙན་བཅད་གཏུབ་བྱས་ནས་དྲ་ལམ་དུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། སྤྱི་ཚོགས་དྲ་ལམ་ཁག་གི་མི་སྣ་ཁག་ཅིག་གིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུས་ཡོད་སྟབས། ཞི་བདེ་དང་། དྲང་བདེན། འཚེ་བ་མེད་པར་དགའ་མོས་བྱེད་མཁན་གྱི་མི་ཁྲི་སྟོང་མང་པོ་ཞིག་གི་སེམས་ལ་རྨས་ཁ་བཟོས་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་མི་རིགས་ཀྱི་ལས་དབང་གི་དར་རྒུད་ལ་འབྲེལ་བ་དམ་ཟབ་ཡོད་པས། ཁོང་ལ་མཚན་སྨོད་ཞུས་པ་ནི་བོད་མི་རྣམས་ཀྱི་སེམས་སུ་ཤོངས་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད། གནད་དོན་དེ་དང་འབྲེལ་ནས་ཧི་མ་ལ་ཡའི་རི་རྒྱུད་པ་གཙོས་བོད་མི་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང་། དེ་སྔ་ཕྱི་ཟླ་ ༤ ཚེས ༡༡ ཉིན་ལའང་ཨོ་གླིང་དུ་སྟོད་གོས་དཀར་པོའི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་བོད་མི་གཅིག་སྟོང་ལྷག་གིས་མཉམ་ཞུགས་བྱས་ཡོད་སྐོར་སོགས་བརྗོད་བྱུང་།

ཨོ་གླིང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་བས་མགོ་སྐྲ་བྲེགས་ནས་ངོ་རྒོལ་བྱས། ༢༠༢༣།༥།༩ འབྲེལ་ཡོད་ཀྱིས་འདི་གར་མཁོ་སྤྲོད་གནང་།

སུཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་མགོའི་སྐྲ་གཏུབས་ཏེ་བདེན་པ་དག་སྐྱེལ་བྱས་པའི་བསྒྲགས་གཏམ་ནང་། ཞི་བདེའི་རླབས་ཆེན་གྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་མཛད་པའི་བརྙན་པར་གཏུབས་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཀྱི་དཀྲོག་གཏམ་བཟོས་པ་དང་། དེ་དག་ལ་ཞིབ་འཇུག་གང་ཡང་མེད་པར་རྒྱལ་སྤྱིའི་ཐོག་གང་བྱུང་བེད་སྤྱོད་ལོག་པར་བྱེད་མཁན་བྱུང་བར་ང་ཚོ་ནང་པའི་རྗེས་འཇུག་པ་དང་། བོད་མི་ཡོངས། ཞི་བར་དགའ་བའི་མི་སྡེའི་སྤྱི་ཚོགས་དཀྲུགས་པ་མ་ཟད། ང་ཚོའི་སེམས་ཁམས་ལ་གནོད་འཚེ་ཚད་མེད་བཟོས་པ་བཟོད་ཐབས་བྲལ་བར་བརྟེན། ང་ཚོས་མེས་པོའི་སྲོལ་རྒྱུན་ལྟར་དེ་རིང་ཆུང་བྱིས་པའི་དུས་ནས་བསགས་པའི་མགོ་བོའི་སྐྲ་གཏུབས་ཏེ་༧གོང་ས་མཆོག་ལ་འགྱུར་མེད་དད་གུས་ཀྱི་ལྷ་ཕྱག་དང་། མེས་པོའི་སྲོལ་བཟང་ལྟར་ཞི་བ་དང་། དྲང་བདེན། ལྷག་བསམ་དཀར་པོའི་སྒོ་ནས་ང་ཚོའི་སེམས་ནང་གི་ན་ཟུག་དང་བདེན་པ་དག་སྐྱེལ་མཚོན་པར་བྱེད་བཞིན་ཡོད། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་ཐབས་དང་། ང་ཚོའི་རིག་གཞུང་ལ་གུས་བརྩི་མེད་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། འཇིག་རྟེན་ཡོངས་ཀྱིས་བདེན་པའི་དཔང་པོ་གནང་རོགས། ༧གོང་ས་མཆོག་སྐུ་ཉིད་ནི་ང་ཚོ་ནང་པ་སངས་རྒྱས་དང་བོད་མི་ཡོངས་ཀྱི་བླ་སྲོག་ཡིན། བདེན་པ་རྒྱལ་གྱུར་ཅིག བདེན་པ་རྒྱལ་གྱུར་ཅིག ཞི་བདེ་རྒྱལ་གྱུར་ཅིག ཅེས་འཁོད་འདུག 

རྒྱ་གར་གྱི་ལ་དྭགས་རང་སྐྱོང་ཁུལ་དང་མོན་རྟ་དབང་། འབྲས་ལྗོངས་སོགས་གཙོ་བོར་གྱུར་བའི་ཧི་མ་ཡ་ལའི་རི་རྒྱུད་པ་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཀྱི་གནས་ཚུལ་སྤེལ་མཁན་རྒྱ་གར་ཨེན་ཌི་ཊི་ཝི(NDTV )དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ནས་༧གོང་ས་མཆོག་ལ་དགོངས་སེལ་མ་ཞུས་ན། ཡུལ་ལུང་དེ་དག་ནང་འགྲོ་སྐྱོད་བཀག་སྡོམ་གནང་རྒྱུ་ཡིན་པའི་ཐག་གཅོད་གནང་བ་དང་། དེ་བཞིན་མི་མང་ཁྲི་ཕྲག་མང་པོས་ངོ་རྒོལ་བྱས་པར་བརྟེན། གློག་བརྙན་འཁྲབ་སྟོན་པ་སོགས་ཁག་ཅིག་ནས་མཚན་སྨོད་ཞུས་པ་ཕྱིར་འཐེན་བྱས་ཏེ་དགོངས་སེལ་ཞུས་ཡོད་ཀྱང་། རྒྱ་གར་ཨེན་ཌི་ཊི་ཝིས་དེ་སྔོན་གྱི་གནས་ཚུལ་མ་མཐོང་བ་བཟོས་པ་ཙམ་ལས་གཞུང་འབྲེལ་གྱི་ཡོངས་ཁྱབ་དགོངས་སེལ་ཞུས་མེད་པར་བརྟེན་མུ་མཐུད་ནས་བོད་མི་དང་ནང་པའི་རྗེས་འཇུག་པ་ཚོས་འབོད་སྐུལ་གྱི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

 གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༦ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༠ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese