མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༧ ཉིན་ནས་བཟུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་དེ་འབྲེལ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཀྱི་འཆར་ཟིན་ཚོགས་ཆུང་གིས་བསྐྱར་བཅོས་ཀྱི་ལས་དོན་དབུ་འཛུགས་གནང་ཡོད་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་། ༢༠༢༣།༠༥།༡༧ ཚོགས་དྲུང་ལས་ཁུངས་ཀྱི་པར།

བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ནང་ཁ་གསལ་མེད་པའི་སྐྱོན་གནད་གང་ཙམ་ཞིག་ཡོང་གི་ཡོད་པ་བསྐྱར་བཅོས་ཆེད། འདི་ལོའི་ཕྱི་ཟླ་ ༣ པ་ནང་འཚོགས་པའི་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་གཙོ་སྤྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་དགོས་ཞེས་མང་མོས་གཏན་འབེབ་བྱུང་བ་བཞིན། ཚོགས་གཙོ་སྦྲེལ་པོས་ཆོལ་ཁ་གསུམ་ནས་སྤྱི་འཐུས་རེ་རེ་དང་། ཆོས་བརྒྱུད་ནས་སྤྱི་འཐུས་གཅིག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་གཅིག་བཅས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཟིན་ཡོད་པ་རེད།

ཁ་སང་ཉིན་རྒྱབ་ཏུ་ཚོགས་ཆུང་གི་ཚོགས་མི་རྣམས་ཚོགས་གཙོ་སྦྲེལ་པོའི་སར་ཆེད་བཅར་གྱིས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཞུས་ཏེ་ལས་དོན་དངོས་སུ་མགོ་འཛུགས་གནང་ཡོད་འདུག་ལ། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དྲ་ལམ་ནས་མཉམ་ཞུགས་གནང་བའི་ཐོག་ནས་གོ་བསྡུར་གནང་བ་བརྒྱུད། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། ཚོགས་དྲུང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་བསྐོ་གཞག་གནང་ཡོད་འདུག

གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ཚོགས་ཆུང་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་གསལ་ཁ་དགོས་ངེས་ཡོད་པར་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲིས་བཟོ་འགོད་གནང་ཕྱོགས་གོ་བསྡུར་གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་པའི་མང་མོས་གྲོས་ཆོད་བཞག་པ་ལྟར། ཁ་སང་ནས་རྩིས་པའི་དུས་ཡུན་ཟླ་བ་ ༩ ཙམ་ནང་བསྐྱར་བཅོས་ཀྱི་འཆར་ཟིན་འགྲུབ་པ་གནང་དགོས་ཀྱི་ཡོད་འདུག་ལ། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་བ་ཐེངས་ ༣༦ པ་དེ་ཆགས་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མ་སོང་།

༢༠༢༣/༠༣/༢༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 2 སྔོན།

    གཞི་རིམ་མི་མང་གི་བསམ་ཚུལ་དང་མངོན་འདོད་གཞི་ལ་བཞག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་མང་གཙོ་ཁྲིམས་ཀྱི་དབང་ཟེར་བའི་ཐ་སྙད་ལ་འགན་འཁུར་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese